注意!浪卡子县这些地方新增电子违停抓拍点(藏汉双语)

政务   2024-11-19 20:40   西藏  

སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུད་ཀྱིས་རང་རྫོང་ཁོངས་ཁུལ་དུ་གློག་རྡུལ་ཉེན་རྟོག་པ་གསར་སྣོན་སྤྱོད་འགོ་འཛུགས་རྒྱུའི་སྐོར་གྱི་སྤྱི་བསྒྲགས།


རྒྱ་ཆེའི་འགྲིམ་འགྲུལ་ཁ་ལོ་བ་ཡོངས་ལ།

རྫོང་ཁོངས་དང་རྒྱལ་ལམ་349དང་།འཕྲུལ་སྒུལ་འཁོར་རིགས་མྱུར་ཚད་ལས་བརྒལ་བ།སྒྲིག་འགལ་གྱི་འཁོར་རིགས་འཇོག་པ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་ནུས་ལྡན་དུ་བཏང་ནས་འགྲིམ་འགྲུལ་ལས་འཛོལ་ཐོན་རྒྱུ་སྔོན་འགོག་དང་ཉུང་དུ་བཏང་ཐོག་རང་ལྗོངས་ཀྱི་འགྲིམ་འགྲུལ་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུད་ཀྱིས་2024ལོའི་ཟླ་11ཚེས་19ཉིན་ནས་བཟུང་རང་རྫོང་ཁོངས་ཁུལ་གྱི་གསར་སྣོན་གློག་རྡུལ་ཉེན་རྟོག་སྒྲིག་ཆས་སྤྱོད་འགོ་འཛུགས་རྒྱུ་ཡིན་པས་རྒྱ་ཆེའི་འགྲིམ་འགྲུལ་ཁ་ལོ་བ་ཚོས་འབྲེལ་ཡོད་གཏན་འབེབས་ལ་རང་འགུལ་ངང་བརྩི་སྲུང་ཞུས་ནས་བདེ་འཇགས་དང་།  ཤར་བགྲོད།    ཞི་མཐུན་གོ་རིམ་ལྡན་པ་བཅས་ཀྱི་འགྲིམ་འགྲུལ་ཁོར་ཡུག་ཐུན་མོང་ཐོག་སྐྲུན་དགོས།

ཡོངས་བསྒྲགས་བྱས་པ་གཤམ་གསལ།  ཡོངས་བསྒྲགས་དུས་ཡུན་ནི་ཉིན་15ཡིན་པ་དང་།  ཡོངས་བསྒྲགས་བྱེད་རིང་པར་ལེན་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་མི་གཅོད་པ་དང་རྒྱ་ཆེའི་ཁ་ལོ་བ་ཡོངས་ནས་ཡ་རབས་ཚུལ་ལྡན་དང་ཁྲིམས་སྲུང་ངང་འགྲོ་བསྐྱོད་བྱ་དགོས།     

གཅིག  སྤྱོད་འགོ་ཚུགས་པའི་དུས་ཚོད།     

2024ལོའི་ཟླ་12ཚེས་4ཉིན་གྱི་ཆུ་ཚོད་00དང་སྐར་མ་00

གཉིས།  སྤྱོད་འགོ་འཛུགས་སའི་ལམ་དུམ།     

1.རྒྱལ་ལམ་349ཡི་སྨི་1180KM+སྨི་900ཡི་སར་སྒྲིག་འགལ་འཁོར་འཇོག་པར་ལེན་སྒྲིག་ཆས་ཡོད།     

2.སྣ་དཀར་རྩེ་རྫོང་གི་ཨན་ཆིན་ལམ(ཡར་འབྲོག་ལམ)དུ་སྒྲིག་འགལ་འཁོར་འཇོག་པར་ལེན་སྒྲིག་ཆས་ཡོད།

3.རྒྱལ་ལམ་349ཡི་1237KM+སྨི་800ཟིན་པའི་གནམ་གཤིས་ཅུད་ཀྱི་སྒོ་དབྱིབས་སྒྲོམ(ཡར་འབྲོག་ལམ)དུ་སྒྲིག་འགལ་འཁོར་འཇོག་པར་ལེན་སྒྲིག་ཆས་ཡོད།     

4.རྒྱལ་ལམ་349ཡི་1260KMཕྱག་གཡོན་མཚོའི་མཛེས་ལྗོངས་ཁུལ་དུ་སྒྲིག་འགལ་འཁོར་འཇོག་པར་ལེན་སྒྲིག་ཆས་ཡོད།          

5.རྒྱལ་ལམ་349ཡི་1237KM+800Mགནམ་གཤིས་ཅུད་ཀྱི་སྒོ་དབྱིབས་སྒྲོམ།(གཏན་འཇགས་མྱུར་ཚད་འཇལ་བ།)

6.ཞིང་ཆེན་གཞུང་ལམ་510ཐོག་སྒུལ་སྐྱོད་མྱུར་འཇལ་སྒྲིག་ཆས་ཡོད།(དུས་ངེས་མེད་དང་གཏན་གནས་མིན་པའི་མྱུར་ཚད་འཇལ་བ།)

གསུམ།  གློག་རྡུལ་པར་ལེན་གྱི་ཁྲིམས་འགལ་བྱ་སྤྱོད།     

སྒྲིག་འགལ་གློག་རྡུལ་ཉེན་རྟོག་པར་ལེན་མ་ལག་ནས་གཙོ་བོ་པར་ལེན་འདི་རིགས་སྟེ།  འཕྲུལ་སྒུལ་འཁོར་རིགས་གཏན་འཁེལ་དུས་ཚོད་ལས་བརྒལ་བའི(སྒྲིག་འགལ་འཁོར་འཇོག)འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་ཁྲིམས་འགལ་གྱི་བྱ་སྤྱོད།།

གློག་རྡུལ་ལྟ་སྐུལ་ཚོད་འཛིན་གྱི་ཟིན་ཐོ་གཞིར་བཟུང་གོང་གསལ་ལམ་དུམ་བུར་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་ཚེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང་དེ་བཞིན་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།རྫོང་ནང་གི་གློག་སྒྲོན་དམར་པོ་དང་ལྗང་ཁུ་དེ་བཞིན་གློག་རྡུལ་ཉེན་རྟོག་པའི་པར་ལེན་མ་ལག་ཚང་མ་རྒྱུན་གཏན་ལྟར་བེད་སྤྱོད་བྱེད་བཞིན་ཡོད་པས་རྒྱ་ཆེའི་ཁ་ལོ་བ་དང་དེ་བཞིན་འགྲིམ་འགྲུལ་ནང་ཞུགས་མཁན་ཚོས་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས་ཡ་རབས་ཚུལ་ལྡན་ངང་འགྲོ་སྐྱོད་བྱས་ཏེ་བདེ་འཇགས་དང་།  གོ་རིམ་ལྡན་པ།  ཤར་བགྲོད་ཐུབ་པ་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ཐུན་མོང་ཐོག་སྐྲུན་དགོས།     

དེ་དོན་ཆེད་དུ་སྤྱི་བསྒྲགས་བྱས་ཡོད།      

སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན།
2024ལོའི་ཟླ་11ཚེས་19ཉིན།


近期浪卡子县热点新闻↓↓↓


浪卡子县召开巡察工作领导小组第22次会议

浪卡子县2024年9至10月就业创业补贴拟兑现名单公示

浪卡子县召开县委生态文明建设领导小组会议暨着力推动加强生态文明建设走在全区前列2024年第二次推进会议

“氧”“暖”全面覆盖 “氧”人又“暖”心


来源:县公安局

责编|索朗仁青  审核|拉姆曲珍

投稿邮箱:lkzxwxcb@126.com

羊湖之声
宣传浪卡子,传播正能量。
 最新文章