ཆབ་མདོ་གྲོང་རྡལ་དུ་གླ་འཁོར་གྱི་ཁ་ལོ་བ་བསྡུ་བཞིན་འདུག

文摘   2024-12-19 11:39   西藏  

     


ཁྲིམས་ལྟར་རྒྱལ་སྲུང་སློབ་གསོ་དང་ལེན་བྱ་རྒྱུ་ནི་སྤྱི་དམངས་ཡོངས་ཀྱི་དབང་ཆ་དང་འོས་འགན་ཞིག་ཡིན།

ཆབ་མདོ་གྲོང་ཁྱེར་བོད་ཐུང་སྤྱི་པའི་འགྲིམ་འགྲུལ་ཚད་ཡོད་ཀུང་སིས་སྐོར་སྐྱོད་གླ་འཁོར་གྱི་ཁ་ལོ་བ་བསྡུ་རུབ་བྱེད་པའི་འགན་ལེན་འཁོར་གཉེར་གྱི་སྤྱི་བསྒྲགས།

ཆབ་མདོ་གྲོང་ཁྱེར་སྐོར་སྐྱོད་གླ་འཁོར་གཉེར་སྐྱོང་ཇུས་གཞི་གཞིར་བཟུང་། ཆབ་མདོ་གྲོང་ཁྱེར་བོད་ཐུང་སྤྱི་པའི་འགྲིམ་འགྲུལ་ཚད་ཡོད་ཀུང་སིས་གཤམ་ལ་“ངེད་ཀུང་སི་”ཞེས་བསྡུས་ཡོད་སྐོར་སྐྱོད་གླ་འཁོར་གྱི་གཉེར་སྐྱོང་བྱ་རྒྱུ་འགན་འཁུར་རྒྱུ་དང་། ད་ཆ་ཆ་རྐྱེན་འཛོམས་པའི་ཁ་ལོ་བའི་མིང་ཐོ་འགོད་པའི་བྱ་བ་གཤམ་གསལ་ལྟར།

གཅིག འཁོར་གཉེར་བྱེད་སྟངས་ཀྱི་སྐོར།

  1.ད་ཐེངས་སྐོར་སྐྱོད་གླ་འཁོར་ལགཞུང་འཁོར་གཞུང་གཉེར། འགན་ལེན་འཁོར་གཉེར་གྱི་རྣམ་པ་སྤྱད་དེ། ཁ་ལོ་བ་རྒན་པས་ངེད་ཀུང་སི་དང་འགན་གཙང་ལེན་པའི་གན་རྒྱ་འཇོག་དགོས།

2.ཁ་ལོ་བ་རྒན་པས་ཁ་ལོ་བ་གཞོན་པ་ཞིག་འོས་སྦྱོར་བྱེད་པའི་ཐོབ་ཐང་ཡོད་ལ།  ཁ་ལོ་བ་གཞོན་པའི་ཐོབ་ཐང་དེ་ངེས་པར་དུ་ངེད་ཀུང་སིས་ཞིབ་བཤེར་ཐོ་འགོད་བྱེད་དགོས།

3. ཁ་ལོ་བ་རྒན་པས་ངེད་ཀུང་སི་དང་འགན་གཙང་ལེན་པའི་གན་རྒྱ་ཡི་གེ་འཇོག་སྐབས། བདེ་འཇགས་གཉེར་སྐྱོང་ཉེན་ཟོན་གྱི་ཁག་ཐེག་མ་དངུལ་སྒོར་ཁྲི་5ཐེངས་གཅིག་གིས་སྤྲོད་ཚར་དགོས།

4.ཐེངས་འདིའི་སྐོར་སྐྱོད་གླ་འཁོར་ཁྱོན་བསྡོམས་140སྤྲོད་རྒྱུ་ཡིན་ལ། དེའི་ནང་ཏུང་ཧྥུང་408རྟགས་ཅན་ (སྣུམ་བླུགས་རླངས་འཁོར50ཡོད) དེའི་གླ་དངུལ་ནི་ཉིན་རེར་རླངས་འཁོར་རེར་སྒོར་220ཡིན་པ་དང་། ཧུང་ཆིད་ EQM རྟགས་ཅན་(གློག་སྒུལ་རླངས་འཁོར་40ཡོད)དེའི་གླ་དངུལ་ནི་ཉིན་རེར་རླངས་འཁོར་རེར་སྒོར270ཡིན།  ཁྲང་ཨན་ཆི་ཡོན A05 རྟགས་ཅན (གློག་སྣུམ་མཉམ་འགུལ་གྱི་རླངས་འཁོར50 ཡོད་)དེའི་གླ་དངུལ་ནི་ཉིན་རེར་རླངས་འཁོར་རེར་སྒོར260ཡིན། ད་ཐེངས་སྤྱི་ཚོགས་ཡོངས་ལ་རླངས་འཁོར118སྤྲད་པའི་འཆར་གཞི་ཡོད།  གླ་འཁོར་ལྷག་མ་རྣམས་གནས་ཚུལ་ལ་གཞིགས་ནས་སྤྲད་རྒྱུ་ཡིན།

གཉིས། ལས་གནས་བླང་བྱའི་སྐོར།

1.ཉེས་གསོག་ཟིན་ཐོ་མེད་པ་དང་། ཉེ་བའི་ལོ་གསུམ་ནང་འགན་འཁྲིའི་འགྲིམ་འགྲུལ་བྱུར་ཉེས་ཚབས་ཆེན་བྱུང་མེད་པ།  རྩ་དོན་ཐོག་ཆབ་མདོ་གྲོང་ཁྱེར་གྱི་ཐེམ་ཐོ་ཡིན་ན་སྔོན་དུ་བསམ་བློ་གཏོང་རྒྱུ།

2. ལུས་པོའི་ཡན་ལག་ལ་དབང་རྩའི་མ་ལག་དང་མཐོང་ཚོར་མ་ལག རྣ་ཤེས་མ་ལག་སོགས་ཀྱི་ཤུགས་རྐྱེན་ཐེབས་མེད་པར།  བདེ་འཇགས་ངང་ཁ་ལོ་སྒྱུར་བར་འགོག་རྐྱེན་བཟོ་བའི་ནད་གཞི་མེད་པ་མ་ཟད། འབྲེལ་ཡོད་གཞུང་ལམ་འགྲུལ་སྐྱེལ་ཁྲིམས་སྲོལ་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་གཏོང་ཤེས་བྱ། དེ་བཞིན་འཕྲལ་སྡོམ་ཐག་གཅོད་ཀྱི་གཞི་རྩའི་ཤེས་བྱ་བཅས་ཁོང་དུ་ཆུད་པ་ཞིག་ཡིན་དགོས།

3.ཁ་ལོ་བའི་ལག་ཁྱེར་C1དང་དེ་ཡན་གྱི་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར།  དེ་བཞིན་སྐོར་སྐྱོད་གླ་འཁོར་གྱི་ལས་ཞུགས་ཐོབ་ཐང་དཔང་ཡིག་ལོ་གསུམ་ཡན་གྱི་ཁ་ལོ་བའི་ཉམས་མྱོང་ཡོད་པ་མ་ཟད། སྐོར་སྐྱོདགླ་འཁོར་གྱི་ཁ་ལོ་བའི་ཐོབ་ཐང་ཐོག་ས་འགན་གཙང་ལེན་པའི་རེ་འདོད་ཡོད་པ

4.སྐོར་སྐྱོད་གླ་འཁོར་གྱི་དུས་བཀག་རིན་རྩིས་ཀྱི་འཁོར་སྐྱོད་ཚོང་གཉེར་ལ་བརྩི་སྲུང་བྱེད་པ་དང་། ཁྲིམས་ལུགས་ཀྱི་འདུ་ཤེས་དང་བདེ་འཇགས་ཀྱི་འགན་འཁྲིའི་འདུ་ཤེས་ཅུང་ཆེན་པོ་ལྡན་དགོས་ལ། ལོ་གྲངས་ནི་ཉེར་གཅིག་ནས་ལྔ་བཅུའི་བར་ཡིན་པ། རྩ་དོན་ཐོག་སློབ་ཆུང་དང་དེ་ཡན་གྱི་རིག་གནས་ཆུ་ཚད་ལྡན་དགོས་པ་མ་ཟད། སྤྱི་སྤྱོད་སྐད་ཡིག་གིས་ལམ་ནས་ཁ་བརྡ་བྱེད་པའི་རྨང་གཞི་ནུས་པ་དང་རླངས་འཁོར་རིག་ནུས་ཅན་གྱི་རྨང་གཞིའི་བཀོལ་སྤྱོད་ནུས་པ་ལྡན་དགོས།

5.ཞབས་ཞུའི་འདུ་ཤེས་ཅུང་ཆེན་པོ་ལྡན་དགོས་ལ། ལུགས་མཐུན་ངང་འཁོར་སྐྱོད་ཚོང་གཉེར་བྱེད་ཐུབ་དགོས་པ་མ་ཟད། ཚུལ་ལྡན་གྱིས་ཞབས་ཞུ་དང་རླངས་འཁོར་ལ་གཅེས་སྤྲས་བྱེད་ཐུབ་པ་ཞིག་ཡིན་དགོས།

6.གྲོང་ཁུལ་གྱི་སྤྱི་པའི་འགྲིམ་འགྲུལ་མ་ལག་སྒྱུར་བཅོས་དང་རེས་སྐོར་འདིའི་སྐོར་སྐྱོད་གླ་འཁོར་སྒྱུར་བཅོས་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ། ངེད་ཀུང་སིའི་དོ་དམ་གཏན་འབེབས་ལ་བརྩི་སྲུང་ནན་པོ་བྱེད་པ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས། ཆབ་མདོ་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་དོ་དམ་གཏན་འབེབས་གཞིར་བཟུང་ནས་ཞབས་ཞུའི་ལས་དོན་སྤེལ་དགོས།

གསུམ། མིང་འགོད་ཡིག་ཆའི་སྐོར།

1.རང་ཉིད་ཀྱི་ཁ་ལོ་བའི་ལག་ཁྱེར་དང་ཐོབ་ཐང་ལག་ཁྱེར། སྐོར་སྐྱོད་གླ་འཁོར་གྱི་ལས་གཉེར་ཐོབ་ཐང་ལག་ཁྱེར། སློབ་གཉེར་བརྒྱུད་རིམ་ལག་ཁྱེར། གནས་སྡོད་ལག་ཁྱེར་སོགས་ཀྱི་མ་ཡིག་དང་བསྐྱར་པར།

2.ཚུན1ཅན་གྱི་འདྲ་པར་གཉིས་དགོས་ལ། པར་མདོག་ནི་གཅིག་གྱུར་གྱི་ཐོབ་ཐང་དཔང་ཡིག་གི་མཚོན་མདོག་སྔོན་པོ་ཡིན་དགོས།

3.2024ལོའི་ཟླ11པའི་ཚུན་ཆད་ཀྱི་རྫོང་རིམ་པ་ཡན་གྱི་ཀ་རིམ་པ་གསུམ་པའི་སྨན་ཁང་གི་གཟུགས་བཤེར་སྙན་ཞུ་ཡོད་དགོས།

4.ཐེམ་ཐོ་ཡོད་སའི་སྤྱི་བདེ་ཅུད་ཀྱིས་བཏོན་པའི་བྱས་ཉེས་བསགས་མེད་པའི་དཔང་ཡིག་ཡོད་དགོས།

5.འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་བཏོན་པའི་ཉེ་བའི་ལོ་གསུམ་རིང་ལ་འགན་ཤོར་དོན་རྐྱེན་ཚབས་ཆེན་བྱུང་མེད་པའི་དཔང་ཡིག་ཡོད་དགོས།

བཞི། དུས་ཚོད་དང་ས་གནས་ཀྱི་སྐོར།

(གཅིག)  མིང་ཐོ་འགོད་པའི་དུས་ཚོད་དང་ས་གནས།

མིང་ཐོ་འགོད་པའི་དུས་ཚོད་ནི2024ལོའི་ཟླ12པའི་ཚེས19ཉིན་ནས2024ལོའི་ཟླ་12པའི་ཚེས21ཉིན་བར་ཡིན་ལ་ཁྱོན་བསྡོམས་ཉིན3ཡོད།  སྔ་དྲོའི་ཆུ་ཚོད་8:30ནས་12:00བར། ཕྱི་དྲོའི་ཆུ་ཚོད3:00ནས6:30བར་ཡིན།

མིང་ཐོ་འགོད་ས་ནི་ཆབ་མདོ་གྲོང་ཁྱེར་བོད་ཐུང་སྤྱི་པའི་འགྲིམ་འགྲུལ་ཚད་ཡོད་ཀུང་སིའི་མི་དོན་ཁོའོ(ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་གཡེར་སྟོད་གྲོང་ཚོའི་སྤྱི་སྤྱོད་རླངས་འཁོར་སྤྱི་ཚིགས་ཀྱི་ཐོག་བརྩེགས་གསུམ་པའི་མི་དོན་ཁོའོ)ཡིན།

གཉིསཐོབ་ཐང་ཞིབ་བཤེར་བྱེད་པའི་དུས་ཚོད་ཀྱི་སྐོར།

ཞིབ་བཤེར་བྱེད་པའི་དུས་ཚོདནི་2024ལོའི་ཟླ12པའི་ཚེས21ཉིན་ནས་2024ལོའི་ཟླ་12པའི་ཚེས་23ཉིན་བར་ཡིན།

བརྡ་ཐོ་གཏོང་སྟངས་ནིཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད་ཚད་གཞི་ལོན་མཁན་རྣམས་ལ་ 2024ལོའི་ཟླ12པའི་ཚེས24ཉིན་དུ་ངེད་ཀུང་སིས་འཕྲིན་ཐུང་ངམ་ཡང་ན་ཁ་པར་ཐོག་ནས་བརྡ་ཐོ་གཏོང་རྒྱུ་ཡིན་པས།  དུས་ཐོག་ཏུ་དོ་ཁུར་བྱེད་པ་དང་འཕྲིན་ཐུང་ཤར་གཏོང་ཐུབ་པ་བྱ་དགོས། གལ་ཏེ་ཐོག་མའི་ཞིབ་བཤེར་ཚད་ལོན་མཁན་གྱི་གྲངས་འབོར་དེ་འགན་གཙང་སྤྲོད་མཁན་རླངས་འཁོར་གྱི་གྲངས་འབོར་ལས་མང་བ་ཡོད་ཚེ། ངེད་ཀུང་སིས་རྒྱན་འཕེན་པའི་བྱ་ཐབས་སྤྱད་དེ་འགན་གཙང་ལེན་མཁན་གཏན་འཁེལ་བྱ་རྒྱུ་ཡིན།

གསུམ ཡོངས་བསྒྲགས་བྱེད་པའི་དུས་ཚོད་ཀྱི་སྐོར།

ཡོངས་བསྒྲགས་བྱེད་པའི་དུས་ཚོད་ནི་2024ལོའི་ཟླ12པའི་ཚེས24ཉིན་ནས2024ལོའི་ཟླ12པའི་ཚེས25ཉིན་བར་ཡིན།

བཞིརྒྱན་འཕེན་པའི་སྐོར།

རྒྱན་འཕེན་པའི་དུས་ཚོད་ནི་2024ལོའི་ཟླ12ཚེས26ཉིན་ཡིན།

རྒྱན་འཕེན་སྟངས་ནི་རྒྱན་འཕེན་“དྲང་གཞག་དང་གཞུང་དྲག ཡོངས་བསྒྲགས” ཡོང་བ་འགན་ལེན་བྱ་ཆེད། གལ་ཏེ་ཐོག་མའི་ཞིབ་བཤེར་ཚད་ལོན་མཁན་གྱི་གྲངས་འབོར་དེ་འགན་གཙང་སྤྲོད་མཁན་གྱི་རླངས་འཁོར་གྱི་གྲངས་འབོར་ལས་མང་ན། རྒྱན་འཕེན་སྟོང་པ་སྒྲིག་འགོད་བྱས་ནས། རྒྱན་འཕེན་རེས་སྐོར་གཉིས་པའི་བྱ་ཐབས་སྤྱོད་རྒྱུ་ཡིན་ཏེ།རེས་སྐོར་དང་པོར་འགན་གཙང་ལེན་པའི་ཐོབ་ཐང་རྒྱན་འཕེན་པ་དང་། རེས་སྐོར་གཉིས་པར་འགན་གཙང་ལེན་པའི་རླངས་འཁོར་རྒྱན་འཕེན་རྒྱུ་ཡིན།

ལྔསྦྱོང་བརྡར་བྱེད་པའི་དུས་ཚོད་དང་ས་གནས་ཀྱི་སྐོར།

སྦྱོང་བརྡར་གྱི་དུས་ཚོད་ནི2024ལོའི་ཟླ12པའི་ཚེས27ཉིན་ནས2024ལོའི་ཟླ12པའི་ཚེས་29ཉིན་བར་ཡིན།

སྦྱོང་བརྡར་བྱེད་ས་ནིཆབ་མདོ་གྲོང་ཁྱེར་བོད་ཐུང་སྤྱི་སྤྱོད་འགྲིམ་འགྲུལ་ཚད་ཡོད་ཀུང་སིའི་ཚོགས་ཁང་ཆེན་མོ (ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་གཡེར་སྟོད་གྲོང་ཚོའི་སྤྱི་སྤྱོད་རླངས་འཁོར་སྤྱི་ཚུགས་ཀྱི་ཐོག་བརྩེགས་གསུམ་པ)ཡིན།

དྲུགགན་རྒྱ་བཞག་ནས་འཁོར་གཉེར་བྱེད་པའི་དུས་ཚོད་ཀྱི་སྐོར།

དུས་ཚོད། 2024ལོའི་ཟླ12པའི་ཚེས30ཉིན།

ས་གནས། ཆབ་མདོ་གྲོང་ཁྱེར་བོད་ཐུང་སྤྱི་སྤྱོད་འགྲིམ་འགྲུལ་ཚད་ཡོད་ཀུང་སིའི་ཚོགས་ཁང་ཆེན་མོ(ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་གཡེར་སྟོད་གྲོང་ཚོའི་སྤྱི་སྤྱོད་རླངས་འཁོར་སྤྱི་ཚིགས་ཀྱི་ཐོག་བརྩེགས་གསུམ་པ)ཡིན།

བདུནབློ་འདྲིའི་ཁ་པར།   0895-4661234

བརྒྱདལྟ་སྐུལ་ཁ་པར།     0895-4865678

ལྔ་པ། ཤ་ཚའི་དྲན་སྐུལ།

1.འདོད་བློ་ཡོད་མཁན་གྱིས་འདོན་སྤྲོད་བྱས་པའི་དཔྱད་གཞིའི་ཡིག་རིགས་དོན་དངོས་ཡིན་མིན་ལ་འགན་འཁུར་དགོས། གལ་ཏེ་རྫུན་མ་ཡོད་ན་དེའི་ཞུགས་འཐུས་ཐོབ་ཐང་མེད་པར་བཟོ་རྒྱུ་ཡིན།

2.རེས་སྐོར་འདིའི་སྐོར་སྐྱོད་གླ་འཁོར་སྤྲད་རྗེས། དོ་དམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་འགན་གཙང་ལེན་པའི་་གན་རྒྱའི་ནང་“འགན་ལེན་འཁོར་གཉེར་དང་། རང་དགར་ངང་གཞན་ཚོང་བྱེད་པར་བཀག་འགོག  ཡ་རབས་ངང་རླངས་འཁོར་གཏོང་བ་དང་དུས་བཀག་རིན་རྩིས་”སོགས་ཀྱི་བླང་བྱ་སྔར་བས་ཁ་གསལ་བཟོ་རྒྱུ་ཡིན་པས། འདོད་བློ་ཡོད་མཁན་རྣམས་ཀྱིས་བསམ་གཞིགས་ནན་ཏན་བྱེད་རོགས།

3.ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་གླ་འཁོར་གྱི་དབོར་འདྲེན་རིན་གོང་གི་ཚད་གཞི་དེ་2020ལོའི་ཟླ་2པའི་ཚེས3ཉིན་དུ་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་གླ་འཁོར་གྱི་དབོར་འདྲེན་རིན་གོང་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བརྡ་ཐོཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས་ལག་བསྟར་བྱ་དགོས།

4.ངེད་ཀུང་སིས་ད་ཐེངས་མིང་ཐོ་འགོད་པར་འགྲོ་གྲོན་གང་ཡང་བསྡུ་རྒྱུ་མིན། རྣམ་པ་ཚོས་མགོ་སྐོར་འོག་ཏུ་ཚུད་པར་དོགས་ཟོན་བྱས་ཏེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་དགོས། 

   ཆབ་མདོ་གྲོང་ཁྱེར་བོད་ཐུང་སྤྱི་པའི་འགྲིམ་འགྲུལ་ཚད་ཡོད་ཀུང་སི།

   2024ལོའི་ཟླ12པའི་ཚེས18ཉིན།

རྩོམ་སྒྲིག་པ། བློ་བཟང་ལྷ་མོ།

སྙན་སྒྲོན། ཚེ་རིང་སྒྲོལ་མ།

   ལྟ་ཞིབ། བློ་བཟང་ཕུན་ཚོགས།

   སྤྱི་ཁྱབ་ལྟ་སྐུལ་བ། ཁྱི་ལོད་གྲགས་པ།

ཆབ་མདོའི་བོད་སྐད་འཕྲིན་ལམ།

གཡས་ཀྱི་རྩ་གཉིས་རྟགས་རིས་བཤེར་ནས་

ང་ཚོར་དོ་ཁུར་བྱ་ཆོག




昌都藏语频道
权威发布昌都藏语新闻 向农牧区宣传党的政策 传播康巴文化
 最新文章