【藏汉双语】西藏消防救援总队发布新年消防安全提示

政务   2025-01-26 15:27   西藏  

XIN NIAN

HAPPY CHINESE NEW YEAR

蛇年送你平安囊

蛇年送你福满多

阖家幸福好运来

HAPPY NEW YEAR



新年将至,万家团圆。在此,西藏消防救援总队全体消防员们提前给您拜年啦!祝您蛇年大吉走隆运,祥瑞如意万事顺,幸福美满乐开怀!



牛叔和小央在此也要提醒诸位

欢度新春!

勿忘消防~





新年篇




当您和家人团聚时

སྐུ་ཉིད་དང་ནང་མི་མཉམ་འཛོམས་གནང་སྐབས།


及时清理阳台、清理炉灶、清理楼道,离家时记得关闭电源、关好燃气、关掉火源。不要在楼梯间、安全出口停放电动自行车,不要飞线充电,电动自行车(电池)不要进楼入室或人车同屋。
དུས་ཐོག་ཏུ་ཉི་གཡབ་དང་། མེ་ཐབ།  བར་ཁྱམས་བཅས་གཙང་སེལ་བྱེད་དགོས་ཤིང་།  ཕྱིར་ཐོན་སྐབས་གློག་སྒོ་རྒྱག་པ་དང་འབར་རླངས་དང་མེ་ཁུངས་སྒོ་རྒྱག་དགོས། ཐེམ་སྐས་བར་ཤུར་དང་བདེ་འཇགས་ཐོན་སྒོར་གློག་སྒུལ་རྐང་འཁོར་འཇོག་རྒྱུ་མེད་པ་དང་། གློག་སྐུད་ཐོག་ཁང་ནས་བཏང་སྟེ་གློག་གསོག་རྒྱུ་མེད་པ། གློག་སྒུལ་རྐང་འཁོར་གྱི་གློག་སྨན་ཁང་པའི་ནང་འཁྱེར་རྒྱུ་མེད་པའམ་ཡང་ན་མི་དང་རླངས་འཁོར་མཉམ་དུ་སྡོད་རྒྱུ་མེད།


取暖用的火盆、电热器具要保持与可燃物50公分以上距离,并做到人走火熄、电关,不要在取暖器上覆盖衣物。
དྲོད་ལེན་མེ་གཞོང་དང་། གློག་དྲོད་གཏོང་ཆས་དེ་འབར་སླའི་དངོས་རྫས་དང་ལི་སྨི་50ཡན་གྱི་བར་ཐག་བཞག་དགོས་པ་མ་ཟད།  ཕྱིར་ཐོན་སྐབས་མེ་བསད་པ་དང་གློག་སྒོ་རྒྱག་དགོས་པ་ལས་དྲོད་ལེན་ཡོ་ཆས་ཐོག་གྱོན་གོས་འགེབས་མི་རུང་།


电热毯不宜长时间通电,不要反复折叠,不宜覆盖过厚被褥。
གློག་གདན་ལ་དུས་ཚོད་རིང་པོ་གློག་གཏོང་བ་དང་།  ལྟེབ་ཆགས་ཡང་ཡང་རྒྱག་པ།  ཉལ་ཆས་མཐུག་པོ་འགེབས་པ་སོགས་བྱེད་མི་རུང་།

在室内焚香、点酥油灯时,要有防火隔热措施,与可燃物要保持安全距离,人离开或入睡时要熄灭香、灯。
ཁང་པའི་ནང་སྤོས་དང་མཆོད་མེ་སྤར་སྐབས། མེ་དང་ཚ་བ་འགོག་ཐབས་དགོས་པ་དང་།  འབར་སླའི་དངོས་རྫས་དང་བར་ཐག་རིང་ཙམ་བཞག་དགོས།  མི་དེ་ནས་ཁ་བྲལ་བའམ་ཡང་ན་ཉལ་སྐབས་སྤོས་མེ་བསད་པ་དང་གློག་བསད་དགོས།


在挂灯笼时切勿私拉乱接电气线路,不要购买和使用三无产品。
ལྒང་བཞུ་འགེལ་སྐབས་གློག་སྐུད་གང་བྱུང་འཁྲིད་རྒྱུ་མེད་པ་དང་།  “མེད་པ་གསུམ”གྱི་ཐོན་རྫས་ཉོ་སྒྲུབ་དང་བེད་སྤྱོད་གཏོང་རྒྱུ་མེད།


不要在室内燃放烟花爆竹。严禁儿童独自燃放烟花爆竹。在室外燃放烟花爆竹时要远离可燃物,不要在寺庙、文物建筑、加油加气站周边燃放,不要向人群、建筑外窗喷射焰火或投放烟花爆竹。
ཁང་པའི་ནང་ཤོག་སྦག་སྤར་མི་རུང་བ་དང་།  ཕྲུ་གུ་གཅིག་པུས་ཤོག་སྦག་སྤར་མི་ཆོག་། ཕྱི་རུ་ཤོག་སྦག་སྤར་སྐབས་འབར་སླའི་དངོས་པོ་དང་ཐག་རིང་ཙམ་བྱེད་དགོས་པ་ལས་དགོན་སྡེ་དང་།  རིག་དངོས་བཟོ་སྐྲུན།  སྣུམ་སྣོན་དང་རླངས་སྣོན་ས་ཚིགས་བཅས་ཀྱི་ཉེ་འཁོར་དུ་སྤར་མི་རུང་།  མི་ཚོགས་དང་ཨར་སྐྲུན་གྱི་སྒེའུ་ཁུང་དུ་ཤོག་སྦག་སྤར་མི་རུང་།

不要卧床或躺在沙发上吸烟。
ཉལ་ཁྲི་དང་འབོལ་ཁྲིའི་སྟེང་དུ་ཉལ་ནས་ཐ་མག་འཐེན་མི་རུང་།


节前对家里的燃气管路、灶具要进行大扫除,通过涂肥皂水等方式检查是否存在燃气泄漏的情况。
དུས་ཆེན་མ་ཤར་གོང་ཁྱིམ་གྱི་འབར་རླངས་སྦུག་ལམ་དང་། ཐབ་ཆས་ལ་གཙང་སྦྲ་བྱེད་དགོས་པ་དང་།  ཡི་ཙིའི་ཆུ་སོགས་ཀྱི་བྱུག་ཐབས་སྤྱད་དེ་འབར་རླངས་ཤོར་བའི་གནས་ཚུལ་ཡོད་མེད་བལྟ་དགོས།






当您和三五好友外出欢聚时

སྐུ་ཉིད་དང་གྲོགས་པོ་ཕྱི་རུ་དགའ་འཛོམས་བྱེད་སྐབས།


及时对车辆油路、电路等检查,防止车辆带故障运行,引发自燃。车内打火机、香水等易燃易爆物品不要放在太阳光能直射到的地方,以免受热爆炸起火。
རླངས་འཁོར་གྱི་སྣུམ་ལམ་དང་གློག་ལམ་སོགས་ལ་དུས་ཐོག་ཏུ་ཞིབ་བཤེར་བྱེད་དགོས་ཤིང་།  རླངས་འཁོར་སྐྱོན་ཤོར་ཡོད་མེད་བལྟས་ནས་མེ་སྐྱོན་མི་ཡོང་བ་བྱེད་དགོས། རླངས་འཁོར་ནང་གི་མེ་ཆ་དང་།  དྲི་ཞིམ་ཆུ་སོགས་ཀྱི་འབར་སླའི་དངོས་རྫས་ཉི་འོད་ཐད་འཕྲོ་ཐུབ་སར་མི་བཞག་པར་ཚ་དྲོད་དབང་གིས་འབར་གས་དང་མེ་སྐྱོན་མི་ཐོན་པ་བྱེད་དགོས།


不要携带易燃易爆危险品乘坐公共交通工具。
འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་འཁྱེར་ནས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ནང་བསྡོད་མི་རུང་།


乘坐汽车等公共交通工具时要留意安全出口、灭火器材、安全锤位置,遇到火灾,要果断使用安全锤击碎车窗玻璃,有序逃离。
རླངས་འཁོར་སོགས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་སྐབས་བདེ་འཇགས་ཐོན་སྒོ་དང་།  མེ་གསོད་ཡོ་བྱད།  བདེ་འཇགས་ཐོ་བ་འགེལ་ས་བཅས་ལ་དོ་སྣང་བྱེད་དགོས་ཤིང་།  མེ་སྐྱོན་འཕྲད་སྐབས་བདེ་འཇགས་ཐོ་བས་སྒེའུ་ཁུང་གི་ཤེལ་སྒོ་བཅག་ནས་གོ་རིམ་ལྡན་པའི་ངང་བྲོས་དགོས།


食宿、购物、娱乐要选择消防安全条件合格的场所。
ཟས་སྡོད་དང་།  དངོས་ཟོག་ཉོ་སྒྲུབ།  རོལ་རྩེད་བཅས་བྱེད་སྐབས་མེ་ཟོན་བདེ་འཇགས་ཆ་རྐྱེན་ཚད་ལོན་ཡིན་སར་འགྲོ་དགོས།
进入食宿、购物、娱乐等场所时要注意观察安全出口、疏散通道、消防器材位置,牢记疏散方向。
ཟས་སྡོད་དང་།  དངོས་ཟོག་ཉོ་སྒྲུབ།  རོལ་རྩེད་བཅས་བྱ་ཡུལ་ནང་འཛུལ་སྐབས་བདེ་འཇགས་ཐོན་སྒོ་དང་།  ཁ་དཀྲམ་བགྲོད་ལམ།  མེ་ཟོན་ཡོ་བྱད་འཇོག་ཡུལ་བཅས་ལ་ལྟ་ཞིབ་དོ་ནན་བྱེད་དགོས་པ་དང་། ཁ་དཀྲམ་བགྲོད་ལམ་ཡིད་ལ་བརྟན་པོ་ངེས་དགོས།





如果您是商场、超市、宾馆、娱乐场所工作人员,新年期间您可能也和我们一样需要坚守岗位,先向您道一声“辛苦了”。为了您和顾客的安全,务必做好以下消防安全工作:
གལ་ཏེ་སྐུ་ཉིད་ཚོང་ར་དང་། སྒོ་རྩིས་ཚོང་ཁང་།  མགྲོན་ཁང་།  རོལ་རྩེད་ཁང་བཅས་ཀྱི་ལས་དོན་མི་སྣ་ཡིན་ཚེ།  དཔྱིད་གསར་དུས་ཆེན་རིང་ཁྱེད་ཀྱང་ང་ཚོ་དང་འདྲ་བར་ལས་གནས་བརྟན་སྲུང་བྱེད་དགོས་ངེས་ཡིན་པས། སྐུ་ཉིད“སྐུ་ལས་ཁག་སོང་”ཞུ་རྒྱུ་མ་ཟད།  ཁྱེད་དང་སྐུ་མགྲོན་གྱི་བདེ་འཇགས་ཆེད་དུ་ངེས་པར་དུ་གཤམ་གྱི་མེ་ཟོན་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རོགས་ཞུ་རྒྱུ་ཡིན།

要及时对消防设施进行检查和维保,确保完好有效。
མེ་ཟོན་སྒྲིག་ཆས་ལ་དུས་ཐོག་ཏུ་ཞིབ་བཤེར་དང་སྲུང་སྐྱོང་བྱས་ནས།  སྐྱོན་མེད་གོ་ཆོད་ཡོང་བའི་འགན་ལེན་བྱེད་དགོས།


节前给自己充充电,消防安全应知应会要复习一下哦。
དུས་ཆེན་མ་ཤར་གོང་རང་ཉིད་ཀྱིས་མེ་ཟོན་བདེ་འཇགས་སྐོར་གྱི་ཤེས་དགོས་ངེས་ཀྱི་ཤེས་བྱ་བསྐྱར་སྦྱོང་དང་ཁོང་དུ་ཆུད་པ་གནང་རོགས།


营业期间要加强防火巡查,及时发现并消除火灾隐患。
ལས་གཉེར་བྱེད་རིང་མེ་ཟོན་སྐོར་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས།  མེ་སྐྱོན་ཡོང་གཞི་དུས་ཐོག་དུ་ཤེས་རྟོགས་དང་མེད་པ་བཟོ་དགོས།

营业期间要保持疏散通道、安全出口畅通,不要断了自己的“后路”哦。
ལས་གཉེར་བྱེད་རིང་ཁ་དཀྲམ་བགྲོད་ལམ་དང་།  བདེ་འཇགས་ཐོན་སྒོ་ཤར་གཏོང་ཐུབ་པ་བྱེད་དགོས་པ་ལས།  རང་ཉིད་ཀྱི“བྲོས་ལམ”བཀག་རྒྱུ་མེད།

摆放货架、促销商品时,不要占用疏散通道,不要遮挡消防设施和疏散指示标志。
ཚོང་སྒྲོམ་དང་།  ཚོང་ཟོག་བྲིན་ཚོང་བྱེད་སྐབས་ཁ་དཀྲམ་བགྲོད་ལམ་ཧམ་བཟུང་བྱེད་མི་རུང་བ་དང་།   མེ་ཟོན་སྒྲིག་ཆས་དང་བྲོས་གྲམ་བརྡ་རྟགས་འགེབས་མི་རུང་།


悬挂彩灯、灯笼时切勿私拉乱接电气线路,不要购买和使用“三无”产品。确需使用可燃物作装饰时,与电线、灯具要保持安全距离。
ཚོན་སྒྲོན་དང་།  ལྒང་བཞུ་འགེལ་སྐབས་གློག་སྐུད་གང་བྱུང་འཁྲིད་རྒྱུ་མེད་པ་དང་།  “མེད་པ་གསུམ”གྱི་ཐོན་རྫས་ཉོ་སྒྲུབ་དང་བེད་སྤྱོད་བྱེད་རྒྱུ་མེད།འབར་སླའི་དངོས་རྫས་ཀྱིས་མཛེས་རྒྱན་སྤྲོས་དགོས་ཚེ་གློག་སྐུད་དང་གློག་སྒྲོན་ཡོ་བྱད་དང་བདེ་འཇགས་བར་ཐག་ཡོད་དགོས།


仓库、冷库要严禁烟火,严格落实“五距”要求,电气与保温隔热材料要采取防火隔热措施。
མཛོད་ཁང་དང་།  གྲང་མཛོད་ནང་མེ་སྐྱོན་མི་ཡོང་བ་བྱེད་དགོས་ཤིང་།  “བར་ཐག་བཞག་དགོས་པ་ལྔའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ།  གློག་རླངས་དང་དྲོད་སྲུང་ཚ་འགོག་རྒྱུ་ཆར་མེ་ཟོན་ཚ་དྲོད་འགོག་ཐབས་སྤྱོད་དགོས།

如果您正好是消防控制室操作人员、微型消防站队员,您的辛苦我懂……但切记要24小时双人值班,微型消防站要保持人员在岗在位。
གལ་ཏེ་སྐུ་ཉིད་མེ་གསོད་ཚོད་འཛིན་ཁང་གི་བཀོལ་སྤྱོད་མི་སྣ་དང་མེ་གསོད་ས་ཚིགས་ཆུང་གྲས་ཀྱི་རུ་མི་ཡིན་ཚེ།  ཁྱེད་རང་སྐུ་ལས་ཡོད་པ་ངས་ཤེས་ཀྱང་ཆུ་ཚོད་24རིང་སྡོད་རེས་མི་སྣ་གཉིས་ཡོད་དགོས་པ་བློ་ལ་བརྟན་པོར་ངེས་དགོས་པ་དང་། མེ་གསོད་ས་ཚིགས་ཆུང་གྲས་ཡིན་ཡང་ལས་དོན་མི་སྣས་ལས་གནས་བརྟན་སྲུང་བྱེད་དགོས།







火灾是可以预防的,

但如果您真的遇到了火灾,

重要的事情说三遍:

发生火灾要第一时间拨打“119”报警哦!

发生火灾要第一时间拨打“119”报警哦!

发生火灾要第一时间拨打“119”报警哦!


མེ་སྐྱོན་སྔོན་འགོག་བྱེད་རྒྱུ་ཡོད།

འོན་ཀྱང་གལ་ཏེ་ཁྱེད་ལ་མེ་སྐྱོན་འཕྲད་ཚེ།

ནན་བཤད་ཐེངས་གསུམ་རྒྱག་རྒྱུ་ཡིན།

མེ་སྐྱོན་ཐོན་སྐབས་འཕྲལ་མར་ཉེན་བརྡའི་ཁ་པར་༡༡༩རྒྱག་དགོས།

མེ་སྐྱོན་ཐོན་སྐབས་འཕྲལ་མར་ཉེན་བརྡའི་ཁ་པར་༡༡༩རྒྱག་དགོས།

མེ་སྐྱོན་ཐོན་སྐབས་འཕྲལ་མར་ཉེན་བརྡའི་ཁ་པར་༡༡༩རྒྱག་དགོས།





疏散逃生时记得以下几个诀窍哦!

ཁ་དཀྲམ་སྲོག་ཐར་བྱེད་སྐབས་གཤམ་གྱི་བྲོས་ཐབས་ཁག་གསུམ་བློ་ལ་ངེས་དགོས།


迅速正确逃生,不贪恋财物、不乘坐电梯、不盲目跳楼。

མགྱོགས་ལ་ཡང་དག་པའི་སྒོ་ནས་སྲོག་ལས་ཐར་ཐབས་བྱེད་དགོས་པ་ལས།  རྒྱུ་ནོར་ལ་ཞེན་ཆགས་དང་།  གློག་སྐས་ལ་སྡོད་པ།  རྨོངས་ཚོད་ཐོག་མཆོང་བཅས་བྱེད་མི་རུང་།

要根据消防疏散安全指示标志或工作人员的引导进行疏散,勿拥挤、踩踏。

མེ་ཟོན་བྲོས་གྲམ་བདེ་འཇགས་བརྡ་རྟགས་སམ་ཡང་ན་ལས་དོན་མི་སྣའི་ཁྲིད་སྟོན་ལ་གཞིགས་ནས་ཁ་དཀྲམ་དགོས་པ་ལས། ཕན་ཚུན་འཚང་ཁ་རྒྱག་པ་དང་རྡོག་བརྫིས་གཏོང་མི་རུང་།

在无法逃生时,应关闭临火临烟门窗,用浸湿的被褥、衣物堵塞门缝,发出求救信号,耐心等待救援。身上着火,可就地打滚,或用衣物覆盖火苗窒息灭火,切不能带火逃窜。
སྲོག་ལས་ཐར་ཐབས་མེད་པའི་སྐབས་སུ།  མེ་དང་དུ་བའི་ཐག་ཉེ་སའི་སྒོ་དང་སྒེའུ་ཁུང་རྒྱག་དགོས་ཤིང་།  ཉལ་ཆས་དང་གྱོན་གོས་སོགས་བརླན་པ་བཟོས་ནས་སྒོ་སྲུབས་བཀག་དགོས་པ་དང་།  དེ་ནས་ཉེན་སྐྱོབ་བརྡ་རྟགས་བཏང་ནས་སེམས་ལྷོད་པོས་རོགས་སྐྱོབ་བྱེད་མཁན་སྒུག་སྡོད་དགོས། ལུས་ལ་མེ་འབར་ཚེ་རང་སར་འགྲེ་ལོག་རྒྱག་པའམ་ཡང་ན་གྱོན་གོས་བཀག་ནས་མེ་བསད་དགོས་པ་ལས་མེ་འབར་བཞིན་དུ་གང་སར་བྲོས་མི་རུང་།








来源西藏消防
编辑索朗巴珠
校对贾      晋  
审核:孙      浩     朱鹏举

e讯达孜
提供新闻资讯、政务信息公开、人文故事、便民信息、公众举报、政策咨询等。
 最新文章