མཚེའུ་གཉིས་རྫོང་ཤང་དང་གྲོང་རྡལ་ཁག་གི་གནམ་གཤིས་སྔོན་བརྡ།
གཅིག། གནམ་གཤིས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་ཕྱོགས་བསྡུས་དབྱི་ཞིབ་བྱས་པ་བརྒྱུད།
སྔོན་དཔག་བྱས་ན་༢༠༢༤ལོའི་ཟླ་༡༢པའི་ཚེས་༣༡ཉིན་གྱི་ཆུ་ཚོད་༢༠ནས་༢༠༢༥ལོའི་ཟླ་༡པའི་ཚེས་༡ཉིན་གྱི་ཆུ་ཚོད་༢༠བར་རང་རྫོང་དུ་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་གཙོ་བོ་བསྟན་རྒྱུ།
ཞིབ་ཕྲའི་སྔོན་བརྡ་གཤམ་གསལ།
ས་གནས། | གནམ་གཤིས་མངོན་ཚུལ། | དྲོད་ཚད་(℃) | རླུང་ཤུགས། |
ཡག་ཆུ་ཤང་ | སྤྲིན་པ་མང་པོ་འཁོར་རྒྱུ། | -22~-7 | རིམ་པ་༨ནས་༩བར་ |
སྟོད་མ་ཤང་ | སྤྲིན་པ་མང་པོ་འཁོར་རྒྱུ། | -23~-4 | རིམ་པ་༧ནས་༨བར་ |
བར་གླིང་ཤང་ | སྤྲིན་པ་མང་པོ་འཁོར་རྒྱུ། | -17~-6 | རིམ་པ་༨ནས་༩བར་ |
ཚོ་སྒྲིལ་ལྷོ་མ་གྲོང་རྡལ་ | སྤྲིན་པ་མང་པོ་འཁོར་རྒྱུ། | -19~-4 | རིམ་པ་༨ནས་༩བར་ |
ཞི་བདེ་ཤང་ | སྤྲིན་པ་མང་པོ་འཁོར་རྒྱུ། | -22~-4 | རིམ་པ་༨ནས་༩བར་ |
ཚོ་སྒྲིལ་བྱང་མ་ཤང་ | སྤྲིན་པ་མང་པོ་འཁོར་རྒྱུ། | -22~-6 | རིམ་པ་༨ནས་༩བར་ |
དཀར་མཚོ་ཤང་ | སྤྲིན་པ་མང་པོ་འཁོར་རྒྱུ། | -20~-7 | རིམ་པ་༨ནས་༩བར་ |
གཉིས། ཐོན་སྐྱེད་དང་འཚོ་བའི་དྲན་སྐུལ།
༡.སྔ་དགོང་དྲོད་ཚད་ཧེ་བག་ཆེ་བས་མི་ཕྱུགས་ཀྱི་གྲང་འགོག་དྲོད་སྲུང་བྱ་ཐབས་ཡག་པོ་སྒྲུབ་ནས་དུས་ཚིགས་རང་བཞིན་གྱི་ཆམ་པ་སྔོན་འགོག་བྱེད་དགོས།
༢.རླུང་ཤུགས་ཆེ་ཙམ་ཡོད་པས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་བྱེ་རླུང་ཆེན་པོས་ཤུགས་རྐྱེན་ངན་པོ་བཟོ་རྒྱུར་སྔོན་འགོག་བྱེད་དགོས་པ་དང་ཆབས་ཅིག་རླུང་འགོག་མེ་ཟོན་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་དགོས།