༄༅།། གསན་གྲོགས་ལྷན་རྒྱས་སྐུ་ཁམས་བཟང་། འདི་གར་ནི་དབྱངས་གསལ་གསུང་རྩོམ་མཉམ་སྤྱོད་ཚན་པའི་ཐེངས་དྲུག་པའི་ལེ་ཚན་ཡིན། ང་ནི་ཐེངས་འདིའི་སྙན་སྒྲོན་པ་བསྟན་འཛིན་དབྱིངས་གསལ་ཡིན། དེ་རིང་ངས་ཁྱེད་རྣམ་པ་མཉམ་སྤྱོད་བྱས་པའི་སྒྲུང་གཏམ་ནི་《ར་ལོ་》ཞེས་པ་དེ་ཡིན།
ར་ལོ། རྩོམ་པ་པོ། ཚེ་རིང་དོན་གྲུབ།
སྒྲུང་གཏམ་འདིར་རྩོམ་པ་པོས་ར་ལོ་ཟེར་བའི་གཉོམ་ཆུང་ནུས་མེད་དང་ཅི་བསམ་ལ་མདོ་མེད་པ། ཅི་བྱ་ལ་ཆ་འཇོག་མེད་པའི་སྣ་མདོ་སྣབས་ཀྱིས་ཁེངས་པའི་མི་ཞིག་གི་ཚེ་གང་གི་ལོ་རྒྱུས་གསོན་ཉམས་ལྡན་པའི་ངང་ཀློག་པ་པོའི་མགྲིན་བྱེད་ལམ་དུ་འཕུལ་འདུག།
གཤམ་ལ་ང་ཚོས་གོང་གི་ལེ་ཚན་མཐུད། ར་ལོའི་གཏམ་རྒྱུད་གསན་པར་བྱ།
དེ་རིང་གི་ལེ་ཚན་འདི་གར་མཇུག་སྒྲིལ་སོང་།
ལེ་ཚན་གྱི་མཇུག་མཐར་ངེད་རླུང་འཕྲིན་ཚན་པས་འབྲུག་ལྷ་རྒྱལ་གྱི་སྙན་རྩོམ་《ངའི་དིང་རི་བ་》ཞེས་པ་ལས་དུམ་བུར་དྲངས་ནས་ད་ཐེངས་ཀྱི་བར་ཆད་ཁྲོད་དུ་མཆི་མ་ཤོར་བའི་མི་ཡོངས་ལ་འཕུལ་རྒྱུ་ཡིན།
ངའི་དིང་རི་བ།
སང་ཉིན་གྱི་ཉི་མ་སྔར་བཞིན་འཆར་སྲིད་པས།
མགོ་བོ་དགྱེ་ནས་གདོང་གི་མཆི་མ་ཕྱིས་དང་དྲོད་ཁོལ་སྔར་བཞིན་འོང་གིན་འདུག
བྱམས་བརྩེ་ཡི་འོད་སྣང་དེ་ཕྱོགས་བཞི་མཚམས་བརྒྱད་ན་ཅི་དགར་འཕྲོས་ཡོང་གིན་འདུག
མགོན་དང་སྐྱབས་ཀྱི་ལག་ཟུང་དྲོན་མོ་དེ་ཐོགས་རེག་མེད་པར་བརྐྱངས་འོང་གིན་འདུག
ཤ་ཁྲག་གིས་བརྡུངས་པའི་ལྕགས་རི་ཞིག་སྐད་ཅིག་དེ་ཉིད་ལ་གས་ཆག་གི་ས་གཞིའི་སྟེང་གྲུབ་ཀྱིན་འདུག
ངའི་དིང་རི་བ།
ཁྱེད་ཚོ་མགོན་མེད་སྐྱབས་མེད་ག་ལ་ཡིན་སྲིད་དེ།
ང་ཚོ་ཚང་མ་ནམ་མཁའ་ཡུག་གཅིག་གི་འོག་ལ་འཛོམས་པའི་གཉེན་དང་ཉེ་དུ་ཡིན།
ང་ཚོ་ཚང་མ་ས་གཞི་ཁོབ་གཅིག་གི་སྟེང་ལ་འདུས་པའི་མིང་སྲིང་གཅེན་གཅུང་ཡིན།
ང་ཚོ་ལ་ཕ་གཅིག་གི་རུས་རྐང་གིས་བརྒྱུས་པའི་དཔའ་སྦོབས་མཐོན་པོ་དེ་ཡོད།
ང་ཚོ་ལ་མ་གཅིག་གིས་ཤ་ཁྲག་གིས་བསྐྲུན་པའི་བྱམས་སེམས་དྲོན་མོ་དེ་ཡོད།
ད་ནི་མགོ་བོ་དགྱེ་ཤོག
ངའི་དིང་རི་བ།
གནམ་གྱི་རྒྱ་ཁྱོན་རྡིབས་ཀྱང་ང་ཚོས་ཅིས་ཀྱང་ཐེགས་དགོས་པ་ཆོས་ཉིད་ཡིན།
ས་ཡི་དཀྱིལ་འཁོར་གས་ཀྱང་ང་ཚོས་ཅིས་ཀྱང་བཟོད་དགོས་པ་གཏན་ཚིགས་ཡིན།
ང་ཚོས་ཕ་དམ་པའི་རུས་པ་རླུང་ལ་བསྐུར་མི་སྲིད།
ང་ཚོས་མ་བཟང་མོའི་ཤེས་རྒྱ་ཆུ་ལ་བསྐྱུར་མི་སྲིད།
ད་ནི་བློ་སྤོབས་བསྐྱེད་ཤོག
ངའི་དིང་རི་བ།
ཡིད་ཆེས་གྱིས་ཤོག
ངའི་དིང་རི་བ།
ཧི་མ་ལ་ཡའི་དབུ་རྩེ་མ་སྨད་ན་ང་ཚོའི་མགོ་བོ་སྨད་མི་སྲིད་པས།
ང་ཚོས་གས་ཆག་གི་ས་གཞི་འདིའི་སྟེང་ནས་དྲོད་ཀྱི་ཁང་ཁྱིམ་སླར་ཡང་བསྐྲུན་ཆོག
མྱང་ཆུ་སྔོན་མོའི་བཞུར་རྒྱུན་མ་ཆད་ན་ང་ཚོའི་བྱམས་སེམས་འཆད་མི་སྲིད་པས།
ང་ཚོས་ཕ་ས་དྲོན་མོ་འདིའི་སྟེང་ནས་སྐྱིད་ཀྱི་དགོད་སྒྲ་སླར་ཡང་རོལ་ཆོག།
སྙན་སྒྲོན་པ། བསྟན་འཛིན་དབྱིངས་གསལ།
རྩོམ་སྒྲིག་པ། བདེ་སྐྱིད་མཚོ་མོ།
གཙོ་སྒྲིག་པ། བསོད་ནམས་ཆོས་འཕེལ།
ལྟ་སྐུལ་པ། གྲོ་བཞིན་ལྷུན་འགྲུབ།