དབུལ་པོར་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་བྱ་ཡུལ་གྱི་སྲིད་ཇུས་་་་་་་་་

政务   2024-09-20 15:37   西藏  

དབུལ་པོར་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་བྱ་ཡུལ་གྱི་སྲིད་ཇུས་རེ་ཞུའི་གསལ་རྟོགས་ཤོག་བྱང་།

རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམ་ལ།

2020ལོའི་ལོ་མཇུག་བར། རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་དབུལ་ཕོངས་མང་ཚོགས་ཚང་མ་དབུལ་གྲོལ་ཐུབ་ནས་ལོ་རྒྱུས་རང་བཞིན་ལྡན་པའི་དབུལ་པོ་དབུལ་རྐྱང་གི་དུས་ཚོད་མཇུག་སྒྲིལ་ཡོད། འོན་ཀྱང་ཞིང་འབྲོག་དུད་ཚང་ཁག་ཅིག་གི་འཕེལ་རྒྱས་རྨང་གཞི་ཅུང་ཞན་པ་དང་། ཞིང་འབྲོག་དུད་ཚང་ཁག་ཅིག་ལ་ནད་གཞི་དང་། གེགས་བར། གོད་ཆག་སོགས་གྱིས་རྐྱེན་པས་གཞི་རྩའི་འཚོ་བར་ཚབས་ཆེའི་དཀའ་ངལ་འཕྲད་སྲིད། གལ་ཏེ་དུས་ཐོག་ཏུ་རོགས་སྐྱོར་བྱེད་མི་ཐུབ་ཚེ་དབུལ་པོར་བསྐྱར་ལོག་དང་ དབུལ་པོར་འགྱུར་བའི་ཉེན་ཁ་ཆེ། ཏང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། བར་བརྒལ་དུས་སྐབས་རིང་ང་ཚོས་དབུལ་པོར་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་གྱི་རྣམ་པའི་ལྟ་ཞིབ་དང་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་འཛུགས་ཡོད་པས། ད་ལྟ་འབྲེལ་ཡོད་སྲིད་ཇུས་ཀྱི་གཙོ་གནད་ནང་དོན་གསལ་བསྒྲགས་བྱེད་རྒྱུ་གཤམ་གསལ།






01

 རེ་ཞུའི་ཆ་རྐྱེན།

རང་ལྗོངས་ཀྱིས་ལོ་རེའི་མི་རེའི་ཆ་སྙོམས་ཁེར་གཙང་ཡོང་འབབ་སྒོར8000(ཚུད)ལས་དམའ་བ་རྣམས་སྤྱི་ལོ་2024ལོའི་དབུལ་པོར་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་ཁྱབ་ཁོངས་སུ་ངོས་འཛིན་རྒྱུ་དང་། འདི་ནི་དབུལ་པོར་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་བྱ་ཡུལ་ཁོངས་སུ་ཚུད་མིན་ཐད་ཀྱི་ཡོང་འབབ་གཞི་འཛིན་ས་བྱེད་རྒྱུ་ཡིན། དབུལ་པོར་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་ཁྱབ་ཁོངས་ནི་གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་གི་ཚད་གཞི་དང་། གྲོང་གསེབ་ཀྱི་ཡུལ་མིའི་ལག་ཐོག་ཡོང་འབབ་ཀྱི་འཕར་ཆག དངོས་ཟོག་རིན་གོང་འཕར་ཆག་སོགས་རྒྱུ་རྐྱེན་ཕྱོགས་བསྡུས་བྱས་ཏེ་ལོ་ལྟར་འགུལ་རྣམ་གྱི་རྣམ་པའི་ཐོག་ནས་ལེགས་སྒྲིག་བྱས་ཡོད། ལྟ་ཞིབ་བྱ་ཡུལ་གྱིས་རེ་ཞུ་འབུལ་བར་གྲོང་གསེབ་ཀྱི་ཐེམ་ཐོ་དགོས་པ་དེ་རྩ་དོན་ཐོག་ཏུ་བབ་པ་མ་ཟད། དབུལ་པོར་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་ཉེན་ཁའི་གྲས་ཉུང་མཐར་གཤམ་གསལ་གྱི་ནང་དོན་ཁག་དགོས་པ་སྟེ།

༡.ཁྱིམ་ཚང་གི་སྡོད་ཁང་གཅིག་པུ་དེར་ཉེན་ཁ་ཡོད་ཅིང་། ཁྱིམ་ཚང་ལ་ཐག་གཅོད་བྱེད་པའི་ནུས་པ་མེད་པ།

༢.ཁྱིམ་ཚང་གི་འཐུང་ཆུར་དཀའ་ངལ་འཕྲད་ཡོད་ཅིང་། ཁྱིམ་ཚང་ལ་ཐག་གཅོད་བྱེད་པའི་ནུས་པ་མེད་པ། དུས་ཡུན་ཟླ་བ་གཅིག་ཡན་འཐུང་ཆུ་ཆད་པ་དང་། ཆུའི་སྤུས་ཚད་ཡག་པོ་མེད་པ། ཆུ་ལེན་སའི་དབར་ལམ་ཐག་རིང་བ(དུས་ཚོད་ཧ་ཅང་རིང་བ)སོགས།

༣.ཁྱིམ་ཚང་གི་ཁོངས་མིར་ནད་གཞི་ཆེ་རིགས་དང་། ཚབས་ཆེའི་ནད་གཞི་རིགས། དུས་ཡུན་རིང་བའི་གཅོང་ནད་སོགས་ཕོག་ནས་སྨན་རིན་ཕོན་ཆེན་སྤྲོད་པའི་ནུས་པ་མེད་པ།

༤.ཁྱིམ་ཚང་གི་ཁོངས་མིའི་ནང་དབང་པོ་སྐྱོན་ཅན་ཡོད་པ། ངལ་ནུས་ཤོར་བ་དང་བདེ་ཐང་སླར་གསོ་བྱེད་དགོས་པ། ལྟ་སྐྱོང་བྱེད་དགོས་པ་སོགས་ཀྱིས་རྐྱེན་པས། ཡོང་བབ་ཉུང་དུ་ཕྱིན་པ་དང་འགྲོ་སོང་མང་དུ་ཕྱིན་པས་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཆེན་པོ་ཆག་པ།

༥.ཁྱིམ་ཚང་ལ་སློབ་ཆེན་འགྲིམ་བཞིན་པའི་སློབ་མ་ཡོད་པས། ཁྱིམ་ཚང་ལ་འགྲོ་གྲོན་གཏོང་བའི་ནུས་པ་མེད་པ།

༦.ཁྱིམ་ཚང་གི་ཁོངས་མིར་འགྲིམ་འགྲུལ་དང་བདེ་འཇགས་ཐོན་སྐྱེད་སོགས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ལྷག་ནས་ཡོང་བབ་ཉུང་དུ་ཕྱིན་པའམ་འགྲོ་གྲོན་མང་དུ་ཕྱིན་པས་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཆེན་པོ་ཆག་པ།

༧.ཐོན་སྐྱེད་དང་ཚོང་གཉེར་བྱེད་བཞིན་པའི་གྲོང་གསེབ་ཁྱིམ་ཚང་གི་ཐོན་ལས་རྣམ་གྲངས་ལ་ཁྲོམ་རྭའི་འཕར་ཆག་དང་མ་གནས་ལ་འགྱུར་ལྡོག་སོགས་བྱུང་ནས་ཕམ་ཉེས་བྱུང་ཏེ་ཁྱིམ་ཚང་གི་ཡོང་བབ་ཤུགས་ཆེན་པོས་ཉུང་དུ་ཕྱིན་པའམ་ཧང་སང་དགོས་པའི་ཉུང་དུ་ཕྱིན་པ།

༨.ཕྱིར་སྐྱོད་ཡོང་བབ་གསོག་མཁན་གྱི་ཁྱིམ་ཚང་ཁོངས་མིར་ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་རྭའི་འགྱུར་ལྡོག་བྱུང་བ་སོགས་ཀྱིས་རྐྱེན་པས་ལས་ཞུགས་ཡོང་བབ་ཤུགས་ཆེན་པོས་ཉུང་དུ་ཕྱིན་པའམ་ཧང་སང་དགོས་པའི་ཉུང་དུ་ཕྱིན་པ།

༩.ཁྱིམ་ཚང་གི་ངལ་ནུས་གཙོ་བོའི་ཁོངས་ཀྱི་མི་སྣ་དེ་ངལ་ནུས་མེད་པ་ཆག་པའམ་ངལ་ནུས་ཅུང་ཙམ་ཤོར་བ། ངལ་ནུས་སྐྱོ་ཙམ་ཆག་ནས་ཡོང་བབ་ཤུགས་ཆེན་པོས་ཉུང་དུ་ཕྱིན་པའམ་ཧང་སང་དགོས་པའི་ཉུང་དུ་ཕྱིན་པ། ཡང་ན་ཁྱིམ་ཚང་ཁྱོན་ཡོངས་ལ་ངལ་ནུས་མེད་པས་དེའི་ཡོང་བབ་ཀྱིས་ཁྱིམ་ཚང་སྤྱིའི་འགྲོ་གྲོན་བཏང་མི་ ཐུབ་པ།

༡༠.ཆུ་སྐྱོན་དང་ཐན་སྐྱོན་སོགས་རང་བྱུང་གནོད་འཚེས་རྐྱེན་པས་ཐོན་སྐྱེད་འཚོ་བའི་སྒྲིག་ཆས་ལ་གནོད་སྐྱོན་བྱུང་ནས་རང་སྲུང་མི་ཐུབ་པ། ད་དུང་ཡོང་བབ་ཉུང་དུ་ཕྱིན་པའམ་འགྲོ་གྲོན་མང་རུ་ཕྱིན་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀལ་ངལ་བྱུང་བ།

གོང་གསལ་གྱི་རིགས་བཅུའི་ཉེན་ཁ་ཕུད། དེ་མིན་རྒྱུ་རྐྱེན་གྱི་ཁྱིམ་ཚང་གིས་ཡོང་བབ་ཉུང་དུ་ཕྱིན་པའམ་འགྲོ་གྲོན་མང་དུ་ཕྱིན་ནས་དབུལ་པོར་བསྐྱར་ལོག་དང་དབུལ་པོ་ཆག་པའི་ཉེན་ཁ་ཡོད་པ།






02

རེ་ཞུ་འབུལ་སྟངས།

རང་ཉིད་དམ་མི་གཞན་ལ་མངགས་བཅོལ་བྱས་ཏེ་གཤམ་གསལ་བྱ་ཐབས་བརྒྱུད་དེ་རེ་ཞུ་འབུལ་ཆོག

༡.ས་ཡུལ་དངོས་སུ་ཞུ་ཡིག་འབུལ་བ། རང་གནས་སའི་གྲོང་ཚོའི་(སྡེ་ཁུལ་)ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་ཞུ་ཡིག་འབུལ་བ། ཡང་ན་ཤང་གྲོང་རིམ་པའི་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི། ཤང་གྲོང་དར་སྤེལ་ཆེད་མངགས་མི་སྣ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཧྲུའུ་ཅི་ཨང་དང་པོ་སོགས་ལ་མངག་བཅོལ་བྱས་ཏེ་རེ་ཞུ་འབུལ་ཆོག ས་ཁྲོད་གནས་སྤོས་དང་མཉམ་དུ་གནས་སྤོས་བྱས་པའི་མང་ཚོགས་ཀྱིས་རང་གནས་སའི་བཀོད་སྒྲིག་ཁུལ་གྱི་དོ་དམ་ཚན་པར་རེ་ཞུ་འབུལ་དགོས།

༢.ཁ་པར་ཐོག་ནས་ཞུ་ཡིག་འབུལ་བ། ཁ་པར་ཨང་གྲངས་12317ལ་ཁ་པར་བརྒྱབ་པའམ་ཡང་ན་ 0892-8222991

ཤར་གསིང་མ་གྲོང་རྡལ་:  0892-8222270

ཕག་རི་གྲོང་རྡལ་   :  0892-8722033  

གྲོ་མོ་སྨད་ཤང་    :  0892-8222096  

གྲོ་མོ་སྟོད་ཤང་    :  0892-8223033

ཁམ་བུ་ཤང་     :  0892-8223279  

དགེ་རུ་ཤང་     :  0892-8226340

དུད་སྣེ་ཤང་     : 18089929926

སོགས་ལ་རེ་ཞུ་འབུལ་དགོས། དེ་ཡང་ཁ་པར་རྒྱབ་པའི་ཁྲོད་མི་ནུས་ལ་རྟེན་པའི་ཁ་པར་ནང་དོན་གཞིར་བཟུང་མི་སྒེར་གྱི་ཆ་འཕྲིན་ཐོ་འགོད་བྱེད་དགོས།

༣.རྩ་གཉིས་ཨང་རྟགས་བེད་སྤྱོད་ནས་རེ་ཞུ་འབུལ་བ། ①རང་ཉིད་ཀྱི་ཁ་པར་ནང་ནས་རྩ་གཉིས་ཨང་རྟགས་དེ་བེད་སྤྱོད་བྱས་ཏེ་རེ་བ་གཞིར་བཟུང་འབྲེལ་ཡོད་ཀྱི་ཆ་འཕྲིན་ཐོ་བཀོད་བྱེད་དགོས། དེར་རང་མོས་ཀྱི་རེ་ཞུ་འབུལ་བ་ཡང་ཟེར།

②ཞིང་པའི་དུད་ཁྱིམ་གྱིས་བོད་ལྗོངས་སྤྱི་བདེའི་མཉམ་སྦྲེལ་དྲྭ་བའི་ནང་གི་སྲིད་དོན་ཞབས་ཞུ་ལས་སྟེགས་→བེད་སྤྱོད་ལྟེ་གནས།→རོགས་སྐྱོར་ཆེད་དོན་ཁུལ།→རོགས་སྐྱོར་རེ་ཞུ་བཅས་ཀྱི་གོ་རིམ་བརྒྱུད་རེ་ཞུའི་ཆ་འཕྲིན་བྲིས་ནས་རེ་ཞུ་བྱེད་ཆོག





03

རེ་ཞུ་འབུལ་སྐབས་ཀྱི་ངེས་པར་དུ་ཤེས་དགོས་པ།

༡.གལ་ཏེ་ལྟ་ཞིབ་བྱ་ཡུལ་ལ་རེ་ཞུ་འབུལ་ཚེ། ང་ཚོས་དུད་ཚང་ལ་བསྐྱོད་ནས་བརྟག་དཔྱད་བྱེད་རྒྱུར་གཞོགས་འདེགས་བྱེད་དགོས་པ་དང་། ཁྱིམ་ཚང་དང་ཁོངས་མིའི་འབྲེལ་ཡོད་ཆ་འཕྲིན་དངོས་ཡོད་ཁ་གསལ་མཁོ་འདོན་བྱེད་རྒྱུ། ང་ཚོས་ཁྲིམས་མཐུན་ལུགས་མཐུན་ངང་ཁྱིམ་ཚང་གི་ཁོངས་མིའི་ཡོང་འབབ་དང་རྒྱུ་ནོར་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་བརྟག་དཔྱད་ཞིབ་བཤེར་བྱེད་རྒྱུ། གྲོང་ཚོའི་ནང་དཔྱད་ཞིབ་ཡོངས་བསྒྲགས་བྱས་པ་བརྒྱུད་རྫོང་དང་ཤང་ནས་རིམ་པ་སྟར་ཆགས་ཀྱིས་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུ།

༢.གལ་ཏེ་ལྟ་ཞིབ་བྱ་ཡུལ་ཁོངས་སུ་ཚུད་ཚེ། ང་ཚོས་དངོས་ཡོད་དཀའ་ངལ་དང་དམིགས་བསལ་གྱི་གནད་དོན་ལ་གཞིགས་ནས་སྡོད་ཁང་བདེ་འཇགས་འགན་སྲུང་དང་། འཐུང་ཆུ་བདེ་འཇགས་འགན་སྲུང་། བདེ་ཐང་གི་རོགས་སྐྱོར། སློབ་གསོའི་རོགས་སྐྱོར། ཐོན་ལས་ཀྱི་རོགས་སྐྱོར། ལས་ཞུགས་ཀྱི་རོགས་སྐྱོར། དངུལ་རྩའི་རོགས་སྐྱོར། ཕྱོགས་བསྡུས་འགན་སྲུང་། སྤྱི་ཚོགས་ཀྱི་རོགས་སྐྱོར་སོགས་ཕྱོགས་གང་ཅིའི་ཐད་ནས་གང་འཚམ་གྱིས་རོགས་སྐྱོར་བྱ་རྒྱུ།

༣.གལ་ཏེ་ཁྱིམ་ཚང་གི་དཀའ་ངལ་ཐག་གཅོད་བྱུང་བ་དང་ལོ་རེའི་མི་རེའི་ཆ་སྙོམས་ཁེར་གཙང་ཡོང་འབབ་དེ་བརྟན་པོའི་ངང་ནས་ལོ་དེ་གའི་དབུལ་པོར་བསྐྱར་ལོག་སྔོན་འགོག་གི་ཁྱབ་ཁོངས་ལས་བརྒལ་བ་དང་། འགན་སྲུང་གསུམ་དང་འཐུང་ཆུ་བདེ་འཇགས་རྒྱུན་མཐུད་བརྟན་པོ་ཡོད་པ། དབུལ་པོར་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་ཉེན་ཁ་བརྟན་པོའི་ངང་ནས་ལྟ་ཞིབ་ཚད་ལེན་གྱི་ཁོངས་ལས་འགྲོལ་བ། དུད་ཚང་ལ་བསྐྱོད་ནས་བརྟག་དཔྱད་དང་། དཔྱད་ཞིབ་ཡོངས་བསྒྲགས། ཞིབ་བཤེར་ཆོག་མཆན་བཅས་བྱས་རྗེས། དབུལ་པོར་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་ཉེན་ཁ་བརྟན་པོའི་ངང་ནས་སེལ་ཚར་བར་སྤྱིར་བཏང་གི་དབུལ་སྒྲོལ་མི་སྣ་ལྟར་དོ་དམ་བྱེད་རྒྱུ། གཏན་འབེབ་ལྟར་དབུལ་སྒྲོལ་མི་སྣའི་སྦྲེལ་ཡོད་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག ཉེན་ཁ་མཐར་ཕྱིན་པ་སེལ་མེད་པ་དང་ལྷག་པར་དུ་ཡོང་འབབ་བརྟན་པོ་མེད་པ་དང་བཏང་དགོས་ངེས་ཀྱི་འགྲོ་གྲོན་ལ་ཚོད་འཛིན་བྱེད་མི་ཐུབ་པར་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་ཐད་ནས་མུ་མཐུད་རོགས་སྐྱོར་བྱ་རྒྱུ་དང་། ཉེན་ཁ་རྣམས་བརྟན་པོའི་ངང་སེལ་ཚར་རྗེས་གཞི་ནས་འབྲེལ་ཡོད་གོ་རིམ་བརྒྱུད་དགོས། ཁྱིམ་ཚང་ཧྲིལ་པོར་ངལ་རྩོལ་ནུས་ཤུགས་མེད་པའི་ལྟ་ཞིབ་བྱ་ཡུལ་ལ་ཐ་གྲས་སྐྱོང་བའི་འགན་སྲུང་བྱ་ཐབས་དོན་འཁྱོལ་བྱས་རྗེས་གནས་སྐབས་ལྟ་ཞིབ་བྱ་རྒྱུ། འགན་སྲུང་བྱ་ཐབས་ལག་བསྟར་བྱེད་རིང་། ཉེན་ཁའི་རང་བཞིན་གྱིས་སེལ་བ་ཕུད། ཡོང་འབབ་རྒྱུན་མཐུད་བརྟན་པོ་ཡོང་བའི་དུས་ཡུན་གྱི་རྩ་དོན་ནི་ཉུང་མཐར་ཡང་ལོ་ཕྱེད་ཡིན།

༤.ཉེན་ཁ་སེལ་ཚར་རྗེས། གལ་ཏེ་ཁྱིམ་ཚང་ལ་དབུལ་པོར་བསྐྱར་ལོག་དང་དབུལ་པོ་ཆག་པའི་ཉེན་ཁ་ཐོན་ཚེ་སླར་ཡང་རེ་ཞུ་འབུལ་ཆོག






ཚང་མའི་ཐུན་མོང་འབད་བརྩོན་འོག དབུལ་པོར་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་རོགས་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད། ལྟ་ཞིབ་བྱ་ཡུལ་ལ་འཕྲད་པའི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད། རེ་བར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་རང་སྟོབས་རང་འཕེལ་དང་དྲིན་ཚོར་ཡར་བརྩོན་གྱི་སྒོ་ནས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འཚོ་བར་རྒྱུན་ཆད་མེད་པར་ལེགས་བཅོས་གཏོང་བ་དང་། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱས་ཏེ་འཚོ་བ་ཉིན་བཞིན་ཡར་རྒྱས་གཏོང་དགོས།


གྲོ་མོ་རྫོང་ཞིང་ལས་གྲོང་གསེབ་ཅུད།







终审:黄 思
复审:牛     枭
初审:巴桑卓玛
编辑:彭    琼
来源县农业农村局与科学技术局

扫码关注
亚东发布
了解更多亚东新闻


亚东县权威发布
亚东县官方信息发布
 最新文章