རྒྱ་གར་དང་རྒྱ་ནག་སྲིད་འཛིན་ཐུག་ཕྲད་དང་འདི་ལྟར་བྱེད་རྩིས་སོགས།

文摘   2024-10-25 00:01   青海  

ཀླད་ཀྱི་云艺文化网ཞེས་པ་དེར་ནོན་ཏེ་དོ་ཁུར་གྱིས་དང་ནང་དོན་བཀླག་རིན་ཆེ་བ་མཐོང་ཐུབ།


ད་ལྟའི་འཛམ་གླིང་གི་ཛ་དྲག་གནས་ཚུལ་ཤེས་འདོད་ན་འཕྲིན་སྟེགས་ལ་དོ་ཁུར་གྱིས།

ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཧྲན་དུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ནང་ཞུགས་སྐབས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཕྲད་གནང་ཡོད། 

ཞི་ཅིན་ཕིང་གིས། ཀྲུང་གོ་དང་རྒྱ་གར་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་བཅས་ཡིན་པ་དང་། ཕྱོགས་གཉིས་ཀ་རང་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད། ཀྲུང་གོ་དང་རྒྱ་གར་གཉིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་ཡང་དག་པའི་ཐོག་བསྐྱོད་རྒྱུ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་དབར་གྱི་འཐབ་ཇུས་ཀྱི་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས། ཕྱོགས་གཉིས་པོའི་ཕུགས་འདུན་འགྲུབ་པར་བྱ་དགོས། ཕྱོགས་གཉིས་ཀས་ད་དུང་རྒྱལ་སྤྱིའི་འགན་འཁྲི་ཕྲག་ཏུ་ཁུར་ནས་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་བྱས་ནས་རང་སྟོབས་ཆེ་རུ་གཏོང་རྒྱུར་མིག་དཔེ་འདོན་པ་དང་། འཛམ་གླིང་སྣ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་ཞེས་བསྟན་གནང་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་། 
ཡིག་སྒྱུར། བདེ་ལྷ་མོ། 
ད་ལྟའི་འཛམ་གླིང་གི་ཛ་དྲག་གནས་ཚུལ་ཤེས་འདོད་ན་འཕྲིན་སྟེགས་ལ་དོ་ཁུར་གྱིས།

སྐད་འཕྲིན་འདི་རུ་དཔེ་དེབ་སྣ་ཚོགས་པ་བཙོང་བཞིན་ཡོད་པས།
སྐུ་ཉིད་ལ་མཁོ་མོས་བྱུང་ན་སྦྲེལ་རོགས།


མིའི་འགྲོ་སྟངས།

ངའི་སློབ་གསོ་ནི་ཐོན་མིའི་སློབ་གསོ་ཡིན།

རྨ་ལྕེའི་བདག་མོའི་གྱེར་འདོན་ཚ་ཤོས།

རྒྱ་རིགས་བཙུན་མ་ཞིག་གིས་བོད་རིག་པའི་དགེ་མཚན་གླེང་བ།

ངས་ཁ་ཆེའི་ཟ་མ་མི་བཟའ་དོན་བོད་རིགས་ཟ་ཁང་དག་གི་ཆེད་ཡིན།

བོད་པ་ཕན་ཚུན་དུ་སྐད་ཡིག་གཞན་བཀོལ་བ་ནི་སྔོན་ཐོན་ཞིག་ཏུ་རློམ་མིརུང

ཕ་སྐད་ཡལ་བར་དོར་བའི་བོད་ཀྱི་གཞས་པ་གཞས་མ་འགའ།  བརྒྱུད་སྐུར་གྱིས།

ཁ་ཆེའི་ལག་ཟས་མ་གཏོཊ་མིད་ལ་ཟས་མི་འགྲོ་བའི་བོད་མི་དག་གིས་ཉོན།སོམས།

 ནང་དོན་ཡག་པོ་འདུག་ན་མཐེ་བོང་ནོན། དཔྱད་མཆན་ཕྲིས།

དོ་དམ་པར་རྒྱབ་སྐྱོར་གྱི་ཚུལ་དུ་གཤམ་གྱི་བརྡ་ཁྱབ་དང་(在看)ལན་རེ་གནོན་རོགས།

云艺文化网
དྲྭ་སྟེགས་འདི་ནི་ཆོལ་གསུམ་བོད་མིའི་རིག་གནས་སྣ་མང་གི་སྡིངས་ཆ་ཆེན་པོ་ཞིག་ཡིན་པས་སྐུ་ཉིད་འབྱོན་བསུ་ཞུ།
 最新文章