点击上方蓝字关注我们
天气逐渐寒冷
གནམ་ཟླ་ཇེ་འཁྱག་ལ་སོང་བ་དང་བསྟུན།
རྡོ་སོལ་འབུད་པ་དང་སོལ་རླངས་བེད་སྤྱོད་བྱེད་ཐེངས་མང་བས།
གལ་ཏེ་ཁང་བའི་ནང་དུ་རླུང་རྒྱུ་ཚད་ཉུང་ན།
རྡོ་དུག་ཕོག་ཉེན་ཧ་ཅང་ཆེ།
སོལ་རླངས་ཀྱིས་དྲོད་འདོན་པ།
༢༠༢༤ལོའི་ཟླ༡༡པའི་ཚེས༢༢ཉིན།ཧུའུ་ནན་ཁྲང་ཧྲ་ཡི་སྐྱེས་པ་ཞིག་གིས་རང་ཁྱིམ་ནས་སོལ་རླངས་ཐབ་ཀས་དྲོད་ལངས་མོད།ཁོས་ཐབ་ཀའི་དབུགས་སྒོ་གཏན་པོར་མ་རྒྱབ་པ་མ་ཟད་སྒོ་སྒེའུ་ཁུང་བརྒྱབ་ཏེ་དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག
རྡོ་སོལ་བུད་ནས་དྲོད་ལེན་པ།
༢༠༢༤ལོའི་ཟླ༡༡བའི་ཚེས༩ཉིན་གྱི་ཞོགས་པར།ཡུན་ནན་ཀྲིན་ཞོང་ཕའོ་ཅིས་གྲོང་རྡལ་ཀཱ་བ་སྡེ་བའི་སྡེ་མི་ཝུའུ་ཆེ་གེ་མོ་ཡིས་རང་ཁྱིམ་ནས་རྡོ་སོལ་བུད་པ་མ་ཟད་སྒོ་སྒེའུ་ཁུང་ཚང་མ་གཏན་པོར་བརྒྱབ་ནས་རྡོ་དུག་ཕོག་སྟེ་མི་བཞི་རྐྱེན་ལམ་དུ་ཤོར་ལ་མི་གཅིག་ལ་རྨས་སྐྱོན་ཕོག
2023年12月22日,河南安阳一美食城包间内,6名顾客使用炭火吃火锅,发生一氧化碳中毒,导致3人不幸身亡、3人受伤。
སོལ་རླངས་མེ་ཁོག
༢༠༢༣ལོའི་ཟླ༡༢བའི་ཚེས༢༢ཉིན།ཧི་ནན་ཨན་དབྱང་གི་ཟས་མཆོག་གླིང་ཞིག་ནས་མི་དྲུག་གིས་སོལ་རླངས་མེ་ཁོག་འཐུང་སྐབས།དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་ནས་མི་གསུམ་རྐྱེན་ལམ་དུ་ཤོར་ལ་མི་གསུམ་ལ་རྨས་སྐྱོན་ཕོག
2023年12月16日15时许,山西太原一自建出租房发生一氧化碳中毒事故,造成29人受伤。事故直接原因为锅炉安装在封闭房间内且没有通风设施,锅炉内燃烧不充分,烟气中含有一定浓度的一氧化碳,通过锅炉炉体与烟道连接缝隙处外溢,导致多名房客中毒。
ལྕགས་ཐབ་ནས་དྲོད་འདོན་པ།
༢༠༢༣ལོའི་ཟླ༡༢བའི་ཚེས༡༦ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་།ཧྲན་ཤིས་ཐའེ་ཡོན་གྱི་ཐོག་ཁང་གླས་མ་ཞིག་གི་ཁང་བའི་རླུང་རྒྱུ་ཚད་མི་བཟང་བ་དང་རླུང་རྒྱུ་བྱེད་ཀྱི་སྒྲིག་ཆས་གཅིག་ཀྱང་མེད་པས་མི་29ལ་དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་སྟེ་ཚད་རིམ་མི་འདྲ་བའི་རྨས་སྐྱོན་བཟོས།
2023年1月22日,江苏一对母子在家中用铸铁炭火炉围炉煮茶,因天冷关闭门窗,导致2人一氧化碳中毒身亡。
ལྕགས་ཐབ་སྟེང་དུ་ཇ་བསྐོལ་བ།
༢༠༢༣ལོའི་ཟླ༡པོའི་ཚེས༢༢ཉིན།ཅང་སུའུ་ཡི་མ་བུ་གཉིས་ཀྱིས་སོལ་རླངས་ཀྱི་ལྕགས་ཐབ་སྟེང་ཇ་བསྐོལ་མོད།ཡིན་ཡང་ཁང་བའི་སྒོ་སྒེའུ་ཁུང་བརྒྱབ་ཡོད་པས་རྐྱེན་གྱིས་ཁོང་གཉིས་ཀ་རྐྱེན་ལམ་དུ་ཤོར།
2023年1月5日,湖南岳阳一出租房内,因长时间使用热水器导致5人因一氧化碳中毒不幸身亡。
སོལ་རླངས་ཀྱི་ཆུ་སྲོ་ཆས།
༢༠༢༣ལོའི་ཟླ༡པོའི་ཚེས༥ཉིན།ཧུའུ་ནན་ཡའེ་དབྱང་གི་ཁང་བ་གླས་མ་ཤིག་གི་ནང་ནས་སོལ་རླངས་ཀྱི་ཆུ་སྐོལ་ཏེ་ཁྲུས་བྱེད་སྐབས།རླུང་རྒྱུ་མ་ཐུབ་པར་དུས་ཡུན་རིང་བོ་ཞིག་འགོར་སོང་བས།མི་ལྔ་ལ་དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་སྟེ་རྐྱེན་ལམ་དུ་ཤོར།
དབྱང་གཅིག་ཐཱན་རྫས་ནི་མདོག་མེད་དྲི་མེད་ཀྱི་དབུགས་གཟུགས་རིགས་ཤིག་ཡིན་པས།
དུས་རྒྱུན་འཚོ་བའི་ཁྲོད་ཧ་ཅང་ཚོར་དཀའ།
གལ་ཏེ་འབྱིན་རྔུབ་བྱེད་རྒྱུ་མང་དྲགས་ན་ཚེ་སྲོག་ཤོར་བའི་ཉེན་ཁ་ཧ་ཅང་ཆེ།
དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་པའི་རྒྱུ་རྐྱེན།
如何识别一氧化碳中毒
དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་ཡོད་མེད་ཇི་ལྟར་ཤེས་དགོས།
དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་པར་སྔོན་འགོག་བྱ་ཆེད།
ང་ཚོས་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ངོས་འཛིན་ནོར་འཁྲུལ་ཅན་འདི་དག་ལ་གཟབ་གཟབ་བྱེད་དགོས།
དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་སྐབས་ཀྱི་ངོས་འཛིན་ནོར་འཁྲུལ་ཅན་བདུན།
གཉིས། རྡོ་རླངས་དང་དྲི་ངན་མེད་ན་དུག་ཕོག་མི་སྲིད་པ།
གསུམ། སྒོ་སྒེའུ་ཁུང་ལ་སྲུབས་ཡོད་ན་དུག་ཕོག་མི་སྲིད་པ།
དྲུག ལྕགས་ཐབ་སྟེང་ནས་སྟར་ཀ་དང་ཚ་ལུ་མ་བསྲེགས་ན་དུག་སེལ་ཐུབ་པ།
བདུན། སྐྱུར་ཁུ་དང་ཚལ་སྐྱུར་ཁུ་ཡིས་དུག་ཕོག་མཁན་སྐྱོབ་ཐུབ་པ།
གལ་ཏེ།དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་ན
ངེས་པར་དུ་སེམས་ལྷོད་ལ་བབས་ཏེ།
ཆེད་ལས་ཀྱི་རོགས་སྐྱོར་བྱེད་པར་ཡར་ཞུ་བྱས་ནས།
ཚན་རིག་ལྟར་ཐག་གཅོད་བྱ་དགོས།
一氧化碳中毒的紧急处理
དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་ན་ཐག་གཅོད་ཇི་ལྟར་བྱ་དགོས།
དབྱང་གཅིག་ཐཱན་རྫས་ཀྱི་ཡོང་ཁུངས་མཚམས་གཅོད་པ།
རང་ཉིད་མྱུར་སྐྱོབ་བྱ་ཐབས།
གཉིས། དྲན་པ་རབ་རིབ་དང་གོམ་ཁ་མི་བརྟན་པ།དྲན་པ་མི་གསལ་བ་སོགས་ཀྱི་ནད་གཞི་ཡོད་པས་ནད་པ་དག་ལ་ངེས་པར་དུ་ཡུལ་དངོས་ནས་མྱུར་སྐྱོབ་བྱས་ནས་120ལ་ཁ་པར་བཏང་སྟེ།མྱུར་དུ་མཐོ་གནོན་དབྱང་རླུང་གིས་གསོ་བཅོས་བྱེད་དགོས།
注
1、本作品版权所有,转载请标明出处
2、版权归原作者所有,如有侵权请联系删除
投稿邮箱:
xhxrmtzx123456@163.com(图文投稿)
3605825807@qq.com(短视频投稿)