ས་ཡོམ་སྐོར་གྱི་རྒྱུན་ཤེས།

民生   2025-01-07 17:10   西藏  

ས་ཡོམ་བརྒྱབ་སྐབས་རང་སྐྱོབ་ཇི་ལྟར་བྱེད་དགོས།

ཡོམ་གཡོལ་ཇི་ལྟར་བྱེད་དགོས།

ས་ཡོམ་རྒྱག་དུས་རྒྱུག་འགྲོ་དགོས་སམ་ཡང་ན་གཡོལ་ནས་བསྡོད་དགོས་།

ས་འགུལ་རྒྱག་དུས། ཆེས་ནུས་པ་ལྡན་པའི་ཐབས་ཤེས་ནི། སེམས་མནན་ནས་ས་ཆ་དེ་རང་དུ་འགུལ་གཡོལ་བྱ་ཐབས་བྱེད་དགོས་། ཡོམ་རྒྱག་སྐབས་ཐག་ཉེ་སའི་ས་ཆར་གཡོལ་ནས་བསྡད་དེ་ཡོམ་ཚམ་འཇོགས་རྗེས་མགྱོགས་མྱུར་ངང་བདེ་འཇགས་ཀྱི་ས་ཆར་ཕྱིར་འཐེན་བྱེད་དགོས་། ས་འགུལ་ལས་གཡོལ་སྐབས་ཁང་པའི་ནང་གྱི་ས་སྲ་མོ་ཡིན་ལ་ལུས་ཕུང་འགེབས་སྲུང་བྱེད་ཐུབ་པའི་དངོས་པོའི་འོག་གམ་ཡང་ན་ཟུར་གསུམ་བར་སྟོང་ཆགས་སླ་བའི་ས་ཆ་དང་ཕྱི་ཡངས་ཤིང་བདེ་འཇགས་ཀྱི་ས་གནས་འདེམས་དགོས་།

ས་ཡོམ་བརྒྱབ་སྐབས་གཡོལ་ཐབས་སྐོར།

དང་ཐོག་གང་ཐུབ་ཀྱིས་རང་ཉིད་ཀྱི་མགོ་ལ་སྲུང་སྐྱོབ་བྱེད་དགོས། གལ་ཏེ་ཡོམ་ཆེན་པོ་མེད་ན་ཁང་པའི་ཕྱི་ནས་ཕྱིར་བུད་དེ་ཡངས་ཤིང་རྒྱ་ཆེ་བའི་ས་ཆར་འགྲོ་ཐུབ་པ་བྱེད་དགོས། གལ་ཏེ་ཁོམ་པ་མ་བྱུང་ན། ཁྱིམ་ཆས་སྲ་མོའི་འོག་ཏུ་གནས་སྐབས་སུ་གཡོལ་ཏེ། ཡང་བསྐྱར་གོ་སྐབས་བཙལ་ནས་མགྱོགས་མྱུར་ངང་ཕྱི་རོལ་གྱི་བདེ་འཇགས་ཁུལ་དུ་སྤོ་དགོས།

ཕྱི་རོལ་དུ་ཡོད་སྐབས་ས་འགུལ་བྱུང་ཚེ་ཇི་ལྟར་གཡོལ་དགོས་སམ།

ཙོག་པུར་བསྡད་ནས་ས་ལས་ལངས་ཏེ་ཐང་ལ་མི་འགྱེལ་བར་བྱ་དགོས། གང་སར་མ་རྒྱུག་པར་མི་མང་བའི་ས་ཆ་ནས་གཡོལ་དགོས། ལྷག་པར་དུ་ཁང་པའི་ནང་དུ་ལོག་མི་རུང།

གལ་ཏེ་ཉེ་འཁོར་དུ་མཐོ་ཞིང་ཆེ་བའི་འཛུགས་སྐྲུན་དངོས་པོ་དང་ཐོག་ཁང། ལྷག་པར་དུ་ཤེལ་གྱི་གྱང་ཡོད་པའི་འཛུགས་སྐྲུན་དངོས་པོ་སོགས་ཡོད་ཚེ་གཡོལ་གང་ཐུབ་བྱེད་དགོས།     

སློབ་གྲྭའི་ནང་དུ་ས་འགུལ་ཇི་ལྟར་གཡོལ་དགོས།

སློབ་གྲྭར་སློབ་ཁྲིད་བྱེད་བཞིན་པའི་སྐབས་སུ། དགེ་རྒན་གྱི་བཀོད་འདོམས་འོག་ཏུ་མྱུར་དུ་མགོ་བོ་བསྐབ་ནས་རང་རང་གི་སྒྲོག་ཙེའི་འོག་ཏུ་གབ་དགོས། ཡང་ན་སྒྲིག་འཛུགས་ཡོད་པའི་སྒོ་ནས་མགྱོགས་མྱུར་ངང་སློབ་ཁང་ནས་ཐོན་ཏེ་བདེ་འཇགས་ཀྱི་གནས་སུ་འགྲོ་དགོས།

རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས།

ས་འགུལ་སྐབས་གལ་ཏེ་ཞིག་རོའི་འོག་ཏུ་མནན་ན། འཚོ་གནས་ཀྱི་ཡིད་ཆེས་བརྟན་པོ་དང་བབ་བརླིང་གི་སྒོ་ནས་རང་ཉིད་གནས་སའི་ཁོར་ཡུག་ལེགས་བཅོས་གང་ཐུབ་བྱས་ཏེ། བརྟན་པོའི་ངང་ཉེན་ཁ་ལས་ཐར་ཐབས་བྱེད་དགོས། ལུས་སྟེང་དུ་མི་བརྟན་པའི་རྡིབ་དངོས་དང་། ཉེན་ཁ་ཅན་གྱི་དངོས་རྫས་གཞན་པ་བཅས་ལས་གཡོལ་ཐབས་བྱེད་དགོས། ཉེ་འགྲམ་དུ་སྤོས་ཆོག་པའི་སོ་ཕག་དང་རྫ་ལེབ་སོགས་དངོས་རྫས་འཁྱེར་ནས་ཐོན་སྒོའི་བར་མཐོངས་རྒྱ་ཆེར་གཏོང་རྒྱུ་བཅས་བྱེད་དགོས། དོ་སྣང་བྱེད་དགོས་པ་ཞིག་ལ་སྤོར་མི་ཐུབ་པའི་སྐབས་སུ་ཨུ་ཚུགས་གཏན་ནས་བྱེད་མི་རུང་ལ། ཉེ་འཁོར་གྱི་གད་སྙིགས་སྔར་བས་རྡིབ་པར་སྔོན་འགོག་བྱེད་དགོས།   

རྨོངས་ཚོད་ཀྱིས་སྐད་མཐོན་པོས་སྐད་ཅོར་མི་རྒྱག་པ་དང་། ལུས་ཤུགས་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་སྲོག་སྐྱོབ་རོགས་བྱེད་དགོས།

གནོད་འཚེ་ལ་ཚབ་ཆེ་ཆུང་མེད་། སྔོན་འགོག་དུས་ཐོག་ཏུ་བྱས་ཏེ་ཡོམ་འགོག་གེགས་སེལ་དང་། ཉེན་ཁའི་འདུ་ཤེས་འཛུགས་ནས། སྲོག་ཐར་བྱེད་ཐབས་ཁོང་དུ་ཆུད་པ་བཅས་བྱས་ནས་གནོད་འཚེ་འགོག་པའི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་དགོས་།


来源:魅丽纳木湖

索县融媒
宣传党的大政方针,传播利民惠民政策,打造“神话亚拉、金色故乡”品牌形象
 最新文章