藏文科普丨突发地震灾害自救知识(一)

政务   2024-12-13 12:35   西藏  

室内紧急避震 

伏而待定

“伏而待定”,即: 就地寻找安全角落俯卧,等待地震过去,不要惊慌乱跑。这是我国古代人在与地震灾害长期斗争中总结出的重要原则,在现代多次地震中也得到验证。 

因地制宜、就近避震 

当人们感受到地震,到房屋破坏、倒塌,大约十几秒,最多三十几秒。在这段极短的时间内,只要掌握一定的知识,能临震保持头脑清醒,就可能成功地避震脱险。 

震时就近躲避、保持镇静

震时就近躲避,保持镇静,迅速用枕头或护垫护住头部,选择室内结实、能掩护身体的物体下(旁)、易于形成三角空间的地方,也可躲到墙角或管道多、整体性好的小跨度卫生间和厨房等处。震后迅速撤离到安全地方。 

为什么地震瞬间不宜夺路而逃呢?

现在城市居民多住高层楼房,根本来不及跑到楼外,反倒会因楼  道中的拥挤践踏造成伤亡。

地震时人们进入或离开建筑物时,被砸死砸伤的可能性最大。

地震时房屋剧烈摇晃,造成门窗变形,很可能打不开门窗而失去  求生的时间。

大地震时,人们在房中被摇晃甚至抛甩,站立和跑动都十分困  难。

注意不要躲到外墙窗下、电梯间,更不要跳楼,这些都是十分危险的。

如果身处平房或楼房一层,能直接跑到室外安全地点也是可行的。

如果你在教室里,要在教师指挥下迅速抱头、闭眼、蹲到各自的课桌下。地震一停,迅速有秩序撤离到教室外空旷地带,撤离时千万不要拥挤。

ཁང་པའི་ནང་དུས་ཐོག་ཏུ་ས་ཡོམ་གྱི་གནོད་འཚེར་གཡོལ་དགོས་པ།

བློ་རྩ་བརྟན་པོས་ཉེན་ཁ་ལས་གཡོལ་ཐབས་བྱེད་པ།

“བློ་རྩ་བརྟན་པོས་ཉེན་ཁ་ལས་གཡོལ་ཐབས་བྱེད་པ”ཞེས་པ་ནི་བདེ་འཇགས་ལྡན་པའི་གབ་ས་ཞིག་བཙལ་ཏེ་མར་ཉལ་ནས་ས་ཡོམ་ལ་གཡོལ་དགོས་པ་ལས་གང་བྱུང་དུ་རྒྱུག་མི་རུང་།  དེ་ནི་རང་རྒྱལ་གྱི་གནའ་རབས་མིས་དུས་ཡུན་རིང་པོའི་ནང་ས་ཡོམ་གྱི་གནོད་འཚེ་དང་འཐབ་རིང་ཕྱོགས་སྡོམ་བྱས་པའི་རྩ་དོན་གལ་ཆེན་ཞིག་རེད། དེང་རབས་ས་ཡོམ་མང་པོའི་ནང་ར་སྤྲོད་གང་ལེགས་ཐུབ་ཡོད།

ཡུལ་བབ་དང་བསྟུན་པ་དང་ཐག་ཉེ་སར་ས་ཡོམ་ལ་གཡོལ་དགོས།

མི་རྣམས་ཀྱིས་ས་ཡོམ་རྒྱག་གི་ཡོད་པ་ཚོར་བ་དང་།  ཁང་པར་གཏོར་སྐྱོན་ཕོག་པ་དང་ཁང་པ་རྡིབ་པར་སྐར་ཆུ་བཅུ་གྲངས་ལས་འགོར་གྱི་མེད།  མང་ཤོས་ལ་སྐར་ཆ་སུམ་ཅུ་ལྷག་ཙམ་ལས་འགོར་གྱི་མེད། སྐད་ཅིག་ཙམ་གྱི་དུས་ཚོད་ནང་ཤེས་ངེས་ཅན་ཞིག་ཁོང་དུ་ཆུད་པ་དང་རིག་པ་དྭངས་གསལ་བྱུང་ཚེ་ས་ཡོམ་གྱི་ཉེན་ཁ་ལས་གཡོལ་ཐུབ།

ས་ཡོམ་རྒྱག་སྐབས་ཐག་ཉེ་སར་གཡོལ་དགོས་པ་དང་། བློ་རྩ་བརྟན་པོ་དགོས། 

ས་ཡོམ་རྒྱག་སྐབས་ཐག་ཉེ་སར་གཡོལ་དགོས་པ་དང་། བློ་རྩ་བརྟན་པོ་དགོས།  སྔས་མགོ་དང་རྒྱབ་སྙེས་སོགས་ཀྱིས་མགོ་བཀབ་དགོས་པ་དང་།  སྒྲོག་ཙེ་ས་སོགས་པའི་ཅ་དངོས་མཁྲེགས་པོའི་འོག་གབ་དགོས།  ཟུར་གསུམ་དབྱིབས་ཀྱི་བར་མཐོངས་ཆགས་པར་བྱེད་པ་དང་།  གྱང་གི་ཟུར་དང་མདོང་ལམ་མང་བ་དང་། བར་ཞེང་ཆུང་བའི་གསང་སྤྱོད་དང་ཐབ་ཚང་ལ་གབ་དགོས།  ས་ཡོམ་བརྒྱབ་ཚར་རྗེས་བདེ་འཇགས་ལྡན་སར་སྐྱོད་དགོས། 

ས་ཡོམ་རྒྱག་པའི་སྐད་ཅིག་ནང་འཚང་ཁ་བརྒྱབ་ནས་བྲོས་མི་རུང་བའི་རྒྱུ་མཚན་གང་ཡིན་ནམ།

ད་ཆ་གྲོང་ཁྱེར་གྱི་གྲོང་མི་མང་ཆེ་བ་དང་ཐོག་བརྩེགས་ཁང་པའི་ནང་སྡོད་ཀྱི་ཡོད་པས་འཕྲལ་མར་ཕྱི་ལ་བྲོས་ཐབས་བྲལ་ནས་བར་འཁྱམས་སུ་འཚང་ཁ་ཐེབས་ནས་མི་སྣ་ཤི་རྨས་ཡོང་གི་ཡོད།

ས་ཡོམ་རྒྱག་སྐབས་མི་རྣམས་ཁང་པའི་ནང་ནས་ཕྱིར་ཐོན་པའམ་ཡང་ན་ཡར་འཛུལ་སྐབས་ཤི་རྨས་ཡོང་ཉེན་ཆེན་པོ་ཡོད།

ས་ཡོམ་རྒྱག་སྐབས་ཁང་པར་ཡོམ་ཆེན་པོ་བརྒྱབ་ནས་སྒོ་དང་སྒེའུ་ཁུང་འཁྱོག་ནས་ཕྱེ་མི་ཐུབ་པའམ་ཡང་ན་འཚོ་གནས་ཀྱི་གོ་སྐབས་ཤོར་གྱི་ཡོད། 

ས་ཡོམ་ཆེན་པོ་རྒྱག་སྐབས་མི་རྣམས་ཁང་པའི་ནང་ཡོམ་འཁྱོར་ཆེན་པོ་ཐེབས་ནས་ཡར་ལངས་པའམ་ཡང་ན་ཕྱིར་བྲོས་པར་དཀའ་ངལ་ཆེན་པོ་ཡོད།

གྱང་དང་སྒེའུ་ཁུང་འོག་གབ་མི་རུང་ལ་གློག་སྐས་ནང་གབ་མི་རུང་དང་།  ཐོག་ཁ་ནས་མཆོང་པ་སོགས་དེ་བས་བྱེད་མི་རུང་།  དེ་ལྟར་བྱས་ཚེ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།

ཁང་པ་ཐོག་གཅིག་མ་དང་ཐོག་ས་དང་པོར་བསྡད་ཡོད་ཚེ་བདེ་འཇགས་ལྡན་སར་བྲོས་ཐུབ་ན་གང་མགྱོགས་བྲོས་དགོས།

གལ་ཏེ་ཁྱེད་རང་སློབ་ཁང་ནང་ཡོད་ཚེ་དགེ་རྒན་གྱི་མཛུབ་ཁྲིད་འོག་མགོ་བོ་བཀབ་པ་དང་མིག་བཙུམ་ནས་རང་ཉིད་ཀྱི་སྒྲོག་ཙེའི་འོག་གབ་དགོས།  ས་ཡོམ་འཇགས་རྗེས་འཕྲལ་དུ་སློབ་ཁང་ཕྱིར་བྲོས་དགོས།  ཕྱིར་བྲོས་སྐབས་འཚང་ཁ་གཏན་ནས་རྒྱག་མི་རུང་། 



来源:科普西藏

往期回顾

· 拉萨强力推进“五大工程”,奋力打造习近平文化思想的生动实践地

· 【学习园地】坚持全面依法治国——牢牢把握进一步全面深化改革的重大原则

· 应急科普丨地震来了怎么办?

松赞故里  天边墨竹

01

02

03

04

05

滑动查看更多

扫码关注我们


投稿邮箱:mzgkxwxcb@163.com

微墨竹
发布墨竹工卡县新闻、服务、信息等
 最新文章