སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་གཟི་འོད་འཕྲོ་རུ་འཇུག་པ།

政务   2025-02-01 21:31   四川  

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དེ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དང་ཁ་འབྲལ་ཐབས་མེད་ཅེས་བསྟན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཀྱི་རྟོག་ཞིབ་གནང་རིང་། རིག་གནས་གནའ་ཤུལ་ཁུལ་དུ་ཐེངས་མང་ཕེབས་ནས་རྒྱུན་འཛིན་དང་སྲུང་སྐྱོབ་སྐོར་ལ་གཟིགས་ཞིབ་གནང་བ་དང་། མི་རིགས་ཁག་གི་མང་ཚོགས་ཁྲོད་དུ་ཕེབས་ནས་ཚང་མ་དང་མཉམ་དུ་དམངས་སྲོལ་ཉམས་ལེན་དང་ལོ་གསར་གྱི་རྣམ་པར་མྱོང་ཚོར་གནང་ནས། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གོང་འཕེལ་ལ་སྐུལ་འདེད་བཏང་གནང་ཡོད། མུ་འབྲེལ་ལེ་ཚན《བདེ་སྐྱིད་ལྡན་པའི་ཐུགས་ཁུར》ཞེས་པ་ལས་དེ་རིང《སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་གཟི་འོད་འཕྲོ་རུ་འཇུག་དགོས》ཞེས་པ་བཀོད་སྒྲིག་ཞུ་རྒྱུ་ཡིན། 

དཔྱིད་གསར་དུས་ཆེན་གྱི་གུང་གསེང་འདིར། ཐེན་ཅིན་གནའ་བོའི་རིག་གནས་ཁྲོམ་གཞུང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། གྲོང་མི་དང་ཡུལ་སྐོར་བས་དེ་གར་ཐེན་ཅིན་གྱི་ཁ་ཟས་བྲོ་བ་མྱོང་བ་དང་དམངས་སྲོལ་འཁྲབ་སྟོན་ལ་གཟིགས་བཞིན་མཆིས།

ཧའེ་ཧོ་ཆུ་བོའི་འདབས་ཀྱི་གནའ་བོའི་རིག་གནས་ཁྲོམ་གཞུང་ལ“ཅིན་མོན་གྱི་ཕ་ས”ཞེས་འབོད་བཞིན་ཡོད། སྤྱི་ལོ་2024ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདི་གར་ཕེབས་ནས་སྲང་ལམ་བརྒྱུད་ཞབས་ཐང་ལ་ཁྱད་ལྡན་ཚོང་ཁང་ནང་ཕེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དང་ཁ་འབྲལ་ཐབས་མེད་པས། ལོ་རྒྱུས་རིག་གནས་ཁྲོམ་ཁུལ་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ་དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་པོའི་འཛུགས་སྐྲུན་ཁྲོད་འོད་སྟོང་འཕྲོ་རུ་འཇུག་དགོས་ཞེས་བསྟན་གནང་ཡོད། 

དངོས་མིན་རིག་གནས་ཤུལ་བཞག་ལག་རྩལ་ལས་ལོ་རྒྱུས་ཁྲོམ་གཞུང་བར། ཐེན་ཅིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ལོ་གཅིག་ལྷག་ཙམ་རིང་གནའ་བོའི་རིག་གནས་ཁྲོམ་གཞུང་གི་ལས་རྣམ་མུ་མཐུད་ལེགས་སུ་བཏང་ནས་ཚོང་རྟགས་རྙིང་པ་དང་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཚོང་ཁང་སུམ་ཅུ་བཞི་བཅུ་ནང་འདྲེན་གཅིག་སྡུད་བྱས་ཡོད་པ་དང་། རིག་གནས་ཉམས་ལེན་གྱི་ས་རྟགས་གསར་པ་དང་རིག་གནས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་མུ་མཐུད་དུ་བཏོད་ཡོད། 

དགའ་སྤྲོ་དང་ཞི་བདེའི་ཀྲུང་གོའི་ལོ་གསར་གྱི་སྐབས་སུ། གཙང་པོའི་ལྷོ་བྱང་ཚང་མར་ལྒང་ཞུ་སྣ་ཚོགས་བཀལ་ཞིང་ལོ་གསར་གྱི་གོམས་སྲོལ་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པོ་སྤེལ་བཞིན་ཡོད། ཡུན་ནན་ཐེང་ཁྲུང་སི་མོ་ལ་དབའ་རིགས་གྲོང་ཚོར་བསྐྱོད་སྐབས། གྲོང་མི་ཚོས་ཤིང་རྔ་རྡུང་བ་དང་ཞབས་བྲོ་འཁྲབ་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་ལ་བསུ་བ་ཞུ་བཞིན་ཡོད།

“སི་མོ་ལ”ཞེས་པ་ནི་དབའ་རིགས་ཀྱི་སྐད་ཡིན་ཞིང་། དེའི་དོན་ནི་བདེ་སྐྱིད་ལྡན་པའི་ས་ཆ་ཞེས་པ་ཡིན་པ་དང་། གྲོང་ཚོ་དེར་ལོ་ངོ་500ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ་སྤྱི་ལོ་2020ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སན་ཅ་གྲོང་ཚོའི་ཀྲུང་ཀྲའེ་སི་མོ་ལ་དབའ་རིགས་གྲོང་ཚོར་ཕེབས་ནས་གྲོང་གསེབ་དར་རྒྱས་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། 

ལོ་འདི་དག་རིང་། སི་མོ་ལ་དབའ་རིགས་གྲོང་ཚོས་འབྱུང་ཁམས་ཁོར་ཡུག་བཟང་པོ་དང་ཐུན་མིན་གྱི་མི་རིགས་རིག་གནས་ལ་གཞི་ཚུགས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་མགྱོགས་པོ་བཏང་བ་དང་། གྲོང་མི་ཡོངས་གྲོང་གསེབ་ཡུལ་སྐོར་ནང་ཞུགས་རྒྱུར་ཁྲིད་སྟོན་མཛད་དེ་དབའ་རིགས་ཀྱི་རི་མོ་དང་དབའ་རིགས་ཀྱི་གྱོན་ཆས་སོགས་ཁྱད་ཆོས་མི་འདྲ་བའི་ལས་རྣམ་གོང་འཕེལ་བཏང་ཡོད་པ་དང་། ཡུལ་དེ་གའི་ཁྱད་ཆོས་ལྡན་པའི་ཉི་གདུགས་དང་། ཤིང་རྔ་། ཤིང་བརྐོས་སོགས“རིག་གནས་གསར་གཏོད་ཐོན་རྫས”སྤུས་ལེགས་བཏོད་ཡོད། སྤྱི་ལོ་2024ལོར། སི་མོ་ལ་དབའ་རིགས་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་43ལ་སྣེ་ལེན་ཞུས་ཡོད་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་646.11མངོན་འགྱུར་བྱུང་ཡོད། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24000ལྷག་ཙམ་ཟིན་ནས་ལོ་ལྔའི་གོང་ལས་ལྡབ་གཅིག་འཕར་ཡོད། 

ལག་རྩལ་རེ་རེ་དང་སྒྱུ་རྩལ་རེ་རེས་རིག་གནས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་རྒྱུན་འཛིན་དང་། སོ་ཕག་རེ་རེ་དང་རྫ་གཡམ་རེ་རེས་ལོ་རྒྱུས་ཀྱི་རྗེས་རྟགས་སྲུང་སྐྱོབ་བྱེད་བཞིན་ཡོད། དཔྱིད་གསར་དུས་ཆེན་གྱི་སྐབས་སུ། ཧྲན་ཞི་ཕིང་ཡའོ་གནའ་གྲོང་དུ་ལོ་གསར་གྱི་རྣམ་པ་ཟབ་མོ་ལྡན་ཡོད།

ལོ་ངོ་2800ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཕིང་ཡའོ་གནའ་གྲོང་ནི་འཛམ་གླིང་གི་རིག་གནས་ཤུལ་བཞག་ཡིན་པ་དང་། རང་རྒྱལ་གྱི་ཉར་ཚགས་ཆེས་ཆ་ཚང་ཤོས་ཀྱི་གནའ་གྲོང་གི་གྲས་ཤིག་ཡིན། སྤྱི་ལོ་2022ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཁར་གྱང་ཐོག་ཕེབས་ནས་གནའ་གྲོང་གི་རྣམ་པ་ཡོངས་ལ་གཟིགས་ཞིབ་གནང་ཡོད། ཁོང་གིས། ལོ་རྒྱུས་རིག་གནས་ཤུལ་བཞག་ཕྱོགས་ཡོངས་ནས་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ཡུལ་སྐོར་གོང་འཕེལ་དང་ཁྱད་ལྡན་གཉེར་སྐྱོང་། གནའ་གྲོང་སྲུང་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། སྔོན་རབས་པས་ང་ཚོར་བཞག་པའི་རྩ་ཆེའི་རྒྱུ་ནོར་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཕིང་ཡའོ་ཡིས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིག་གནས་ཀྱི་གསོན་རྣམ་རྒྱུན་འཛིན། ཐོན་ལས་འཕེལ་རྒྱས་གསར་གཏོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་སོགས་རིགས་ཆེ་བ་4དང་བྱེ་བྲག་གི་ལས་འགན་47བཟོས་པ་དང་། སྔ་རྗེས་སུ་ལག་རྩལ་137འགྲེམས་སྟོན་བྱེད་སའི་དངོས་མིན་རིག་གནས་ཤུལ་བཞག་ཁང་བསྐྲུན་པ་དང་། གནའ་བོའི་ཁྲོམ་ལམ་72ཉམས་གསོ་བྱས་པ། སྒོ་ར་506ཉམས་གསོ་བྱས་ཡོད། དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། ཕིང་ཡའོ་གནའ་གྲོང་གི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རྣམ་གྲངས་ཀྱང་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ནས། དེ་སྔོན་གནའ་གྲོང་གི་གྲོང་མིའི་འཚོ་བར་ཤུགས་རྐྱེན་ཐེབས་པའི་ཆུ་དང་གློག རླངས་སོགས་ཀྱི་དཀའ་གནད་རྦད་དེ་ཐག་གཅོད་ཐུབ་ཡོད་པ་རེད། ལོ་ངོ་སྟོང་གི་གནའ་གྲོང་དེ་ཉིད་དུས་ཚོད་ཇི་ཙམ་སོང་ན་དེ་ཙམ་གྱིས་གསོན་ཤུགས་རྒྱས་པར་འགྱུར་བཞིན་ཡོད། 

ལོ་གསར་པར། ཧྲན་ཞི་ཡིས་སྲོལ་རྒྱུན་རིག་གནས་ཐོན་ཁུངས་ཀྱི་གཞི་གྲངས་མཛོད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས། རིག་གནས་ཤུལ་བཞག་ཡུན་རིང་ཉར་ཚགས་དང་རྒྱ་ཁྱབ་ངང་ཁྱབ་སྤེལ་ཐུབ་པ་བྱ་རྒྱུ་དང་། རྟེན་རྫས་བཤམས་མཛོད་ཁང་ཁག་གཅིག་གསར་སྐྲུན་དང་སྒྱུར་བཀོད་བྱས་ཏེ། ཧྲན་ཞི་ཚོང་པའི་རིག་གནས་དང་གནའ་བོའི་བཟོ་སྐྲུན་སོགས་ལོ་རྒྱུས་ཤུལ་བཞག་གཅིག་སྡུད་ཐོག་འགྲེམས་སྟོན་གྱིས་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། 




ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་པ། བསོད་ནམས་སྒྲོལ་མ།

ཞིབ་བཤེར་བ ། བསྐལ་བཟངལྷ་མོ།



版权及免责声明

《中国色达》微信公众号非原创转载文章所含部分文字、图片、音视频来自互联网,仅作为分享之用,文章所含文字、图片、音视频版权属于原作者。如分享内容侵犯您的版权或为非授权发布,请及时与我们联系,以便审核处理。

长按,识别二维码,加关注 


中国色达
宗旨:围绕中心,服务大局;贴近群众,凝心聚力;体现时代特征,突出地域特色。 理念:权威信息发布、热点事件回应、传递民众声音。 追求:讲述色达好故事 传递色达好声音。
 最新文章