2024“中秋节”消费警示

政务   2024-09-15 18:27   西藏  
点“网信安多”关注☀ 大家喜欢的微信平台!赶快关注吧!

来源林廓社区

























    2024年“中秋节”消费警示

中秋佳节即将来临,市面上月饼琳琅满目,为帮助消费者理性选购月饼,那曲市市场监督管理局消费者协会发布消息提示,提醒广大消费者注意以下几点:

一选。选择干净卫生的商场、超市等购买月饼,尽量避免到街边摊等流动商贩购买。另外,由于网络市场覆盖面大、受众群体广、经营主体易伪装以及网络的虚拟性,无法直观看到商品实际状况。因此,谨慎通过代购、网络平台等购买月饼,购买月饼时应选择信誉度高的购物平台购买。

二看。看月饼包装上的标识标签。正规厂家生产的月饼食品标签应有:食品名称、配料表、净含量和规格、生产厂家的名称、地址和联系方式、生产日期和保质期、贮存条件、食品生产许可证编号、产品标准代号等信息,信息不齐全的月饼请谨慎购买。

三注意。购买月饼时要注意包装上的生产日期或保质期,一般情况来看,在适应的温度下(按照标识的贮存条件要求)月饼的保质期为20-25天左右,因此,尽量不要购买临到期的月饼。

四谨慎。月饼虽然好吃,但是老年人、糖尿病人和小孩一定要谨慎适量食用,月饼是一种高糖、高脂肪食品,容易造成消化不良、诱发心脑血管疾病或加重病情,如因食用月饼引起不适,请及时就医。

另外,广大消费者在购买月饼时,应主动索取消费凭证并妥善保管,一旦发生消费纠纷后,消费者可先行与商家协商处理,若协商未达成一致,可拨打12315或者3912315热线进行投诉。


     那曲市市场监督管理局消费者协会

             2024年9月11日       



2024ལོའི“ཟླ་མཆོད་དུས་ཆེན”གྱི་འཛད་སྤྱོད་ཉེན་བརྡ།


ཟླ་མཆོད་དུས་ཆེན་འཆར་ལ་ཉེ་བས་ཁྲོམ་རའི་ཐོག་ཟླ་མཆོད་བག་ལེབ་སྣ་ཚོགས་ཡོད་ཅིང་། འཛད་སྤྱོད་པར་སྤུས་ལེགས་ཀྱི་ཟླ་མཆོད་བག་ལེབ་འདེམས་ཉོ་བྱེད་རོགས་བྱ་ཆེད། ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་དོ་སྣང་བྱེད་དགོས་པའི་དོན་དག་ཁག་དྲན་སྐུལ་ཞུ་རྒྱུ་གཤམ་གསལ།

གཅིག་ནས་འདེམས་ཤེས་པ། གཙང་སྦྲ་དོད་པའི་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་སོགས་བདམ་ནས་ཟླ་མཆོད་བག་ལེབ་ཉོ་བ་ལས་ཁྲོམ་གཞུང་འགྲམ་གྱི་ཁྲོམ་སྟེགས་སོགས་ནས་ཟླ་མཆོད་བག་ལེབ་མི་ཉོ་བ་དང་། གཞན་ཡང་དྲ་རྒྱའི་ཁྲོམ་ར་ཁྱབ་ཚད་ཆེ་བ་དང་། མང་ཚོགས་རྒྱ་ཁྱབ་ཆེ་ལ། གཉེར་སྐྱོང་བྱེད་པོ་རྫུན་བཟོ་བྱེད་སླ་བ། དྲ་རྒྱའི་རྟོག་བཟོའི་རང་བཞིན་བཅས་ཀྱི་རྐྱེན་གྱིས་ཚོང་ཟོག་གི་དངོས་ཡོད་གནས་ཚུལ་ཐད་ཀར་མཐོང་རྒྱུ་མེད་པས་དེར་བརྟེན་ཚབ་ཉོ་དང་དྲ་རྒྱའི་ལས་སྟེགས་སོགས་བརྒྱུད་དེ་ཟླ་མཆོད་བག་ལེབ་ཉོ་སྐབས་ཡིད་རྟོན་ལྡན་པའི་ཟོག་ཉོའི་ལས་སྟེགས་བདམ་ནས་ཉོ་སྒྲུབ་བྱེད་དགོས།

གཉིས་ནས་ལྟ་མཁས་པ། ཟླ་མཆོད་བག་ལེབ་ཐུམ་སྒྲིལ་ཐོག་གི་མཚོན་རྟགས་ལ་བལྟ་དགོས། ཚད་ལྡན་བཟོ་གྲྭས་ཐོན་སྐྱེད་བྱས་པའི་ཟླ་མཆོད་བག་ལེབ་ཀྱི་ཟས་རིགས་མཚོན་རྟགས་ཐོག་ཟས་རིགས་ཀྱི་མིང་དང་། རྒྱུ་ཆ་སྡེབ་སྒྲིག་རེའུ་མིག འདུས་ཚད་དང་ཚད་གཞི། ཐོན་སྐྱེད་བཟོ་གྲྭའི་མིང་། ས་གནས། འབྲེལ་གཏུག་བྱེད་ཐབས། ཐོན་སྐྱེད་དུས་ཚོད། སྤུས་ཚད་འགན་ལེན་དུས་ཡུན། ཉར་འཇོག་ཆ་རྐྱེན། ཟས་རིགས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་གྱི་ཨང་གྲངས། ཐོན་རྫས་ཚད་གཞིའི་ཚབ་ཨང་སོགས་ཀྱི་ཆ་འཕྲིན་ཡོད་དགོས་པ་དང་། ཆ་འཕྲིན་ཆ་མི་ཚང་བའི་ཟླ་མཆོད་བག་ལེབ་ཉོ་སྐབས་གཟབ་ནན་བྱེད་དགོས།

གསུམ་ནས་དོ་སྣང་བྱེད་དགོས་པ། ཟླ་མཆོད་བག་ལེབ་ཉོ་སྐབས་ཐུམ་སྒྲིལ་ཐོག་གི་ཐོན་སྐྱེད་དུས་ཚོད་དམ་སྤུས་ཚད་འགན་ལེན་དུས་ཡུན་ལ་དོ་སྣང་བྱེད་དགོས། སྤྱིར་བཏང་ཐོག་འོས་འཚམ་གྱི་དྲོད་ཚད་འོག(མཚོན་རྟགས་ཀྱི་གསོག་ཉར་ཆ་རྐྱེན་གྱི་བླང་བྱ་ལྟར)ཟླ་མཆོད་བག་ལེབ་ཀྱི་སྤུས་ཚད་འགན་ལེན་དུས་ཡུན་ཉིན་20ནས་ཉིན་25བར་ཡིན་པས། སྤུས་ཚད་འགན་ལེན་དུས་ཡུན་ཉེ་བའི་ཟླ་མཆོད་བག་ལེབ་ཉོ་མི་རུང་།

བཞི་ནས་གཟབ་ནན་བྱེད་དགོས་པ། ཟླ་མཆོད་བག་ལེབ་ཀྱི་བྲོ་བ་ཞིམ་པོ་ཡོད་མོད། འོན་ཀྱང་རྒན་འཁོགས་དང་། གཅིན་སྙི་ཟག་ཁུའི་ནད་ཡོད་མཁན། བྱིས་པ་བཅས་ཀྱིས་ངེས་པར་དུ་ཚད་དང་རན་པའི་ངང་བཟའ་དགོས། ཟླ་མཆོད་བག་ལེབ་ནི་མངར་ཆ་དང་ཞག་རྩི་མང་བའི་ཟས་རིགས་ཤིག་ཡིན་པས། ཟས་འཇུ་དཀའ་བ་དང་སྙིང་གི་ཁྲག་རྩའི་ནད་སློང་སླ་བའམ་ཡང་ན་ནད་གཞི་ལྗིད་དུ་གཏོང་སླ། གལ་སྲིད་ཟླ་མཆོད་བག་ལེབ་བཟས་ནས་མི་བདེ་བ་བྱུང་ཚེ་དུས་ཐོག་ཏུ་སྨན་པ་བསྟེན་དགོས།

གཞན་ཡང་རྒྱ་ཆེའི་འཛད་སྤྱོད་པས་ཟླ་མཆོད་བག་ལེབ་ཉོ་སྐབས་རང་འགུལ་ངང་འཛད་སྤྱོད་དཔང་འཛིན་ལེན་ནས་ཉར་ཚགས་ཡག་པོ་བྱེད་དགོས། གལ་སྲིད་འཛད་སྤྱོད་ཐད་ཀྱི་རྩོད་གླེང་བྱུང་ཚེ་འཛད་སྤྱོད་པས་སྔོན་ལ་ཚོང་པ་དང་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་དགོས། གྲོས་མོལ་གཅིག་མཐུན་མ་བྱུང་ཚེ་ཁ་པར་12315དང་3912315བརྒྱབ་ནས་ཞུ་གཏུག་བྱེད་ཆོག



      ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་འཛད་སྤྱོད་པའི་མཐུན་ཚོགས་ནས།

    2024ལོའི་ཟླ་9ཚེས་11ཉིན་ལ།

初审、责编:扎西巴吉

复审:关文城

终审:白玛多吉

还有这些信息值得关注

筑牢“防火墙” 织密“保护网”——我国网络安全工作取得积极进展

高军涛主持召开县委常委会会议

安多县组织开展2024年度秋季应征青年入伍欢送会

中国共产党安多县第十届委员会第九次全体会议开幕

2024年国家网络安全宣传周西藏自治区活动开幕式在拉萨举行

打击网络谣言 共建清朗家园 中国互联网联合辟谣平台2024年8月辟谣榜

事关每个上网的你!这些网络安全常识请记牢

王君正对2024年国家网络安全宣传周西藏自治区活动作出批示

王君正对2024年国家网络安全宣传周西藏自治区活动作出批示

安多县玛荣乡曲桑勒玛那欧村组织开展第三届“乡村振兴那曲奋进”成果展暨应比尽比项目活动


网信安多
最美藏北,美丽安多!最新资讯,权威报道~~扫扫关注微安多!!
 最新文章