དིང་རིའི་ས་ཡོམ་སྐོར་གྱི་དཀྲོག་གཏམ་འདི་དག་བརྒྱུད་བསྐུར་མ་བྱེད།

政务   2025-01-14 17:36   西藏  

བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་༦.༨བརྒྱབ་རྗེས། དྲ་དམངས་ཁག་ཅིག་གིས་དྲ་ཐོག་ཏུ་ས་ཡོམ་སྐོར་གྱི་ཆ་འཕྲིན་རྫུན་མ་སྤེལ་ནས། སྤྱི་ཚོགས་སྒྲིག་ལམ་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་པས། ད་ལྟ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆ་འཕྲིན་རྫུན་མ་སྤེལ་མཁན་ལ་ཆད་པ་བཅད་ཡོད། ༼ དེའི་གོང་སྤེལ་བའི་གནས་ཚུལ། 

དིང་རིའི་ས་ཡོམ་དང་འབྲེལ་བ་མེད་པའི་དཀྲོག་གཏམ། ༽


西藏定日县6.8级地震发生后,有个别网民在互联网上散布地震谣言信息,严重影响社会秩序、引发社会恐慌,目前已被公安机关依法予以处罚。(此前报道:利用灾害博流量!“小男孩被埋图”涉案人员已被拘!)↓

(此图为造谣人员被拘稿件截图)


སྤྱི་ཟླ་༡ཚེས་༩ཉིན་གྱི་སྔ་དྲོའི་ཆུ་ཚོད་༦པའི་བར། གཞུང་ཕྱོགས་ནས་ཐེངས་འདིའི་ས་ཡོམ་ཁྲོད་ཁྱོན་སྡོད་ཁང་༣༦༡༢ལོག་ཡོད་པ་དང་། མི་༡༢༦རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད་ལ། ཞིབ་ཕྲའི་གྲངས་གཞི་ཡང་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་སྐད་འཕྲིན་སྤྱི་སྟེགས་སོགས་སུ་སྤེལ་ཡོད་པས། དེ་ནི་ད་ལྟའི་བར་ཡིད་ཆེས་བྱས་ཆོག་པའི་ཆ་འཕྲིན་གཅིག་པུ་དེ་ཡིན།


截至1月9日上午6时,官方正式公布此次地震已造成房屋倒塌3612户,遇难126人。该数据已在“西藏日报”微信公众号等权威渠道发布,是目前唯一可信的遇难人数信息。 


(此图为新闻发布会公布的官方数据)

འོན་ཀྱང་། ཉེ་དུས་དྲ་ཐོག་ཏུ་སླར་ཡང་མི་ཁག་ཅིག་གིས་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་༢༦༥ཟིན་པའི་ཆ་འཕྲིན་རྫུན་མ་སྤེལ་བཞིན་འདུག་པས། དེ་ནི་དོན་དངོས་དང་མི་མཐུན་ཞིང་། ཁུངས་གང་ཡང་མེད་པའི་དཀྲོག་གཏམ་ཞིག་རེད་འདུག


然而,近日网络上却出现了一些别有用心之人,故意编造并传播虚假信息,声称地震遇难人数为265人,这与实际情况严重不符,属于毫无根据的谣言。


(此图为网络上个别账号发布的遇难人数谣言信息)

ས་ཡོམ་བརྒྱབ་རྗེས། ང་ཚོས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གདུང་སེམས་མཉམ་སྐྱེས་དང་། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ལ་སེམས་གཏིང་ནས་གུས་འདུད་ཞུ་བཞིན་ཡོད། འོན་ཀྱང་མི་ཁག་ཅིག་གིས་རང་གི་ཁེ་ཕན་ཆེད་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་རྫུན་བཟོ་བྱས་ཏེ། དྲ་ཐོག་ཏུ་གང་འདོད་ལྟར་སྤེལ་ནས། སྤྱི་ཚོགས་སྒྲིག་ལམ་ལ་གཏོར་སྐྱོན་ཚབས་ཆེན་བཏང་བར་མ་ཟད། འདས་པོ་དང་ནང་མིར་ཕོག་ཐུགས་ཀྱང་ཆེན་པོ་བཏང་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་ལྔ་པའི་ནང་། དཀྲོག་གཏམ་སྤེལ་རིགས་དང་། གནོད་འཚེ་དང་ནད་ཡམས་སོགས་ཀྱི་ཆ་འཕྲིན་རྫུན་མ་སྤེལ་རིགས། དེ་བཞིན་རྐང་བཙུགས་ནས་སྤྱི་པའི་སྒྲིག་ལམ་གཏོར་སྐྱོན་གཏོང་མཁན་རིགས་ལ་ཉིན་ལྔ་ཡན་དང་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་མ་ཟད། སྒོར་༥༠༠མན་གྱི་དངུལ་ཆད་གཏང་རྒྱུ་དང་། གནས་ཚུལ་ཚབས་ཆུང་བར་ཉིན་ལྔ་མན་གྱི་བཀག་ཉར་རམ་སྒོར་༥༠༠མན་གྱི་དངུལ་ཆད་གཏང་རྒྱུ། རྐང་བཙུགས་ནས་ཆ་འཕྲིན་རྫུན་མ་བཟོ་བ་དང་སྤེལ་ནས། མཇུག་འབྲས་ཚབས་ཆེན་བཟོས་ཤིང་། ཉེས་བསགས་གྲུབ་རིགས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་དོན་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏང་རྒྱུའི་གཏན་འབེབས་བྱས་ཡོད་པས། དྲ་དམངས་ཚོས་ར་སྤྲོད་བྱས་མེད་པའི་ཆ་འཕྲིན་ལ་ཡིད་ཆེས་དང་བརྒྱུད་སྤེལ་མི་བྱེད་པ་དང་། ཀྲུང་དབྱང་གསར་འགྱུར་དང་། ཤིན་ཧྭ་གསར་འགྱུར་ཁང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་སོགས་གཞུང་ཕྱོགས་གསར་འགྱུར་ཚན་པ་བརྒྱུད། ས་ཡོམ་སྐོར་གྱི་ཆ་འཕྲིན་ལ་དོ་སྣང་གནང་རྒྱུ་འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོས་མཉམ་དུ་དྲ་རྒྱའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་གནོད་འཚེ་ཕོག་པའི་ས་ཁུལ་གྱི་མང་ཚོགས་དཀའ་ངལ་ལས་བསྒྲལ་རྒྱུར་རོགས་རམ་བྱས་ཏེ། ཡོམ་འགོག་གེགས་སེལ་ལས་དོན་བདེ་བླག་ངང་སྤེལ་བར་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱ་དགོས། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག ཡོམ་ཁུལ་གྱི་ལས་བྱེད་མང་ཚོགས་ཚོ་གང་མགྱོགས་གེགས་བར་ལས་རྣམ་པར་རྒྱལ་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།    


地震发生后,我们痛心于受灾群众所经历的苦难,也对各方救援力量的不懈努力心怀敬意。然而那些造谣者为了博眼球、蹭流量,不惜编造虚假的遇难人数,在网络上肆意传播,这种行为不仅是对遇难者及其家属的不尊重和伤害,更是对社会秩序的严重扰乱,引发公众的恐慌和焦虑。根据《中华人民共和国治安管理处罚法》第二十五条规定,散布谣言,谎报险情、疫情、警情或者以其他方法故意扰乱公共秩序的,处五日以上十日以下拘留,可以并处五百元以下罚款;情节较轻的,处五日以下拘留或者五百元以下罚款。对于故意编造、传播此类虚假信息,造成严重后果,构成犯罪的,将依据《中华人民共和国刑法》相关规定追究刑事责任。同时,我们也呼吁广大网民保持理性和冷静,不要轻信和传播未经证实的信息。在获取地震灾情信息时,请以官方发布的消息为准,如央视新闻、新华社、西藏日报等权威媒体和机构发布的内容。让我们共同维护一个真实、客观、有序的网络环境和社会秩序,齐心协力帮助灾区人民渡过难关,积极支持和配合抗震救灾工作顺利进行。相信在全社会的共同努力下,地震灾区广大干部群众一定能够早日战胜地震灾害,重建美好家园。

主编:李萍

编审:雷海坤

编辑:普尺

来源:阳光西藏


投稿邮箱:

xtmwxb@126.com

这里有谢通门县最权威的新闻

谢通门县发布
政务信息公开、舆论引导
 最新文章