ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་མི་རིགས་རིག་གནས་དར་སྤེལ་གཏོང་ཆེད་སེར་ཤུལ་རྫོང་འཇུ་མང་དམངས་ཁྲོད་རིག་གནས་དར་སྤེལ་ཁང་གིས་ཕྱོགས་ཡོང་ནས་འབད་པ་ལྷོད་མེད་བྱས་ཏེ། ཟླ་2པའི་ཚེས་10ཉིན་སེར་ཤུལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་རྒྱབ་སྐྱོར་འོག་སེལ་ཤུལ་རྫོང་འཇུ་སྒར་གྲོང་རྡལ་གིས་སྐབས་དང་པོའི་སྲོལ་རྒྱུན་གྱི་གཏམ་དཔེ་འགྲན་བསྡུར་སྤེལ།
འགྲན་བཞུགས་པ་བརྒྱད་ཡོད་ཁོང་རྣམས་ཀྱིས་གྲ་སྒྲིག་གང་ལེགས་བྱས་ཏེ་གཏམ་གྱི་བརྗོད་གཞི་མི་རིགས་མཐུན་སྒྲིལ་དང་ཁྲིམས་ལུགས་སྲོལ་རྒྱུན། ཁོར་ཡུག་གཙང་སྦྲ་སོགས་ཀྱི་སྐོར་བརྗོད་གཞི་གང་རུང་གདམས་ཏེ་ཐེངས་འདིའི་འགྲན་བསྡུར་ལ་ཞུགས། དམངས་ཁྲོད་ཀྱི་གཏམ་དཔེ་དང་སྲོལ་རྒྱུན་རིག་གནས་ལ་ལྷག་བསམ་ཅན་དང་ཤེས་འཇོན་གཉིས་ལྡན་གྱི་ཕྱོགས་སོ་སོ་ནས་ཕེབས་པའི་རྒྱུགས་ཞིབ་དགེ་རྒན་རྣམ་པས་འགྲན་བཞུགས་པའི་གཏམ་བཤད་དང་སྐད་ཆའི་སྒྱུ་རྩལ་ལ་ཉམས་ཞིབ་ནན་པོ་མཛད།
སེར་ཤུལ་རྫོང་འཇུ་མང་དམངས་ཁྲོད་རིག་གནས་ཁང་གིས་སྲོལ་རྒྱུན་གྱི་གཏམ་དཔེ་སོགས་རིག་གནས་དར་སྤེལ་གྱི་བྱེད་སྒོ་སྤེལ་བར་བརྒྱུད་ནས་ཕ་ཡུལ་གྱི་མི་དམངས་དང་ཕྱོགས་སོ་སོའི་མི་དམངས་ཀྱི་སེམས་སུ་སྲོལ་རྒྱུན་རིག་གནས་ཐུན་མིན་གྱི་ཁྱད་ཆོས་ངོས་ཟིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྲ་བརྟན་གཏང་བར་རིག་གནས་ཀྱི་དགེ་མཚན་འདོན་སྤེལ་ཐུབ་པའི་རེ་བ་ཡོད་ཅེས་བཤད།
来源:石渠县居茂民俗文化发展社
编辑:华尔让
校对:华尔让
二审:梅朵
三审:白玛曲吉
监制:彭刚