双语|中国共产党林芝市第二届委员会第七次全体会议公报

政务   2024-12-31 14:16   西藏  


中国共产党林芝市第二届委员会第七次全体会议公报

ཀྲུང་གོ་གུང་ཁྲན་ཏང་ཉིང་ཁྲི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།

(2024年12月27日中国共产党林芝市第二届委员会第七次全体会议通过)

2024ལོའི་ཟླ་12ཚེས་27འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་ཉིང་ཁྲི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་བ)

中国共产党林芝市第二届委员会第七次全体会议,于2024年12月27日召开。

ཀྲུང་གོ་གུང་ཁྲན་ཏང་ཉིང་ཁྲི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དེ་2024ལོའི་ཟླ་12ཚེས་27ཉིན་འཚོགས། 
 出席这次全会的有:市委委员28人、候补委员4人。不是市委委员、候补委员的我市党的二十大代表,其他市级领导同志,十届区党委委员、候补委员,市纪委常委、监委委员,市第二次党代会部分基层代表和有关方面负责同志列席会议。
ཚང་འཛོམས་གྲོས་ཚོགས་འདིར་ཞུགས་མཁན་གྱི་གྲས་སུ། གྲོང་ཨུད་ཀྱི་ཨུ་ཡོན་28དང་རྗེས་སྣོན་ཨུ་ཡོན་5ཡོད། ད་དུང་གྲོང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་རང་གྲོང་ཁྱེར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་། གྲོང་ཁྱེར་རིམ་པའི་འགོ་ཁྲིད་བློ་མཐུན་གཞན་དག ལྗོངས་ཏང་ཨུད་སྐབས་བཅུ་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་དང་། གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་གཞི་རིམ་འཐུས་མི་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཁག་གཅིག་བཅས་ཚོགས་འདུར་ཟུར་ཞུགས་གནང་ངོ། ། 
 全会由市委常委会主持。市委书记敖刘全作了讲话。
ཚང་འཛོམས་གྲོས་ཚོགས་འདི་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་ཞིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་གྱིས་གསུང་བཤད་གནང་། 
 全会认真传达学习了中央经济工作会议精神,自治区党委十届七次全会暨自治区党委经济工作会议精神。听取和讨论了敖刘全同志代表市委常委会作的工作报告,讨论了市委常委会抓党的建设工作情况报告,对做好明年经济工作作出安排部署。
ཚང་འཛོམས་གྲོས་ཚོགས་ཐོག  ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚོགས་འདུས་ད་དུང་བློ་མཐུན་ཨའོ་ལིའུ་ཆོན་གྱིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་སྙན་སྒྲོན་གནང་བའི་ལས་དོན་སྙན་ཞུར་གསན་པ་དང་འབྲེལ་གྲོས་བསྡུར་བྱས་པ་དང་། གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱས་ཚུལ་གྱི་སྙན་ཞུར་གྲོས་བསྡུར་བྱས་ལ། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་སོ། ། 
 全会充分肯定了市委常委会一年来的工作。一致认为,在以习近平同志为核心的党中央特殊关怀下,在自治区党委坚强领导下,市委常委会坚持以习近平新时代中国特色社会主义思想为指导,深入贯彻党的二十大和二十届二中、三中全会精神,用心领悟习近平总书记关于西藏工作的重要指示和新时代党的治藏方略,全面落实自治区第十次党代会和十届自治区党委历次全会精神,坚定拥护“两个确立”、坚决做到“两个维护”,充分发挥党总揽全局、协调各方的领导核心作用,团结带领全市各族干部群众聚焦“四件大事”、聚力“四个创建”,以推动林芝高质量发展、促进改革开放先行为引领,持续改进作风、狠抓落实,正确处理发展和安全、安全和开放等关系,积极探索改革开放先行、社会治理、绿色转型、民生保障、生态保护、兴边富民、党的建设新路径,高质量发展动能持续增强,发展环境持续稳定,发展结构持续优化,发展内力持续提升,发展底色持续擦亮,发展短板持续补齐,发展合力持续凝聚,组织保障持续强化,林芝经济社会发展基础进一步夯实,潜力巨大、蓄势待发。
ཚང་འཛོམས་གྲོས་ཚོགས་ཀྱིས། གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག  གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་གི་མཛད་ཇུས་ལག་བསྟར། རང་སྐྱོང་ལྗོངས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། ཁྱོན་ཡོངས་ལ་ལྟ་སྐུལ་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་ལེགས་པར་བཏོན་ནས།  གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“དོན་ཆེན་བཞི”ལ་དམིགས་པ་དང་། “འཛུགས་གཏོད་བཞི”ལ་སྟོབས་ཤུགས་གཅིག་སྡུད་ཀྱིས། ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་བསྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ལ་སྐུལ་འདེད་གཏོང་རྒྱུ་དེ་སྣེ་ཁྲིད་དུ་བྱས་ཏེ། སྤྱོད་ཚུལ་རྒྱུན་མཐུད་ལེགས་བཅོས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཐོག འཕེལ་རྒྱས་དང་བདེ་འཇགས་དང་། བདེ་འཇགས་དང་སྒོ་དབྱེ་སོགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་དང་སྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་དང་། སྤྱི་ཚོགས་བཅོས་སྐྱོང་། འབྱུང་འཕྲོད་རིགས་བསྒྱུར། དམངས་འཚོ་འགན་སྲུང་། སྐྱེ་ཁམས་སྲུང་སྐྱོང་། མཐའ་མཚམས་དར་རྒྱས་དང་དམངས་འཚོ་ཕྱུག་འགྱུར། ཏང་འཛུགས་སྐྱོང་བཅས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཁར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་མུ་མཐུད་དུ་ཇེ་ཆེར་ཕྱིན་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་བརྟན་པོ་བྱུང་བ། འཕེལ་རྒྱས་ཀྱི་གྲུབ་ཚུལ་རྒྱུན་མཐུད་ལེགས་སུ་ཕྱིན་པ། འཕེལ་རྒྱས་ཀྱི་ནང་ཤུགས་མུ་མཐུད་དུ་ཇེ་ཆེར་ཕྱིན་པ། འཕེལ་རྒྱས་ཀྱི་རྨང་གཞི་མུ་མཐུད་དུ་ཇེ་བརྟན་དུ་ཕྱིན་པ། འཕེལ་རྒྱས་ཀྱི་ཞན་ཆ་མུ་མཐུད་དུ་ཁ་གསབ་བྱུང་བ། འཕེལ་རྒྱས་ཀྱི་མཉམ་ཤུགས་མུ་མཐུད་དུ་གཅིག་སྡུད་བྱུང་བ། རྩ་འཛུགས་ཀྱི་འགན་སྲུང་མུ་མཐུད་དུ་ཤུགས་སྣོན་ཐེབས་པ་བཅས་ཀྱིས། ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དང་།  སྟོབས་ཤུགས་གསོག་འཇོག་བྱས་ཡོད་པའི་ངོས་འཛིན་གཅིག་མཐུན་བྱུང་ངོ། །
 全会指出,发展是党执政兴国的第一要务。近年来,市委常委会坚持用习近平经济思想统揽经济工作全局,在推动林芝改革开放先行的具体实践中,深刻认识到办好林芝事情,必须始终把坚持党的领导作为根本保证;必须始终把新时代党的治藏方略作为重要遵循;必须始终把以人民为中心的发展思想作为价值体现;必须始终把聚焦“四件大事” 聚力“四个创建”作为中心任务;必须始终把统筹安全和开放、保护与发展作为重要抓手。
གྲོས་ཚོགས་ཐོག  འཕེལ་རྒྱས་ནི་ཏང་གིས་སྲིད་སྐྱོང་བ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་ཨང་དང་པོ་ཡིན་པ་སྟོན་ཡོད། ཉེ་བའི་ལོ་འགའི་རིང་། གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་བརྟེན་ནས་དཔལ་འབྱོར་ལས་དོན་གྱི་ཁྱོན་ཡོངས་ལ་གཅིག་གྱུར་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཉིང་ཁྲིའི་བསྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ཀྱི་ཁྲོད། ཉིང་ཁྲིའི་བྱ་བ་ལེགས་པར་བསྒྲུབས་པར། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་རྩ་བའི་འགན་ལེན་དུ་བརྩི་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་བརྩི་སྲུང་ཞུ་དགོས་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་དེ་རིན་ཐང་གི་མཚོན་ཚུལ་དུ་བརྩི་དགོས་པ། ཐོག་མཐའ་བར་གསུམ་དུ་“དོན་ཆེན་བཞི”དང་དམིགས་པ་དང་“འཛུགས་གཏོད་བཞི”ཤུགས་རྒྱག་རྒྱུ་དེ་ལྟེ་བའི་ལས་འགན་དུ་བརྩི་དགོས་པ། ཐོག་མཐའ་བར་གསུམ་དུ་བདེ་འཇགས་དང་སྒོ་དབྱེ་དང་སྲུང་སྐྱོང་དང་འཕེལ་རྒྱས་བཅས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་དེ་བཟུང་བྱ་གལ་ཆེན་ཞིག་ཏུ་བརྩི་དགོས་པ་བཐས་ལ་ངོས་འཛིན་ཟབ་མོ་བྱུང་ངོ། ། 
 全会强调,当前林芝进入重大窗口发展期,明年经济工作机遇与挑战并存,机遇大于挑战,要准确把握做好明年经济工作的有利形势,清醒认识我市经济社会高质量发展还面临一些不可忽视的困难和挑战,把思想和认识统一到党中央和区党委对形势判断上来,统一到市委对全市经济社会发展形势的分析上来,坚定信心、科学研判,跳起摸高、精准施策,全力确保明年各项目标任务顺利完成。
གྲོས་ཚོགས་ཐོག ད་ལྟ་ཉིང་ཁྲི་འདི་ཉིད་འཕེལ་རྒྱས་གོ་སྐབས་གལ་ཆེ་ས་ཞིག་ཏུ་སླེབས་ཡོད་པས། སང་ལོའི་དཔལ་འབྱོར་ལས་དོན་ཐད་གོ་སྐབས་དང་འགྲན་སློང་མཉམ་དུ་ཡོད་ལ། འགྲན་སློང་ལས་གོ་སྐབས་ཆེ་བས། སང་ལོའི་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབས་པའི་དུས་བབ་ལེགས་པོ་དམ་འཛིན་གནད་ལ་འཁེལ་པོ་དང་། གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ད་དུང་སྣང་མེད་དུ་འཇོག་མི་རུང་བའི་དཀའ་ངལ་དང་འགྲན་སློང་ཁ་ཤས་གནས་པར་ངོས་འཛིན་གསལ་པོ་བྱས་ཏེ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་གནས་བབ་ལ་བརྡར་ཤ་བཅད་པ་དེར་བསམ་བློ་དང་ངོས་འཛིན་གཉིས་ཀ་གཅིག་གྱུར་དང་།  གྲོང་ཨུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་པའི་ཐོག་གཅིག་གྱུར་བྱས་ཏེ། ཡིད་ཆེས་བརྟན་པོ་དང་ཞིབ་འཇུག་དང་བརྡར་གཅོད་ཚན་རིག་དང་མཐུན་པ། མཐོ་སར་སྙེགས་པ། སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བཅས་བྱས་ཏེ། སང་ལོའི་དམིགས་འབེན་དང་ལས་འགན་ཁག་བདེ་བླག་ངང་འགྲུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ངོ། ། 
 全会指出,2025年是西藏自治区成立60周年、“十四五”规划收官之年,也是推动林芝高质量发展、促进改革开放先行提质跨越之年。要坚持稳中求进工作总基调,坚持“三个赋予一个有利于”总要求,聚焦“四件大事”、聚力“四个创建”,紧盯“两地五区”建设总目标,以深化改革开放先行先试为引领,以服务保障国家重大项目建设为抓手,发挥“有效市场”和“有为政府”作用,统筹总供给和总需求之间平衡、产业发展和深度融合、新型城镇化和乡村全面振兴、信息化和提升社会治理水平、科技创新和发展新质生产力、改善民生和共同富裕,推动经济社会高质量发展。
གྲོས་ཚོགས་ཐོག  2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བ་དང་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་མཇུག་སྒྲིལ་གྱི་ལོ་ཞིག་ཡིན་ལ། ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་བསྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ལ་སྐུལ་འདེད་གཏོང་བའི་ལོ་ཞིག་ཀྱང་ཡིན་པས། བརྟན་ཐོག་ཡར་སྤེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། “ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ། “དོན་ཆེན་བཞི”ལ་དམིགས་པ་དང་།  “འཛུགས་གཏོད་བཞི”ལ་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། “གནས་གཉིས་ཁུལ་ལྔ་”འཛུགས་སྐྲུན་གྱི་སྤྱིའི་དམིགས་འབེན་ལ་མིགས་ཏེ། བསྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་དང་སྔོན་ཚོད་གཏིང་ཟབ་བྱ་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་། རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་དང་འགན་སྲུང་བྱ་རྒྱུ་བཟུང་བྱར་བྱེད་པ། “ཁྲོམ་ར་གོ་ཆོད”དང་“སྲིད་གཞུང་ནུས་ལྡན”གྱི་ནུས་པ་འདོན་སྤེལ་བྱས་ཏེ། སྤྱིའི་མཁོ་སྤྲོད་དང་སྤྱིའི་དགོས་མཁོ་དོ་སྙོམས་དང་། ཐོན་ལས་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས། ཆ་འཕྲིན་ཅན་དང་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས། ཚན་རྩལ་གསར་གཏོད་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་དང་ཐུན་མོང་ཕྱུག་འགྱུར་བཅས་བྱས་ནས།  དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ནོ། །
 全会指出,做好明年经济工作,要坚持稳中求进、以进促稳,守正创新、先立后破,系统集成、协调配合,紧密结合林芝实际,找准贯彻落实党中央和自治区党委决策部署的着力点和关键点,狠抓重点强化举措,加压奋进推动经济社会高质量发展提质跨越。要狠抓有效投资,不断强化发展支撑。要刺激拉动消费,持续促进经济增长。要发展优势产业,不断增强自我发展能力。要深化改革开放,不断增强发展动能。要统筹协调发展,不断缩小发展差距。要做好民生保障,让群众幸福生活更有质感。要抓好生态保护,厚植高质量发展底色。要维护社会安全稳定,守住“不出事、不添乱”底线。提前筹备西藏自治区成立60周年系列庆祝活动,抓好岁末年尾各项工作,让各族群众温暖过冬、快乐过节。
གྲོས་ཚོགས་ཐོག་སང་ལོའི་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབ་དགོས་ན། བརྟན་ཐོག་ཡར་འཕེལ་དང་། གོང་འཕེལ་གྱིས་བརྟན་ལྷིང་ལ་སྐུལ་འདེད། གཞུང་འཁྱོངས་གསར་འབྱེད། སྔོན་འཛུགས་རྗེས་གཏོར་། མ་ལག་འདུས་གྲུབ་དང་མཐུན་སྦྱོར་གཞོགས་འདེགས་བཅས་བྱས་ཏེ། ཉིང་ཁྲིའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཤུགས་རྒྱག་ས་དང་གནད་འགག་ཆེ་ས་ཡག་པོ་བཙལ་ཏེ། གཙོ་གནད་དམ་འཛིན་དང་། བྱ་ཐབས་ལ་ཤུགས་སྣོན། གནོན་ཤུགས་སྤྲད་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། མ་དངུལ་ནུས་ལྡན་གཏོང་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་འཕེལ་རྒྱས་ཀྱི་འདེགས་སྐྱོར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། འཛད་སྤྱོད་ལ་སྐུལ་འདེད་དང་སྐུལ་ཁྲིད་བྱས་ནས་དཔལ་འབྱོར་འཕར་སྣོན་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ལེགས་ཆའི་ཐོན་ལས་འཕེལ་རྒྱས་བཏང་ནས་རང་ཉིད་འཕེལ་རྒྱས་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ངང་གོང་འཕེལ་བཏང་ནས་འཕེལ་རྒྱས་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་གཏོང་བ། དམངས་འཚོ་འགན་སྲུང་ཡག་པོ་བྱས་ནས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་སྔར་ལས་སྤུས་ལེགས་ཡོང་བར་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ། སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ“དོན་རྐྱེན་མི་ཐོན་པ་དང་ཟིང་ཆ་མི་སློང་བའི”མཚམས་ཚད་ཡག་པོ་སྲུང་བ་བཅས་བྱས་ནས། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་60འཁོར་བའི་རྟེན་འབྲེལ་གྱི་བྱེད་སྒོ་རབ་དང་རིམ་པ་སྔོན་ལ་གྲ་སྒྲིག་དང་ལོ་མཇུག་གི་ལས་དོན་ཁག་དམ་འཛིན་བྱས་ཏེ།  མི་རིགས་ཁག་གི་མང་ཚོགས་དགུན་ཁར་དྲོ་སྐྱིད་ལྡན་པ་དང་དུས་ཆེན་སྤྲོ་པོ་གཏོང་ཐུབ་པ་བྱེད་དགོས་ཞེས་བསྟན་ནོ། །
 全会要求,全市各级各部门要始终把党的领导贯穿始终,明确工作责任、健全组织体系、全面从严管党治党,落实“三个区分开来”,严格执行领导干部能上能下、容错纠错等制度,深化为基层减负,营造实干氛围,让广大干部把更多时间和精力用到干事上。广大党员干部要积极主动承担抓经济工作的使命任务,发扬求真务实的工作作风,提高驾驭社会主义市场经济的能力,坚决把市委工作部署贯彻好、落实好。
གྲོས་ཚོགས་ཐོག གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་། ལས་ཀའི་འགན་འཁྲི་ཁ་གསལ་དང་། རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་བཅས་བྱས་ཏེ། “དབྱེ་བ་ཕྱེ་དགོས་པ་གསུམ་”དོན་འཁྱོལ་བྱས་ནས། འགོ་ཁྲིད་ལས་བྱེད་པའི་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུ་ཡོད་པ། ནོར་འཛོལ་ཤོར་ན་ཡོ་བསྲང་ཆོག་པའི་ལམ་སྲོལ་ལག་བསྟར་ནན་པོ་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཇེ་ཆུང་དུ་གཏོང་བ་དང་། དམ་པ་དོན་གཉེར་གྱི་རྣམ་པ་བསྐྲུན་ནས་རྒྱ་ཆེའི་ལས་བྱེད་པས་དུས་ཚོད་དང་ནུས་ཤུགས་དེ་བས་མང་བ་ལས་སྒྲུབ་ཐད་སྤྱོད་དུ་འཇུག་དགོས་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དཔལ་འབྱོར་ལས་དོན་དམ་འཛིན་བྱེད་པའི་ལས་འགན་ཧུར་ཐག་དང་རང་འགུལ་ངང་འཁུར་དགོས་པ་དང་། བདེན་འཚོལ་དངོས་གཉེར་གྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ཚོད་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས།  གྲོང་ཨུད་ཀྱི་ལས་དོན་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ནོ། །
 全会按照《中国共产党章程》和《中国共产党地方委员会工作条例》规定,决定递补二届市委候补委员尼玛为二届市委委员;批准达瓦同志因退休辞去二届市委委员职务。
གྲོས་ཚོགས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། གྲོང་ཨུད་སྐབས་གཉིས་པའི་རྗེས་སྣོན་ཨུ་ཡོན་ཉི་མ་གྲོང་ཨུད་སྐབས་གཉིས་པའི་ཨུ་ཡོན་དུ་སྣོན་རྒྱུའི་གཏན་འབེབས་བྱས་པ་དང་། བློ་མཐུན་ཟླ་བ་ལས་འཁྱུར་ངལ་གསོའི་དབང་གིས་གྲོང་ཨུད་སྐབས་གཉིས་པའི་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་བྱས་པར་ཆོག་མཆན་གནང་ངོ། ། 
 全会号召,全市各级党组织和广大党员干部要更加紧密地团结在以习近平同志为核心的党中央周围,在自治区党委的坚强领导下,不忘初心、牢记使命,锐意进取、埋头苦干,抢抓机遇、奋力争先,以林芝经济社会高质量发展、促进共同富裕的新成效,迎接西藏自治区成立60周年!
གྲོས་ཚོགས་ཐོག གྲོང་ཁྱེར་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིང་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་སྲ་བརྟན་འོག  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་སྟེ། བློ་སྟོབས་ཆེན་པོས་ཡར་བརྩོན་དང་། དཀའ་སྤྱད་འབད་བརྩོན། གོ་སྐབས་ལ་དམ་འཛིན། སྔོན་ཐོན་བརྩོན་ལེན་བཅས་བྱས་ཏེ། ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་པར་བརྟེན་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས་པའི་འབོད་སྐུལ་གནང་ངོ།།།།
主编:李月平
责编:扎西次仁
校对:扎西拉姆
来源:林芝编译微信公众号
邮箱: mlxxcb@163.com

米林市2024年县级“先进双联户”及创建评选活动先进集体拟通报表扬名单

米林市妇女代表大会隆重召开:共商妇女事业发展大计 凝聚巾帼力量

米林市公安局成功破获跨区域流窜盗窃案

2024年第四季度社会主义核心价值观大讲堂暨“护苗绿书签”活动


网信米林
米林市委网信办
 最新文章