酒驾醉驾是一种严重的交通违法行为,不仅会危及自身安全,还会威胁到其他道路交通参与者的生命财产安全。若尔盖公安交警在重点时段、路段持续保持严管高压态势,严查酒驾、醉驾等违法犯罪行为,全力消除酒驾醉驾引发的各类交通安全隐患,营造安全有序的道路交通环境。
ཆང་བཏུངས་འཁོར་གཏོང་དང་བཟི་ནས་འཁོར་གཏོང་ནི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་པ་དེས་རང་ངོས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བ་མ་ཟད། ད་དུང་འགྲོ་ལམ་ཐོག་གི་འགྲིམ་འགྲུལ་ནང་ཞུགས་མཁན་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལའང་ཉེན་ཁ་བཟོ་བཞིན་ཡོད་པ་རེད། མཛོད་དགེ་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པས་དུས་མཚམས་དང་ལམ་དུམ་གལ་ཆེན་གནས་ལ་མུ་མཐུད་དོ་དམ་ནན་པོ་བྱས་ཏེ། ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ་དང་བཟི་ནས་རླངས་འཁོར་གཏོང་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་དང་། ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ་དང་བཟི་ནས་རླངས་འཁོར་གཏོང་བ་ལས་ཐོན་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ནུས་ཤུགས་ཡོད་རྒུས་མེད་པ་བཟོས་པ་བརྒྱུད་བདེ་འཇགས་དང་གོ་རིམ་ལྡན་པའི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ཅིག་གཏོད་པར་བྱ་དགོས།
案 例
降温了
冬日里约上好友小聚
难免喝上两杯
但是一定要牢记
“喝酒不开车,开车不喝酒”
千万不要一时侥幸酒驾
换来“悔不当初”
ནམ་ཟླ་ཇེ་འཁྱགས་སུ་སོང་བ་རེད།
དགུན་ཁའི་ཉིན་མོར་གྲོགས་པོ་རྣམས་མཉམ་དུ་འཛོམས་ནས།
ཆང་རག་ཤེལ་ཕོར་གང་དོ་འཐུང་རྒྱུ་བཤད་མ་དགོས་པ་རེད།
ཡིན་ཡང་“ཆང་རག་འཐུང་རྗེས་རླངས་འཁོར་མི་གཏོང་བ་དང་། རླངས་འཁོར་གཏོང་སྐབས་ཆང་རག་མི་འཐུང་བ”ཞེས་པ་དེ་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས།
ཆང་བཏུངས་ནས་རླངས་འཁོར་གཏོང་བར་སྟེས་དབང་གི་བསམ་བློ་གཏན་ནས་སྐྱེ་མི་རུང་།
བསམ་ཡུལ་ལས་འདས་བའི་དོན་རྐྱེན་བྱུང་ན། འགྱོད་པ་རྗེས་ནས་སྐྱེས་ན་བླུན་པོ་ཡིན་ཟེར་བ་ནང་བཞིན་ནོ།།
案例一
尕某某(系松潘县青云镇人)饮酒后驾驶川A***7C号小型客车,沿213国道由若尔盖县驶往松潘县方向,被巡逻交警当场查获,经鉴定,其血液中酒精含量为240mg/100ml。尕某某的行为涉嫌醉酒后驾驶机动车,根据相关法律规定,吊销驾驶证;被若尔盖县人民法院判处拘役3个月并处罚款。
案例二
扎某(系若尔盖县阿西镇人)饮酒后驾驶川U***7D轻型货车途经佳合超市路口时,被执勤民警当场查获,经鉴定,其血液中酒精含量为277mg/100ml。扎某的行为涉嫌醉酒后驾驶机动车,根据相关法律规定,吊销驾驶证;被若尔盖县人民法院判处拘役4个月并处罚款。
案例三
高某(系成都市新津区兴义镇人)驾驶川A***B9小型汽车在若尔盖县达扎寺镇麦溪路潘州口子行驶时,被执勤民警当场查获,经呼气式酒精测试仪测试结果为61mg/100ml。高某某的行为涉嫌饮酒后驾驶机动车,根据相关法律规定,公安机关对其作出驾驶证记12分并暂扣6个月并处罚款的处罚。
危 害
什么是饮酒驾驶(酒驾)?什么事醉酒驾驶(醉驾)?
ཅི་ཞིག་ལ་ཆང་བཏུངས་ནས་འཁོར་ལོ་གཏོང་བ་(ཆང་བཏུངས་འཁོར་གཏོང)དང་། ཅི་ཞིག་ལ་ཆང་གིས་བཟི་ནས་འཁོར་ལོ་གཏོང་བ(ཆང་བཟི་འཁོར་གཏོང)ཟེར་བ་ཡིན་ནམ་ཞེ་ན།
饮酒驾驶(酒驾):是指车辆驾驶人员血液中的酒精含量大于或者等于20mg/100 ml,小于80mg/100 ml(即每100 毫升血液中的酒精含量达到或超过20毫克但不足80毫克)的驾驶行为,属于饮酒驾驶,俗称酒驾。
ཆང་བཏུངས་ནས་འཁོར་ལོ་གཏོང་བ་(ཆང་བཏུངས་འཁོར་གཏོང)ཞེས་པ་ནི། ཁ་ལོ་པའི་ཁྲག་གི་ནང་གི་ཆང་བཅུད་འདུས་ཚད་དེ་20mg/100ལས་ཆེ་བའམ་ཡང་ན་འདྲ་མཚུངས་ཡིན་པ་དང་། 80mg/100ལས་ཆུང་བ(ཁྲག་ཧོ་ཧྲིན་100ནང་གི་ཆང་བཅུད་འདུས་ཚད་དེ་ཧོ་ཁེ་20ལ་སླེབས་པའམ་བརྒལ་ཡང་ཧོ་ཁེ་80ལ་སླེབས་མེད)ཡི་ཁ་ལོ་པའི་བྱ་སྤྱོད་ལ་ཟེར། དེ་ནི་ཆང་བཏུངས་ནས་འཁོར་ལོ་བསྐོར་བར་གཏོགས་ལ། ཁ་རྒྱུན་དུ་ཆང་བཏུངས་འཁོར་གཏོང་ཟེར།
醉酒驾驶(醉驾):是指车辆驾驶人员血液中的酒精含量大于或者等于80mg/100 ml(即每100毫升血液中的酒精含量达到或超过80毫克)的驾驶行为,属于醉酒驾驶,简称醉驾。
ཆང་གིས་བཟི་ནས་འཁོར་ལོ་གཏོང་བ་(ཆང་བཟི་འཁོར་གཏོང)ཞེས་པ་ནི།ཁ་ལོ་པའི་ཁྲག་རྒྱུན་ནང་གི་ཆང་བཅུད་འདུས་ཚད་ནི་80mg/100ལས་ཆེ་བའམ་ཡང་ན་དེ་དང་མཚུངས་པའི(ཁྲག་ཧོ་ཧྲིན་100ནང་གི་ཆང་བཅུད་ཀྱི་འདུས་ཚད་ཧོ་ཁེ་80ལ་སླེབས་པའམ་ཡང་ན་དེ་ལས་བརྒལ་བ)ཁ་ལོ་པའི་བྱ་སྤྱོད་ལ་ཟེར། བསྡུས་མིང་ལ་ཆང་བཟི་འཁོར་གཏོང་ཟེར།
“隔夜酒驾”是怎么回事:酒精在人体内代谢速度取决于个体差异及酒精摄入量,一般情况下,饮酒后随着时间的推移,酒精在人体内会逐渐吸收、分解,血液中酒精含量也会逐渐降低。前一晚上如果饮酒过量,如果感觉身体不适,说明酒精尚未完全分解,因此,千万不要开车,否则,仍然会达到酒后驾驶标准并有安全隐患。
མཚན་བརྒལ་ཆང་བཏུངས་ཞེས་པ་ནི་ཅི་ཞིག་ཡིན་ནམ། ཆང་བཅུད་དེ་མིའི་ལུས་སུ་རྙིང་ཚབ་གསར་བརྗེ་བྱེད་པའི་མགྱོགས་ཚད་དང་ཆང་བཅུད་ཀྱི་མང་ཉུང་ལ་རག་ལས་པ་ཡིན། སྤྱིར་བཏང་དུ་ཆང་འཐུང་རྗེས་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཆང་བཅུད་དེ་མིའི་ལུས་སུ་རིམ་གྱིས་འཇིབ་ལེན་དང་དབྱེ་ཕྲལ་བྱེད་པ། ཁྲག་གི་ནང་དུ་ཆང་བཅུད་ཀྱི་འདུས་ཚད་ཀྱང་རིམ་གྱིས་ཇེ་ཉུང་དུ་འགྲོ་བ་ཡིན། དགུང་མོར་ཆང་ཚད་ལས་བརྒལ་བ་བཏུངས་ཏེ། ཕྱི་ཉིན་ལུས་པོ་མི་བདེ་བས་ན། ཆང་བཅུད་ད་རུང་སངས་མེད་པའི་རྟགས་རེད། དེའི་ཕྱིར། སྐབས་དེ་དུས་རླངས་འཁོར་གཏན་ནས་བསྐོར་མི་ཉན། དེ་ལས་ལྡོག་ན། ཆང་འཐུངས་ནས་རླངས་འཁོར་བསྐོར་བའི་ཚད་གཞིར་སླེབས་ཤིང་བདེ་འཇགས་ལ་མངོན་མེད་ཀྱི་རྐྱེན་ངན་འབྱུང་སྲིད།
酒驾、醉驾带来的危害?
ཆང་བཏུངས་འཁོར་གཏོང་དང་ཆང་བཟི་འཁོར་གཏོང་གིས་བཟོས་པའི་གནོད་འཚེ་དེ་ཅི་འདྲ་ཡིན་ནམ་ཞེ་ན།
各感知器官能力下降:饮酒后驾车,由于酒精的麻醉作用,人的触觉、视觉、判断能力和操作能力都急速下降,往往无法正确做出判断,更无法正常控制油门、刹车及方向盘,因此极易发生事故。
ཚོར་ཤེས་དབང་པོ་སོ་སོའི་ནུས་པ་ཉམས་པ། ཆང་འཐུང་རྗེས་རླངས་འཁོར་བསྐོར་ན། ཆང་བཅུད་ཀྱི་སྦྲིད་བཟི་ནུས་པའི་དབང་གིས་མིའི་རེག་ཚོར་དང་མིག་ཤེས། བརྡར་ཤ་གཅོད་པའི་ནུས་པ། བཀོལ་སྤྱོད་བྱེད་པའི་ནུས་པ་སོགས་མྱུར་དུ་ཞན་དུ་སོང་བས། རྒྱུན་པར་ཡང་དག་པའི་སྒོ་ནས་བརྡར་ཤ་གཅོད་མི་ཐུབ་པ། སྣུམ་སྒོ་དང་ཁ་ལོ་སྒྱུར་ཆས་སོགས་རྒྱུན་ལྡན་ལྟར་ཚོད་འཛིན་བྱེད་མི་ཐུབ་པས། དོན་རྐྱེན་འབྱུང་སླ།
心理状态不正常:在酒精的刺激下,饮酒人有时会过高估计自己,对周围人的劝告常不予理睬,往往干出一些超越合理范围的行为或动作,让人提心吊胆。
སེམས་ཁམས་རྒྱུན་ལྡན་མིན་པ། ཆང་བཅུད་ཀྱི་ངར་སྐུལ་འོག ཆང་འཐུང་མཁན་གྱིས་རང་ལ་གདེང་ཚོད་མཐོ་དྲགས་པ་དང་། ཉེ་འཁོར་གྱི་ཁ་ཏ་ལ་རྒྱུན་པར་ཁ་ཡ་མི་བྱེད་པར། རྒྱུན་པར་ལུགས་མཐུན་གྱི་ཁྱབ་ཁོངས་ལས་བརྒལ་བའི་བྱ་སྤྱོད་དང་བྱ་སྤྱོད་སྤེལ་བས་མི་རྣམས་ཀྱི་སེམས་ཁམས་རྟབ་རྟབ་པོར་གྱུར།
疲劳驾驶:饮酒后易困倦,表现为行驶不规律,空间视觉差等疲劳驾驶的行为,可以说非常危险。
ངལ་དུབ་ཀྱིས་ཁ་ལོ་བྱེད་པ། ཆང་འཐུང་རྗེས་ངལ་དུབ་སྐྱེས་བ་དང་། བགྲོད་སྐྱོད་ཚུལ་མཐུན་མིན་པ། བར་སྟོང་གི་མཐོང་ཚོར་ཞན་པ་སོགས་ངལ་དུབ་ཀྱིས་ཁ་ལོ་བྱེད་པས། ཉེན་ཁ་ཧ་ཅང་ཆེ།
法条链接
关于酒驾醉驾的法律规定
ཆང་བཏུངས་འཁོར་གཏོང་དང་ཆང་བཟི་འཁོར་གཏོང་སྐོར་ལ་བཅའ་ཁྲིམས་ཀྱི་གཏན་འབེབས།
《中华人民共和国道路交通安全法》第九十一条
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་》དོན་ཚན་གོ་གཅིག་པ།
饮酒后驾驶机动车的,处暂扣六个月机动车驾驶证,并处一千元以上二千元以下罚款。因饮酒后驾驶机动车被处罚,再次饮酒后驾驶机动车的,处十日以下拘留,并处一千元以上二千元以下罚款,吊销机动车驾驶证。
醉酒驾驶机动车的,由公安机关交通管理部门约束至酒醒,吊销机动车驾驶证,依法追究刑事责任;五年内不得重新取得机动车驾驶证。
བཟི་རྗེས་འཕྲུལ་སྒུལ་འཁོར་ལོ་བཏང་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཟི་མ་དྭངས་བར་འཆུན་འདོམས་བྱ་རྒྱུ་དང་། དེའི་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ་དང་། ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ། ལོ་ལྔའི་ནང་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་ལག་ཁྱེར་བསྐྱར་དུ་ལེན་མི་ཆོག
饮酒后驾驶营运机动车的,处十五日拘留,并处五千元罚款,吊销机动车驾驶证,五年内不得重新取得机动车驾驶证。
ཆང་འཐུང་རྗེས་སྐྱེལ་འདྲེན་རླངས་འཁོར་བསྐོར་བ་ལ། བཀག་སྐྱིལ་ཉིན་བཅོ་ལྔའི་ཆད་པ་གཅོད་དགོས་པར་མ་ཟད། ད་དུང་སྒོར་ལྔ་སྟོང་གི་དངུལ་ཆད་གཅོད་དགོས། འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་པའི་ལག་ཁྱེར་རྩིས་མེད་དུ་གཏོང་དགོས། ལོ་ལྔའི་ནང་ཡང་བསྐྱར་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་པའི་ལག་ཁྱེར་བླང་མི་ཆོག
醉酒驾驶营运机动车的,由公安机关交通管理部门约束至酒醒,吊销机动车驾驶证,依法追究刑事责任;十年内不得重新取得机动车驾驶证,重新取得机动车驾驶证后,不得驾驶营运机动车。
བཟི་རྗེས་སྐྱེལ་འདྲེན་འཁོར་ལོ་བཏང་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཟི་མ་དྭངས་བར་འཆུན་འདོམས་བྱ་རྒྱུ་དང་། དེའི་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ་དང་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ། ལོ་བཅུའི་ནང་ཡང་བསྐྱར་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་པའི་ལག་ཁྱེར་བླང་མི་ཆོག་ལ། ཡང་བསྐྱར་རླངས་འཁོར་ཁ་ལོ་པའི་ལག་ཁྱེར་བླངས་རྗེས། སྐྱེལ་འདྲེན་རླངས་འཁོར་གྱི་ཁ་ལོ་བ་བྱས་མི་ཆོག
饮酒后或者醉酒驾驶机动车发生重大交通事故,构成犯罪的,依法追究刑事责任,并由公安机关交通管理部门吊销机动车驾驶证,终生不得重新取得机动车驾驶证。
ཆང་འཐུང་རྗེས་སམ་ཡང་ན་ཆང་གིས་བཟི་རྗེས་འཕྲུལ་སྒུལ་འཁོར་ལོ་བསྐོར་ཏེ་འགྲིམ་འགྲུལ་དོན་རྐྱེན་ཆེན་པོ་བཟོས་ནས་ཉེས་དོན་བསགས་པ་ལ། ཁྲིམས་ལྟར་ཉེས་དོན་འགན་འཁུར་རྩད་གཅོད་བྱ་དགོས་པར་མ་ཟད། ད་དུང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་་རླངས་འཁོར་གྱི་ཁ་ལོ་པའི་ལག་ཁྱེར་རྩིས་མེད་དུ་བཏང་སྟེ། མི་ཚེ་གང་བོར་ཡང་བསྐྱར་རླངས་འཁོར་གྱི་ཁ་ལོ་པའི་ལག་ཁྱེར་བླང་མི་ཆོག
《中华人民共和国刑法》
第一百三十三条:【危险驾驶罪】在道路上驾驶机动车,有下列情形之一的,处拘役,并处罚金:
(一)追逐竞驶,情节恶劣的;
(二)醉酒驾驶机动车的;
(三)从事校车业务或者旅客运输,严重超过额定乘员载客,或者严重超过规定时速行驶的;
(四)违反危险化学品安全管理规定运输危险化学品,危及公共安全的。
机动车所有人、管理人对前款第三项、第四项行为负有直接责任的,依照前款的规定处罚。
有前两款行为,同时构成其他犯罪的,依照处罚较重的规定定罪处罚。
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》
དོན་ཚན་བརྒྱ་དང་སོ་གསུམ་པར། [ཉེན་ཁའི་ངང་རླངས་འཁོར་གཏོང་བའི་བྱས་ཉེས།] གཞུང་ལམ་དུ་རླངས་འཁོར་བསྐོར་ནས་གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་ན།བཙན་ཉར་ལས་བསྐུལ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་སྟེ།
(གཅིག)རྗེས་འདེད་འགྲན་བསྡུར་བྱས་ཏེ་གནས་ཚུལ་ཚབས་ཆེན་རིགས།(གཉིས།)བཟི་ནས་རླངས་འཁོར་བསྐོར་བའི་རིགས།
(གསུམ།) སློབ་གྲྭའི་རླངས་འཁོར་རམ་ཡང་ན་འགྲུལ་སྐྱེལ་རླངས་འཁོར་བསྐོར་ནས་གཏན་ཁེལ་འགྲུལ་པ་སྡོད་གྲངས་ལས་ཚབས་ཆེན་བརྒལ་བའམ་ཡང་ན་གཏན་ཁེལ་མྱུར་ཚད་ལས་ཚབས་ཆེན་བརྒལ་བའི་རིགས།
(བཞི།) ཉེན་ཡོད་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་དོ་དམ་གཏན་འབེབས་དང་འགལ་ནས་ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་བྱས་ཏེ་སྤྱི་པའི་བདེ་འཇགས་ལ་ཉེན་ཁ་བཟོས་རིགས།
རླངས་འཁོར་གྱི་བདག་པོ་དང་དོ་དམ་བྱེད་མཁན་ལ་གོང་གསལ་ནང་གསེས་དོན་ཚན་གྱི་ཡང་གསེས་དོན་ཚན་གསུམ་པ་དང་བཞི་པའི་བྱ་སྤྱོད་ལ་ཁག་འགན་དངོས་སུ་ཡོད་ན། གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།
གོང་གསལ་ནང་གསེས་དོན་ཚན་གཉིས་ནང་འཁོད་བྱ་སྤྱོད་ཡོད་ཅིང་དུས་མཚུངས་སུ་བྱས་ཉེས་གཞན་དག་བསགས་རིགས་ལ་ཉེས་ཆད་ལྕི་ཙམ་གཅོད་རྒྱུའི་གཏན་འབེབས་ལྟར་བྱས་ཉེས་གཏན་ཁེལ་བྱས་ནས་ཉེས་ཆད་གཅོད་རྒྱུ།
温馨提示
饮酒一分醉,驾车十分险。酒后驾车严重危害个人和群众生命财产安全,各位交通参与者要深刻认识到酒驾、醉驾等严重交通违法行为的社会危害性,要从思想上树立安全意识,从行动上养成文明出行的良好习惯,自觉抵制不文明的交通行为和危险驾驶行为,牢固树立安全第一意识,严守交通法规。
ཆང་འཐུང་རྗེས་རླངས་འཁོར་བསྐོར་ན་ཉེན་ཁ་ཧ་ཅང་ཆེ། ཆང་རག་བཏུངས་ནས་རླངས་འཁོར་བཏང་ཚེ་མི་སྒེར་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་བཞིན་ཡོད་པས། འགྲིམ་འགྲུལ་ནང་ཞུགས་མཁན་ཚོས་ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ་དང་བཟི་ནས་རླངས་འཁོར་གཏོང་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་གྱི་སྤྱི་ཚོགས་ཀྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ། ་བསམ་བློའི་ཐོག་ནས་བདེ་འཇགས་ཀྱི་འདུ་ཤེས་འཛུགས་པ་དང་བྱ་སྤྱོད་ཐོག་ནས་ཡ་རབས་ངང་ཕྱིར་སྐྱོད་པའི་གོམས་གཤིས་བཟང་པོ་ཞིག་ཆགས་པ་བྱས་ཏེ། ་རང་རྟོགས་ངང་ཡ་རབས་མིན་པའི་འགྲིམ་འགྲུལ་བྱ་སྤྱོད་དང་ཉེན་ཡོད་རླངས་འཁོར་གཏོང་བའི་བྱ་སྤྱོད་ལ་བཀག་འགོག་བྱེད་པ་དང་བདེ་འཇགས་ཨང་དང་པོར་འཇོག་པའི་འདུ་ཤེས་བརྟན་པོ་བཙུགས་ནས་འགྲིམ་འགྲུལ་ཁྲིམས་སྲོལ་ནན་པོ་བསྲུང་བར་འཚལ། ་
信息来源:交警大队
图文编辑:政工宣传室
审核发布:彭宁