གྱེར་འདོན་གྱི་འགྲན་བསྡུར་ཆེན་མོའི་བྱེད་སྒོ་སྤེལ་བའི་སྤྱི་བསྒྲགས།

教育   2024-09-30 19:26   西藏  



རྒྱལ་སྟོན་དགའ་བས་བསུ།རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བ་དང་བསྐྱར་དར་ཡོང་བར་ང་རང་ཡོད༽ཅེས་པའི་སྐད་གཉིས་གྱེར་འདོན་གྱི་འགྲན་བསྡུར་ཆེ་མོའི་བྱེད་སྒོ་སྤེལ་བའི་སྤྱི་བསྒྲགས།


ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༥འཁོར་བར་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུ་བ་དང་། བྱེད་སྒོའི་ནང་ཞུགས་མཁན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བབླ་ན་མེད་པའི་ཀུན་སྤྱོད་སྐྱེད་སྲིང་བྱེད་པ་བཅས་དང་ཆབས་ཅིགལྟ་ཀློག་གི་ཆུ་ཚད་དང་གྱེར་འདོན་གྱི་རྩལ་ནུས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ།བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིསརྒྱལ་སྟོན་དགའ་བས་བསུ།རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བ་དང་བསྐྱར་དར་ཡོང་བར་ང་རང་ཡོད༽ཅེས་པའི་སྐད་གཉིས་གྱེར་འདོན་གྱི་འགྲན་བསྡུར་ཆེན་མོ་ཞིག་སྤེལ་རྒྱུ་ཡིན།      

གཅིག  བྱེད་སྒོའི་བརྗོད་དོན་གཙོ་བོ། 

རྒྱལ་སྟོན་དགའ་བས་བསུ། རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བ་དང་བསྐྱར་དར་ཡོང་བར་ང་རང་ཡོད།  

  གཉིས། བྱེད་སྒོའི་ཁྱབ་ཁོངས།    



ད་ཐེངས་ཀྱི་སྐད་གཉིས་གྱེར་འདོན་གྱི་འགྲན་བསྡུར་ཆེན་མོ་དེ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་པ་དང་ལོ་ཚད་དང་ལས་རིགས་སོགས་ཀྱི་ཐད་ལ་ཡང་ཚད་བཀགགང་ཡང་མེད།     

གསུམ། བྱེད་སྒོར་ཞུགས་སྟངས་དང་བླང་བྱ།    


.འགྲན་བསྡུར་ནང་ཞུགས་སྟངས། འགྲན་བསྡུར་ནང་ཞུགས་མཁན་གྱིསབོད་རང་སྐྱོང་ལྗོངས་དཔེ་མཛོད་ཁངཞེས་པའི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་ནས་མིང་ཐོ་འགོད་ཆོག་པ་དང་། གྱེར་འདོན་བྱས་པའི་བརྙན་ཐུང་དང་རྩོམ་ཡིག་བསྐུར་ཆོག      

.བསྡུ་རུབ་ཀྱི་བླང་བྱ། རྒྱལ་སྟོན་དགའ་བས་བསུ།རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བ་དང་བསྐྱར་དར་ཡོང་བར་ང་རང་ཡོད༽ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྱེར་འདོན་བརྩམས་ཆོས་དང་གྱེར་འདོན་བྱེད་སྟངས་ཐད་ཚད་བཀག་མེད།    

༣.བརྩམས་ཆོས་ཀྱི་བླང་བྱ། གྱེར་འདོན་བརྩམས་ཆོས་དེ་ཕབ་སྐྲུན་གྱི་དུས་ཡུན་སྐར་མ་༡ནས་༣བར་གྱི་གསར་རྩོམ་བརྙན་ཐུང་དགོས་པ་དང་། འཕྲེད་ཡོལ་བརྙན་ཐུང་གྱི་བསྡུར་ཚད་༡༦:༩ཡོད་དགོས་པ། གྱོན་གོས་འཚམ་པོ་དང་། རྒྱབ་ལྗོངས་གཙང་མ། སྒྲ་གསལ་བ། ཡི་གེ་མེད་པ་བཅས་ཡིན་དགོས།    

.ཞིབ་དཔྱད་བྱ་ཐབས། བརྩམས་ཆོས་ལ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཚོགས་ཆུང་དང་གྲངས་ཉུང་མི་རིགས་སྐད་ཡིག་ཚོགས་ཆུང་༼བོད་སྐད༽རིགས་གཉིས་སུ་དབྱེ་ཡོད། བྱ་དགའ་ཨང་དང་པོ་དང་། ཨང་གཉིས་པ།ཨང་གསུམ་པ། ཕུལ་བྱུང་བྱ་དགའ་བཅས་བཟོས་ཡོད། གཙོ་གཉེར་ཚན་པས་ཐོག་མའི་ཞིབ་དཔྱད་བྱ་རྒྱུ་དང་ཞིབ་དཔྱད་ཨུ་ཡོན་ཚོགས་པ་སྒྲིག་འཛུགས་བྱས་ནས་མཐའ་མའི་ཞིབ་དཔྱད་བྱ་རྒྱུ་ཡིན།ཞིབ་དཔྱད་བྱས་ཟིན་པའི་བརྩམས་ཆོས་ལ་དྲ་བའི་ཐོག་ནས་འདེམས་ཤོག་འཕེན་རྒྱུ་བཟོས་ནས་ཕྱོགས་བསྡུས་དཔྱད་འདེམས་ཨུ་ཡོན་གྱིས་བརྒྱབ་པའི་སྐར་གྲངས་དང་དྲ་བའི་ཐོག་གི་འདེམས་ཤོག་གི་ཁ་གྲངས་ལ་བལྟས་ནས་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་གཏན་འཁེལ་བྱ་རྒྱུ་ཡིན།        

བཞི། བྱེད་སྒོ་སྤེལ་བའི་དུས་ཚོད།    

.མིང་ཐོ་འགོད་པ་དང་བརྩམས་ཆོས་འདོན་སྤྲོད་བྱེད་པའི་དུས་ཚོད།ཟླ་༡༠པའི་ཚེས་ནས་ཟླ་༡༠པའི་ཚེས་༦ཉིན་བར

.བརྩམས་ཆོས་ལ་དཔྱད་ཞིབ་བྱེད་པའི་དུས་ཚོད།ཟླ་༡༠ཚེས་ནས་ཟླ་༡༠ཚེས་༡༤ཉིན་བར།     

.མཇུག་འབྲས་ཁྱབ་བསྒྲགས་དང་བྱ་དགའ་སྤྲོད་པའི་དུས་ཚོད། ཟླ་༡༠ཚེས་༡༩ནས་༢༠ཉིན་བར།    

ལྔ། འབྲེལ་གཏུག་བྱེད་སྟངས།    

ཨན་ཧྥེང་མེ། ༡༣༩༨༩༠༦༨༨༨༡

དྲ་སྦྲེལ་པུའུ། ༠༨༩༡-༦༨༣༢༩༩༣

   རྩོམ་སྒྲིག  བསྟན་འཛིན་ལྷ་མོ། 

   ཞུ་དག    བཀྲ་ཤིས་རྒྱལ་པོ།

   ཞིབ་བཤེར། སྤེན་པ་ཚེ་རིང་། བསོད་ནམས་སྒྲོལ་དཀར།

   མ་ཡིག་མཁོ་འདོན།  དྲ་སྦྲེལ་པུའུ།


西藏自治区图书馆
提供西藏图书馆活动、培训、讲座等信息;随时提供西藏图书馆服务动态。
 最新文章