མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་དང་ཤེས་རྟོགས་བྱུང་བའི་ཁུངས་སྣེ་གཞིར་བཟུང་ནས། ཟླ་བ11པའི་ཚེས་4ཉིན་གྱི་སྔ་དྲོར། ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུས་བཟའ་སྨན་ཁོར་གསུམ་ཉེས་གསོག་མྱུལ་ཞིབ་རུ་ཆེན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ནན་དབྱང་ཆུ་མོག་ཟས་ཁང་ལ་འཕྲལ་སྒྲུབ་ཞིབ་བཤེར་བྱས་ཡོད་པ་རེད།
ཞིབ་བཤེར་བྱེད་སྐབས་ཟ་ཁང་དེའི་ནང་བཟའ་བཅའི་རྒྱུ་ཆ་གསོག་ཉར་ཡག་པོ་བྱས་མེད་པ་དང་གཙང་སྦྲ་ཧ་ཅང་ཞན་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་བས་འཛད་སྤྱོད་པའི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོས་བཞིན་ཡོད། མིག་སྔར། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་ཁྲིམས་ལྟར་ཟ་ཁང་དེར་གཉེར་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་བཅུག་ཡོད་པ་རེད།
1.ཐབ་ཚང་ཁྱོན་ཡོངས་ཀྱི་འཕྲོད་བསྟེན་བཙོག་ཟིང་ཞན་གསུམ་ཡིན་པ།
2.ཐབ་ཚང་གི་ཆུ་འགྲོ་དུས་ཐོག་ཏུ་གཙང་སེལ་བྱས་མེད་པ་དང་། ཐབ་ཚང་ནང་དུ་གད་སྙིགས་ཕུང་གསོག་ཐེབས་པ།
3.འབྲས་བཙོ་སའི་ཕྱི་ནང་གི་གཙང་སྦྲ་ཞན་ཞིང་། དུས་བཅད་ལྟར་གཙང་སྦྲ་བྱས་མེད་པ།
4.བཟའ་བཅའི་རྒྱུ་ཆ་ཉར་ཚགས་ཡག་པོ་བྱས་མེད་པ།
5.དུག་སེལ་སྒམ་གྱིས་དུག་སེལ་བྱེད་ཀྱི་མེད་པ།
玉树市公安局
发布 ▏传媒中心