【ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས།】ཆོས་དབྱངས་པ། ཐུབ་བསྟན་ཤེས་རབ།

文摘   文化   2024-07-05 08:30   青海  





 




    


སྐུ་ཉིད་ཕོལ་བ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།



ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་སྐལ་བཟང་ཀུན་དུ་དགེ་བའི་དཔུང་གཉེན་ཞེས་བྱ་བ་བཞུགས་སོ།། 


དྲི་མེད་འོད་གསལ་ཐུགས་ཀྱི་གཞོན་ནུ་ཆོས་ཉིད་དགའ་མའི་པང་དུ་གཟིམས།།

བདེ་ཆེན་ཉམས་བརྒྱའི་ལོངས་སྤྱོད་རྫོགས་པས་ཞེ་བློ་ཚིམས་པའི་སྐྱིད་ཉལ་ལས།།

ཚད་མེད་བྱམས་བརྩེའི་ཕོ་ཉའི་འཕྲིན་བཟང་ཞུ་བ་གླུས་སྐུལ་གདུང་བའི་དབྱངས།།

སྙན་ཁུང་ཟབ་མོའི་བཅུད་དུ་བསྟིམས་པས་ཆོ་འཕྲུལ་གསུམ་གྱི་མཛད་པས་སྐྱོངས།།


ཀ་དག་གདོད་མའི་གཤིས་དང་མཉམ་འཇུག་པའི།།

འཇལ་དཔལ་ཞི་ཁྲོའི་ཡེ་ཤེས་སྒྱུ་མའི་གར།།

རྨད་བྱུང་བཞིན་ལག་བཀོད་པའི་ཟ་མ་ཏོག །

རེ་ཞིག་ཞི་བའི་དབྱིངས་སུ་སླར་ཐིམ་ཀྱང་།།

ལས་ཅན་མོས་པའི་ས་བོན་རབ་དཀར་བས།།

སྐལ་བཟང་ཀུན་དུ་དགེ་བས་རྗེས་སུ་སྐྱོངས།། 


མོས་ལྡན་ཐར་པར་བགྲོད་པའི་ལམ་པོ་ཆེ།།

ཚང་ལ་མ་ནོར་རྒྱལ་ཀུན་དགོངས་པའི་བཅུད།།

དགེ་ལྡན་བཀའ་སྲོལ་འཇམ་མགོན་སྙན་རྒྱུད་མཆོག །

གཏན་བདེའི་སྲོག་དབུགས་གཅིག་པུའི་དཔུང་གཉེན་ཆེ།།

འཕྲིན་ལས་རྣམ་པར་དཀར་བའི་གསང་གསུམ་གྱི།།

སྐལ་བཟང་ཀུན་དུ་དགེ་བས་རྗེས་སུ་སྐྱོངས།།


སྣ་ཚོགས་མོས་པ་རྒྱ་མཚོའི་དབང་སོང་བའི།།

ལྷུན་གྲུབ་གསང་བ་གསུམ་གྱི་མཛད་པ་ཀུན།།

སེམས་ལྡན་སྐྱེ་བོ་ཀུན་གྱི་གྱ་ནོམ་དོན།།

ཕུན་ཚོགས་སྡེ་བཞིའི་འབྱོར་པའི་རྗེས་སོང་ནས།།

ལུགས་གཉིས་ཕན་བདེའི་དཔལ་ཡོན་མི་ཟད་པས།།

སྐལ་བཟང་ཀུན་དུ་དགེ་བས་རྗེས་སུ་སྐྱོངས།།


རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་།།

རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་།།

བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས།།

སྨོན་པའི་དོན་ཀུན་བདེ་བླག་མྱུར་འགྲུབ་ཤོག །


ཇོ་བོ་སྐུ་ཆེན་སྤྲུལ་བའི་སྐུ་འཇམ་དཔལ་ལུང་རིགས་བསོད་ནམས་སེངྒེ་ཚང་གི་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་ཇོ་བོ་དགོན་པ་སྡེ་བ་མང་ཚོགས་དང་བཅས་པས་ནན་ཏན་ཆེན་པོས་བསྐུལ་ངོར་སེར་བྱེས་དགེ་བཤེས་བློ་བཟང་འབྲུག་གྲགས་ཀྱིས་དད་ཞེན་ཡི་རངས་ཀྱིས་ལྕགས་གླང་བོད་ཟླ་དྲུག་པའི་ཚེས་གཉིས་རྗེས་མ་ལ་བྲིས།



དགེ་བཤེས་ཚུལ་ཁྲིམས་མཆོག་གི་འཆད་ཁྲིད་སྣ་ཚོགས། 

༡༽ ཡོངས་འཛིན་བསྡུས་གྲྭ། དགེ་བཤེས་ཚུལ་ཁྲིམས། 『སྒྲ་ཆ་ཚང་།』


༢༽ སེམས་སེམས་བྱུང་གི་སྐོར། དགེ་བཤེས་ཚུལ་ཁྲིམས། 『སྒྲ་ཆ་ཚང་།』


༣༽ ཡོངས་འཛིན་རྟགས་རིགས། དགེ་བཤེས་ཚུལ་ཁྲིམས། 『སྒྲ་ཆ་ཚང་།』


༤༽ རྗེ་བཙུན་གྲུབ་མཐའ། དགེ་བཤེས་ཚུལ་ཁྲིམས། 『སྒྲ་ཆ་ཚང་།』


༥༽ ས་ལམ་དོགས་སློང་། དགེ་བཤེས་ཚུལ་ཁྲིམས། 『སྒྲ་ཆ་ཚང་།』


༦༽ མཆོད་བརྗོད་ནས་རྟགས་གཞན་བཞི་བའི་བར། དགེ་བཤེས་ཚུལ་ཁྲིམས། 『ཆ་ཚང་།』


༧༽ ཐར་ལམ་གསལ་བྱེད་བྱས་མི་རྟག་གི་འབྲེལ་བ། དགེ་བཤེས་ཚུལ་ཁྲིམས། 『སྒྲ་ཆ་ཚང་།』


༨༽  བྱམས་གཞུང་སྐོར་གྱི་དོགས་སློང་། དགེ་བཤེས་ཚུལ་ཁྲིམས། སྟོད་སྨད།


༩༽  ཡུམ་སྲས་སྐོར་གྱི་དོགས་སློང་། དགེ་བཤེས་ཚུལ་ཁྲིམས།


༡༠༽ གཅིག་དུ་བྲལ་སྐོར་གྱི་དོགས་སློང་། དགེ་བཤེས་ཚུལ་ཁྲིམས།


༡༡༽ ལམ་གཙོ་རྣམ་གསུམ། དགེ་བཤེས་ཚུལ་ཁྲིམས། 『སྒྲ་ཆ་ཚང་།』


༡༢༽བྱང་ཆུབ་ལམ་རིམ་ཆེན་མོའི་ཁྲིད་ལུང་།དགེ་བཤེས་ཚུལ་ཁྲིམས།『སྒྲ་ཆ་ཚང་།』


༡༣༽ ཡོངས་འཛིན་བློ་རིག དགེ་བཤེས་ཚུལ་ཁྲིམས།『སྒྲ་ཆ་ཚང་།』


༡༤༽ ལམ་རིམ་བསྡུས་དོན་གྱི་ཁྲིད་ལུང་། དགེ་བཤེས་ཚུལ་ཁྲིམས།『སྒྲ་ཆ་ཚང་།』


༡༥༽ མྱུར་ལམ་དམར་ཁྲིད། དགེ་བཤེས་ཚུལ་ཁྲིམས།『སྒྲ་ཆ་ཚང་།』


༡༦༽ སྤྱོད་འཇུག་བསྔོ་བའི་ལེའུ། ལྷ་རམས་པ་མཁན་ཚུལ་ཁྲིམས།「ཁྲིད་ཆ་ཚང་།」


དགེ་བཤེས་ལྷ་རམས་པ་མཁན་ཚུལ་ཁྲིམས་མཆོག་གིས། 
  སེམས་འདི་འདོད་ཆགས་ཞེ་སྡང་གཏི་མུག་སོགས་ཀྱི་དབང་དུ་ཤོར་མི་རུང་།  གལ་ཏེ་ཤོར་ན་དེ་རྒྱ་ཡན་དུ་མི་གཏོང་བར་འཕྲལ་དུ་བཅོས་དགོས།  སེམས་འདི་ལ་བདག་རྒྱག་ཐུབ་ན་སྐྱེ་བ་ཚེ་རབས་ཐམས་ཅད་དུ་བདེ་མོ་སྐྱིད་པོ་ཡོང་ཐུབ།  དེའང་ཉལ་ཁར་སོགས་ལྷིང་འཇག་གིས་ངང་ནས་བསམ་གཞིགས་བཏངས་ནས་དུས་ཚོད་ཉེར་བཞིའི་རིང་ལ་རང་རྒྱུད་ལ་དགེ་སེམས་ཇི་ཙམ་སྐྱེས་འདུག  དུག་གསུམ་སོགས་ཉོན་མོངས་ཇི་ཙམ་སྐྱེས་འདུག་པ་རེ་རེ་བཞིན་བརྟག་ནས་དེ་ཉིན་རེ་ནས་ཉིན་རེར་ཟླ་རེ་ནས་ཟླ་རེར་ལོ་རེ་ནས་ལོ་རེར་དགེ་བའི་ཕྱོགས་ལ་བསྒྱུར་ཅི་ཐུབ་བྱ་དགོས།  དེའང་གཞན་དང་ཚེ་རབས་ཕྱི་མའི་ཆེད་དུ་བྱ་དགོས་པ་ལས་ནམ་ཡང་ཚེ་འདི་དང་མཚན་སྙན་གྲགས་ཀྱི་ཆེད་དུ་གཏན་ནས་བྱ་མི་རུང་།  



སྐུ་ཉིད་ཕོལ་བ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།



གཞན་དོན་དང་ཆོས་གཙོ་བོར་བསྒྲུབ་ན་རང་དོན་དང་འཇིག་རྟེན་ཞོར་ནས་འགྲུབ་འོང་།  དེའང་སྤྱི་ཚོགས་ཁྲོད་ཀྱི་མི་སྣ་དག་ལ་ལྟོས་དང་ཤེས་རྒྱུ་མང་བོ་ཡོད་པ་རེད།  མི་ཚེ་གང་བོར་རང་དོན་དང་རང་རྐྱང་རྐྱང་བསམ་མཁན་ཚོས་རང་དོན་གཏན་ནས་ཡག་པོ་མི་འགྲུབ་མཁན་དང་།  མི་ཚེ་གང་བོར་བྱམས་པ་དང་བརྩེ་བས་གཞན་དོན་རྐྱང་རྐྱང་སྒྲུབ་མཁན་ཚོས་རང་དོན་ཞོར་ནས་འགྲུབ་ནས་ཡོད་པ་རེད། དེ་བས་ཆོས་དང་གཞན་དོན་བསྒྲུབ་པ་ཤིན་ཏུ་གལ་ཆེ།  





邮箱:1844628479@qq.com


འཕྲིན་སྟེགས་འོས་སྦྱོར།

འོག་གི་阅读原文 】ཞེས་པར་མནན་ཏེ་ངེད་ཀྱི་འཕྲིན་སྟེགས་སུ་སྤེལ་ཟིན་པ་དག་གཟིགས་པར་དགའ་ཞུ།

POLWHA PLATFORM
རྩོམ་རིག འཆད་ཁྲིད། གླུ་གཞས། པར་རིས། གྱེར་འདོན། གློག་བརྙན།
 最新文章