亚东县公安局关于开展防范打击盗窃违法犯罪专项行动暨“猎鼠1号”行动的通告

政务   2025-01-19 20:25   西藏  




亚东县公安局关于开展防范打击盗窃违法犯罪专项行动暨“猎鼠1号”行动的通告


为深入贯彻落实党的二十大和二十届二中、三中全会精神,贯彻落实党中央和区市党委、政府关于防范打击盗窃违法犯罪的决策部署,保障人民群众财产安全,营造安宁祥和的节日氛围,进一步提高人民群众的获得感、幸福感、安全感,即日起,亚东县公安局将在全县范围内开展防范打击盗窃违法犯罪专项暨“猎鼠1号”行动,现通告如下。

一、打击重点

1.盗窃违法犯罪行为。如:入室盗窃、盗窃电动车摩托车、盗窃车内财物、盗窃肉制品、盗窃牲畜等。

2.明知是盗窃违法犯罪所得及其产生的收益而窝藏、转移、收购、代为销售或者以其他方法掩饰、隐瞒的违法犯罪行为。

3.明知是盗窃犯罪嫌疑人而提供隐藏处所、财物、帮助逃匿或者作假证明包庇的违法犯罪行为。

二、敦促上述违法犯罪行为者,立即停止一切侵害群众财产安全违法犯罪行为,主动向公安机关投案自首。

三、凡主动投案并如实供述违法犯罪事实的,可以依法从轻或者减轻处罚,犯罪较轻的,可以免除处罚;对揭发他人违法犯罪行为,查证属实的,或者提供重要线索,从而得以侦破其他案件等立功表现的,可以依法从轻或者减轻处罚;有重大立功表现的,可以减轻或者免除处罚。

四、呼吁广大群众增强防盗意识,加强防盗措施,积极参与社会治安巡逻防控工作,共同营造严防严打盗窃违法犯罪的浓厚社会氛围。

五、鼓励广大人民群众积极向公安机关举报盗窃违法犯罪活动、提供违法犯罪活动线索,动员、规劝在逃犯罪嫌疑人投案自首。凡举报属实的,按照规定予以奖励,公安机关将依法保护举报人的个人信息。对窝藏、包庇涉盗窃违法犯罪分子、帮助违法犯罪分子毁灭、伪造证据的,依法追究法律责任。对威胁、报复举报人、控告人的,依法从重追究法律责任。

亚东县公安局举报电话:0892-8222773

下司马镇边境派出所举报电话:0892-8224110

下亚东乡边境派出所举报电话:0892-8226288

上亚东乡边境派出所举报电话:0892-8226228

帕里镇边境派出所举报电话:0892-8220110

堆纳乡边境派出所举报电话:0892-8226110

吉汝乡边境派出所举报电话:0892-8936204

康布乡边境派出所举报电话:0892-8226336




   ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་།རྐུ་ཁྱེར་གྱི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་། རྡུང་རྡེག་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད།སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ།མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་འགན་སྲུང་དང་།ལྷིང་འཇགས་ཞི་མཐུན་གྱི་དུས་ཆེན་གྱི་རྣམ་པ་བསྐྲུན་པ།མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་།སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ།བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་ཆེད། དེ་རིང་ནས་བཟུང་།གྲོ་མོ་རྫོང་སྤྱི་བདེ་ཅུས་ཀྱི་རྐུ་ཁྱེར་གྱི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་དང་“བྱི་རྔོན་ཨང་1པོའི”བྱ་སྤྱོད་སྤེལ་རྒྱུ་ཡིན་པས།ད་ལྟ་བརྡ་ཁྱབ་བྱེད་རྒྱུ་གཤམ་གསལ།
    གཅིག  རྡུང་རྡེག་གཏོང་བའི་གནད་དོན།
1、རྐུ་ཁྱེར་གྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད།དཔེར་ན།ཁང་པའི་ནང་དུ་འཛུལ་ནས་རྐུ་ཁྱེར་བྱེད་པ་དང་།གློག་སྒུལ་འཁོར་རིགས་དང་སྦག་སྦག་རྐུ་ཁྱེར་བྱེད་པ།རླངས་འཁོར་ནང་གི་རྒྱུ་ནོར་རྐུ་ཁྱེར་བྱེད་པ། ཤའི་ཐོན་རྫས་རྐུ་ཁྱེར་བྱེད་པ། ཕྱུགས་རིགས་རྐུ་ཁྱེར་བྱེད་པ་སོགས་ཡིན།
2、ཁྲིམས་འགལ་གྱི་རྐུ་ཁྱེར་ཉེས་གསོག་གི་ཐོབ་ཆ་དང་དེ་ལས་བྱུང་བའི་ཡོང་འབབ་ཡིན་པ་ཤེས་བཞིན་དུ་སྦས་པ་དང་།སྤོ་སྒྱུར།ཉོ་སྒྲུབ།ཚབ་འཚོང་བཅས་བྱེད་པའམ་ཡང་ན།བྱེད་ཐབས་གཞན་དག་ལ་བརྟེན་ནས་འགེབས་སྲུང་དང་སྦས་གསང་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད།    
3、རྐུ་ཁྱེར་ཉེས་གསོག་གི་དོགས་ཡོད་ཉེས་ཅན་ཡིན་པ་ཤེས་བཞིན་དུ།གབ་གནས་དང་རྒྱུ་ནོར་མཁོ་འདོན་བྱེད་པ་དང་།བྲོས་བྱོལ་བྱེད་པར་རོགས་རམ་བྱེད་པའམ་ཡང་ན།དཔང་རྟགས་རྫུན་མ་བཟོས་ནས་འགེབས་སྲུང་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད།
 གཉིས། གོང་གསལ་གྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྤེལ་མཁན་གྱིས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཐམས་ཅད་འཕྲལ་མར་མཚམས་འཇོག་བྱས་ཏེ། རང་འགུལ་ངང་སྤྱི་བདེ་ལས་ཁུངས་ལ་རང་ཉེས་ངོས་ལེན་ཞུ་རྒྱུའི་སྐུལ་མ་གཏོང་དགོས།
  གསུམ། རང་འགུལ་གྱིས་རང་ཉེས་ངོས་ལེན་ཞུས་པ་མ་ཟད་ཁྲིམས་འགལ་ཉེས་གསོག་གི་དོན་དངོས་བདེན་པ་ཡར་ཞུ་བྱས་ན།ཁྲིམས་ལྟར་ཉེས་ཆད་ཡང་དུ་གཏོང་བའམ་ཡང་ན་ཉེས་ཆད་བཅའ་ཡང་དུ་བཏང་ཆོག ཉེས་གསོག་ཅུང་ཆུང་བ་ཡིན་ན་ཆད་གཅོད་རྩ་ཆག་བཏང་ཆོག མི་གཞན་གྱི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཐེར་འདོན་བྱས་ནས་དོན་དངོས་ར་སྤྲོད་བྱས་པའམ་ཡང་ན། ཁུངས་སྣེ་གལ་ཆེན་མཁོ་འདོན་བྱས་ནས་གྱོད་གཞི་གཞན་དག་རྩད་གཅོད་ཐུབ་པ་སོགས་བྱས་རྗེས་བཞག་པའི་རྣམ་འགྱུར་བྱུང་རིགས་ལ་ཁྲིམས་ལྟར་ཉེས་ཆད་ཡང་དུ་གཏོང་བའམ། ཡང་ན་ཉེས་ཆད་བཅའ་ཡང་དུ་བཏང་ཆོག བྱས་རྗེས་བཞག་པའི་མཚོན་ཚུལ་གལ་ཆེན་ཡོད་ན།  ཆད་གཅོད་ཇེ་ཡང་དུ་གཏོང་བའམ་ཡང་ན་རྩ་ཆག་བཏངཆོག
   བཞི།  རྒྱ་ཆེའི་མང་ཚོགས་ཀྱིས་རྐུན་འགོག་གི་འདུ་ཤེས་ཆེ་རུ་གཏོང་བ་དང་། རྐུན་འགོག་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ།སྤྱི་ཚོགས་བདེ་འཇགས་སྐོར་གཡེང་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཧུར་ཐག་ཞུགས་ནས།རྐུ་ཁྱེར་གྱི་ཁྲིམས་འགལ་ཉེས་གསོག་ལ་བཀག་འགོག་ནན་པོ་དང་རྡུང་རྡེག་ནན་པོ་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཐུན་མོང་ཐོག་གཏོད་དགོས།
  ལྔ།  རྒྱ་ཆེའི་མང་ཚོགས་ཧུར་བརྩོན་ངང་སྤྱི་བདེ་ལས་ཁུངས་ལ་རྐུ་ཁྱེར་ཁྲིམས་འགལ་ཉེས་གསོག་བྱེད་སྒོ་འཐེར་འདོན་བྱེད་རྒྱུར་སྐུལ་ལྕགས་བྱས་ནས།ཁྲིམས་འགལ་ཉེས་གསོག་བྱེད་སྒོའི་ཁུངས་སྣེ་མཁོ་འདོན་དང་།   བྲོས་བྱོལ་ཕྱིན་པའི་དོགས་ཡོད་ཉེས་ཅན་རང་ཉེས་ངོས་ལེན་བྱེད་རྒྱུར་སྐུལ་སློང་དང་ཁ་ཏ་བྱེད་དགོས།  ཐེར་འདོན་བྱས་པ་དོན་དངོས་ཡིན་ཚེ།གཏན་འབེབས་ལྟར་བྱ་དགའ་སྤྲོད་རྒྱུ་དང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐེར་འདོན་བྱེད་མཁན་གྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱ་རྒྱུ་ཡིན།རྐུ་ཁྱེར་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་ཅན་སྦས་སྐུང་དང་འགེབས་སྲུང་བྱེད་པ།ཁྲིམས་འགལ་ཉེས་ཅན་གྱིས་བདེན་དཔང་རྩ་མེད་དུ་གཏོང་བ་འམ་རྫུན་བཟོ་བྱེད་པར་རོགས་རམ་བྱེད་མཁན་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བྱ་རྒྱུ།ཐེར་འདོན་བྱེད་མཁན་དང་ཞུ་གཏུག་བྱེད་མཁན་ལ་འཇིགས་སྐུལ་དང་འཁོན་ལན་སློག་མཁན་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་ནན་པོ་བདའ་འདེད་བྱ་རྒྱུ།

གྲོ་མོ་རྫོང་སྤྱི་བདེ་ཅུས་ཐེར་འདོན་ཁ་པར་ཨང་གྲངས། 0892-8222773
ཤར་སིང་མ་གྲོང་རྡལ་མཐའ་མཚམས་མངགས་གཏོང་ཁང་ཐེར་འདོན་ཁ་པར་ཨང་གྲངས།0892-8224110
གྲོ་མོ་སྨད་ཤང་མཐའ་མཚམས་མངགས་གཏོང་ཁང་ཐེར་འདོན་ཁ་པར་ཨང་གྲངས།
0892-8226288
གྲོ་མོ་སྟོད་ཤང་མཐའ་མཚམས་མངགས་གཏོང་ཁང་ཐེར་འདོན་ཁ་པར་ཨང་གྲངས།
0892-8226228
ཕག་རི་གྲོང་རྡལ་མཐའ་མཚམས་མངགས་གཏོང་ཁང་ཐེར་འདོན་ཁ་པར་ཨང་གྲངས།
0892-8220110
དུད་སྣེ་ཤང་མཐའ་མཚམས་མངགས་གཏོང་ཁང་ཐེར་འདོན་ཁ་པར་ཨང་གྲངས། 
0892-8226110
དགེ་རུ་ཤང་མཐའ་མཚམས་མངགས་གཏོང་ཁང་ཐེར་འདོན་ཁ་པར་ཨང་གྲངས།
0892-8936204
ཁམ་བུ་ཤང་མཐའ་མཚམས་མངགས་གཏོང་ཁང་ཐེར་འདོན་ཁ་པར་ཨང་གྲངས། 
0892-8226336

亚东县公安局

2025年1月19日




终审:黄 思 珍
复审:牛      枭
初审:次仁央吉
编辑:拉      吉
来源县公安局
扫码关注亚东发布了解更多亚东新闻

亚东县权威发布
亚东县官方信息发布
 最新文章