=== 爱 出 者 爱 返 • 分 享 者 福 來 ===
五路财神 · 祈愿招财经 || 甲雍喇嘛 · 唱诵
【 五 路 财 神 祈 愿 招 财 经 】
ཧཱུཾ
吽
དབུས་ཕྱོགས་ཆོས་དབྱིངས་བདེ་ཆེན་ཡངས་པའི་ཀློང་།།རྣམ་པར་སྣང་མཛད་མགོན་པོ་ཛཾ་བྷ་ལ།།དབུས་ཕྱོགས་ཞིང་གི་ཕྱྭ་དང་གཡང་ཁུག་ལ།།ལོངས་སྤྱོད་དགའ་སྐྱིད་འཛོམ་པ་འདིར་སྩོལ་ཅིག།
ཤར་ཕྱོགས་དཀར་གསལ་པད་མའི་ཁྲི་སྟེང་དུ།།མི་བསྐྱོད་རྡོ་རྗེ་ནོར་བདག་ཛཾ་ལྷ་དཀར།།ཤར་ཕྱོགས་ཞིང་གི་ཕྱྭ་དང་གཡང་ཁུག་ལ།།ནད་གདོན་སྡིག་སྒྲིབ་ཞི་བའི་གཡང་འགུགས་སོ།།
ལྷོ་ཕྱོགས་སེར་གསལཔདྨའི་ཁྲི་སྟེང་དུ།།རིན་ཆེན་འབྱུང་གནས་ནོར་བདག་ཛཾ་ལྷ་སེར།།ལྷོ་ཕྱོགས་ཞིང་གི་ཕྱྭ་དང་གཡང་ཁུག་ལ།།ཚེ་དང་བསོད་ནམས་རྒྱས་པའི་གཡང་འགུགས་སོ།།
ནུབ་ཕྱོགས་དམར་གསལ་པདྨའི་ཁྲི་སྟེང་དུ།།སྣང་བ་མཐའ་ཡས་ནོར་བདག་ཛཾ་ལྷ་དམར།།ནུབ་ཕྱོགས་ཞིང་གི་ཕྱྭ་དང་གཡང་བསྡུས་ལ།།ཁམས་གསུམ་དབང་དུ་བྱེད་པའི་གཡང་འགུགས་སོ།།
བྱང་ཕྱོགས་ལྗང་གསལ་པདྨའི་ཁྲི་སྟེང་དུ།།དོན་ཡོད་གྲུབ་པ་ནོར་བདག་ཛཾ་ལྷ་ནག།བྱང་ཕྱོགས་ཞིང་གི་ཕྱྭ་དང་གཡང་ཁུག་ལ།།ཕྲིན་ལས་གློག་ལྟར་མྱུར་བའི་གཡང་འགུགས་སོ།།
དེང་འདིར་བདག་ཅག་ཡོན་མཆོད་འཁོར་བཅས་ལ།།མི་ནོར་ཟས་གསུམ་འཛོམ་པའི་གཡང་ཁུག་ཅིག།ལོངས་སྤྱོད་སྙན་དང་གྲགས་པའི་གཡང་ཁུག་ཅིག།བུ་ནོར་རིགས་རྒྱུད་འཕེལ་བའི་གཡང་ཁུག་ཅིག།ཆོས་སྲིད་བསྟན་པ་རྒྱས་པའི་གཡང་ཁུག་ཅིག།རྩ་རླུང་ཉམས་རྟོགས་འཕེལ་བའི་གཡང་ཁུག་ཅིག།ཚེ་རིང་ནད་མེད་བདེ་བའི་གཡང་ཁུག་ཅིག།རྟ་ནོར་ཕྱུག་གསུམ་འཕེལ་བའི་གཡང་ཁུག་ཅིག།ཅི་བསམ་འདོད་དོན་འགྲུབ་པའི་གཡང་ཁུག་ཅིག།ཕྱྭ་གཡང་ཆར་འཚུབ་བཞིན་དུ་འུ་རུ་རུ།།དངོས་གྲུབ་སྦྲང་ཆར་བཞིན་དུ་ཤ་ར་ར།།གནས་འདིར་མཚོ་མོ་བཞིན་དུ་མེ་རེ་རེ།།ལོངས་སྤྱོད་དགའ་སྐྱིད་འཛོམ་པ་འདིར་སྩོལ་ཅིག།
ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་།།
诺基网休仁钦代啊项 财富自在奇珍宝藏主
གནོད་སྦྱིིན་ནོར་འཆང་མང་པོ་ཀུན་གྱི་རྗེ།།
诺兴挪君茫布更基界 一切持财药叉之主尊
བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམ་བྷ་ལ།།
项巧君威贡保瞻巴拉 北方守护怙主臧巴拉
དངོས་གྲུབ་མཆོག་སྩོལ་མཛད་ཀྱིས་བཀྲ་ཤིས་ཤོག།
努珠巧佐哉拉夏擦罗 賜以殊胜悉地礼贊頌
སེར་སྣའི་ལས་ཀྱི་མེ་ཡིས་གདུངས་པ་རྣམས།།
色內 列给 米以 董巴囊 吝啬业火折磨众
སྐྱེ་དང་སྐྱེ་བར་ཁྱེད་ལ་སྐྱབས་སུ་མཆི།།
给唐 给柔 剋拉 玖素齐 生生世世皈依您
རིན་ཆེན་བདུད་རྩིའི་གཏེར་གྱི་ཆར་རྒྱུན་གྱིས།།
仁钦 堆孜 叠剋 洽均剋 以大宝藏甘露雨
སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད།།
森坚 维为 渡诶 西哇最 祈熄众生贫困苦
བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་།།
虽囊日喔形突颠巴唐 福德稳固如山王
བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་།།
局怎尼达形突塞哇唐 承嗣显耀如日月
སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ།།
念呗囊卡形突邱巴滴 善名周遍似虚空
བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།
扎西挺蒋挺替叠列修 此地吉祥愿如意