林芝市藏医院将开展藏医“扦棍”疗法

文摘   2024-07-27 16:03   西藏  

国家级非物质遗产瑰宝——“榆橛”疗法,源自藏语,其精髓可译为扦棍疗法,这是一种独特而深邃的外治疗法,通过特制木棍精准敲击人体穴位,以独特频率与力度激发自然镇痛机制,依据病情轻重巧妙施治,为患者带来舒缓与慰藉。此疗法根植于西藏古老的智慧土壤,自公元8世纪《甘露宝瓶》及后续《贡曼扦棍疗法秘诀》等藏医经典中,便有详尽记载,历经千年传承,光辉不减,却也面临着传承之虞。

藏医扦棍疗法,其理论基础与临床实践,最早可追溯到藏医药学巨匠莲花生大师所著的《甘露宝瓶》,书中不仅明确了“扦棍”之名,更深刻阐述了其概念、分类、核心技术及广泛应用,为后世医者提供了宝贵的指南。随后,帕塔巴桑杰等历代藏医大师的著作中,亦不乏对此疗法的精辟论述与补充,使得这一古老疗法在家族传承与师徒相授间,逐渐融入现代教育体系,跨越时空界限,惠及更多人群。

历经1300余年的风霜洗礼,扦棍疗法不仅是藏民族对生命奥秘深刻理解的结晶,更是民众健康守护的坚实盾牌,在预防与治疗疾病中展现出不可磨灭的价值。其制作工艺繁复精细,每一环节都蕴含着深厚的科技智慧与历史底蕴,是中华民族宝贵的文化遗产。




我院目前有能力开展藏医“扦棍”疗法,是林芝市首个开展这一传统疗法的医院。主治医师旦增,师承果洛州藏医大师当增教授的得意门生次旦教授,正将这份千年智慧以精湛的技艺呈现给世人。我们诚挚邀请广大患者前来体验,感受藏医“扦棍”疗法的神奇魅力,让这份古老而珍贵的健康之道,继续在现代社会绽放光彩。

༄༅།།རྡོ་རྗེ་དབྱུག་པའི་བཅོས་ཐབས་ནི་བོད་ལུགས་གསོ་རིག་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་སྨན་བཅོས་ཐབས་ཤེས་ཞིག་ཡིན་ཏེ།  དོན་སྣོད་ཀྱི་གསང་དམིགས་དང་ནད་དམིགས་སོ་སོའི་སྟེང་ཚད་ལྡན་གྱི་དབྱུག་པས་ཚུལ་བཞིན་བརྡེག་པ། འདྲུད་པ། བརྡར་བ། བསྣུན་པ་སོགས་ཆ་བྱད་སྟབས་བདེ་ལ་ཕན་ནུས་ཆེ་བ་དང་། འགྲོ་འགྲོན་ཉུང་ལ་ཞོར་སྐྱོན་ཆུང་བའི་བཅོས་ཐབས་ཞིག་ཡིན། དེ་ནི་ཁྲག་མཁྲིས་དང་གཉན་ཚད་སོགས་ཚ་བའི་ནད་རིགས་ཕུད་པའི་བད་རླུང་གྲང་བའི་ནད་རིགས་ཀུན་ལ་རུང་ཞིང་ཕན་པ་ཡིན་ཏེ། རླུང་ཤས་ཆེ་བའི་ཁྲག་རླུང་ནད། སྙིང་རླུང་ནད། རླུང་ནད་རང་བཞིན་གྱིས་གཉིད་ཡེར་བའི་ནད། བད་རླུང་མགོ་འཁོར་ནད། ཕོ་བ་དང་མཁལ་མའི་མེ་དྲོད་ཞན་པའི་ནད། མཇིང་ཚིགས་ནད། མཁལ་འགྲམས་ནད། གྲང་གྲུམ་དང་རུས་གྲུམ་ནད། རྩ་དཀར་ནད། པགས་ནད། སྐྲངས་འབུར་རིགས། དེ་མིན་བླ་གཉན་ལྡན་འདུས་དང་བཅོས་མང་བརྡུག་པའི་ནད་གཞི་སོགས་ལ་ཕན་ནུས་ཆེན་པོ་ལྡན་ཡོད། དེའི་ཁྱད་ཆོས་ནི་འཕྲལ་དུ་ན་ཟུག་ཅོག་པ་དང་ལུས་ཁམས་དྭངས་ཞིང་ཡངས་བ། སེམས་བདེ་བ། མིག་སོགས་དབང་པོ་གསལ་བ་སོགས་དེ་མ་ཉིད་དུ་ཕན་བསྐྱེད་མངོན་གསལ་ཐུབ་པའི་སྨན་བཅོས་ངོ་མཚར་ཅན་ཞིག་ཡིན། 



ངེད་སྨན་ཁང་གི་རབ་འབྱམས་སྨན་པ་བསྟན་འཛིན་ལགས་ནས་རྡོ་རྗེ་དབྱུག་བཅོས་ཀྱི་རྒྱུད་འཛིན་སློབ་དཔོན་མགོ་ལོག་དབང་ཆེན་འབུམ་གྱི་སྨན་རམས་པ་ཏིང་འཛིན་གྱི་དངོས་སློབ་ལྗོངས་སྨན་རྩིས་ཁང་གི་སྨན་རམས་པ་ཚེ་བསྟན་མཆོག་གྱི་སྐུ་གམ་དུ་བཅར་ཏེ་རྡོ་རྗེ་དབྱུག་བཅོས་ཀྱི་ལུང་ཁྲིད་ལག་ལེན་དང་བཅས་པ་ཚད་ལྡན་ཐོབ་ནས་ཕྱག་ལེན་ཁྱད་འཕགས་ཅན་དེ་ངེད་སྨན་ཁང་དུ་སྨན་བཅོས་བྱེད་ཞིང་ཡོད་པ་དེ་ཡང་ཉིང་ཁྲིའི་ཁུལ་དུ་དབྱུགས་བཅོས་ལག་ལེན་གྱི་བོད་ལུགས་གསོ་རིག་སྨན་ཁང་དང་པོར་འགྱུར་པས། རྒྱ་ཆེའི་མང་ཚོགས་རྣམས་ནས་དེ་དོན་མཁྱེན་རྟོགས་དང་དབྱུགས་བཅོས་གནང་རྒྱུར་ཕེབས་པར་དགའ་བསུ་ཞུའོ།།།།

                           ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་ནས།


西藏林芝市藏医院
林芝市藏医院是一所集藏医医疗、保健、科研、教学、生产和文化为一体的三级乙等藏医医院,是林芝市七县区藏医院医联体牵头单位和西藏藏医药大学非直属附属医院。
 最新文章