康马县广大用水户:
随着冬季的日益临近,我县气温逐渐降低,极端天气频发,给农村饮水安全带来严峻挑战。为确保我县农村居民及牲畜冬季用水安全,防止因低温天气导致的饮水设施冻损,影响群众正常生活,康马县水利局特此发布关于做好冬季农村饮水设施防冻保暖相关工作的告知书,请广大用水户高度重视,积极配合,共同做好以下工作:
一、履行农村供水工程管护责任
各乡(镇)人民政府、村“两委”,各水管员队伍应履行农村饮水安全工程建后属地管理责任,依法保护农村饮水安全工程管理主体和用水户的合法权益,严格落实康马县《农村饮水安全管理三个责任人》要求,保护农村饮用水水源、农村饮水安全工程设施,对故意破坏、损害工程设施和浪费水的行为,做到及时制止并向管理单位举报,以确保工程安全运行、发挥效益,更好地服务受益群众。
二、水井等内设施防冻措施
(一)水井应做到井内设施不漏水,漏水的设施及时保修更换,确保井内的干燥。
(二)对井内水表、阀门等用水设施应采用棉织物、海绵、塑料、泡沫、棉被、旧衣服等材料层层包裹、缠紧扎实,进行保温。
(三)冬季在井盖上应覆盖草帘、棉被、木(钢)板加盖土层等,防止雨、雪水进入井内。
三、水龙头、户外立管的防冻措施
(一)对室外裸露的立管及水龙头,可采用防冻包裹材料严密包裹保温,并在最外围包裹塑料薄膜以防雨雪淋湿。
(二)室内水龙头的房间,晚上要关紧房屋门窗,保证室内的温度保持在零摄氏度以上,同时也可用防冻材料包裹。
(三)对确已冻住的水管,应急解冻时,要先用毛巾等物包裹水龙头,然后沿水龙头向水管处浇淋热水使之解冻切不可用火直接烘烤或用开水急烫。也可使用户外管道保温电热丝,缠绕在管道外壁防止冻裂。
(四)用水户冬季不住或长期外出时,将室内或室外总阀关闭,打开最低处的水龙头将自来水管内的积水排空,以免水管冻裂,并委托亲戚邻居照看,防止水压变化或管道老化出现滴水,造成不必要的损失。
四、农牧区机电机井要做到勤保养和管理
(一)发电机类机电井建议在正午时分发电抽水,此时天气最暖更容易启动发电机。另外,发电机要加好水以免被烧,抽完水一定记得把水排空,以免冻裂。
(二)当发电机出现故障时,必须就近联系具有维修或相关经验的人员来维修,以免造成不必要的损失。
(三)光伏机电井切记在日间阳光充足时操作,必须由熟悉操作人员负责开关抽水。当出现问题或无法抽水时,请先检查电路、机井水位等,仍无法抽水时请及时关闭开关并联系属地乡镇服务人员。
(四)村“两委”、村级水管员应妥善管理使用机井设备,避免人为破坏,禁止孩童操作或玩耍机井设备,以免发生安全事故。
(五)牧区所有机井冬季必须封闭管理,夜间门窗紧锁。做好保暖,机井口必要时采取棉被等覆盖方式保暖。同时,管道内的水必须每次排空,以免出现管道冰冻。
五、加强供水管网的维护
(一)不私自接供水管网,不得在自来水管网铺设区域违规开控,违者按相关规定处罚。在建项目工程冬季不得在管网铺设区域开挖,如需开挖应请示属地用水协会同意,以免用维修不及时造成管网冰济。
(二)不得在供水管网上方取土或土地平整,防止供水管网损坏。
(三)对于出现的小问题,均由县抢修队来负责维修维护,维修资金从每年维修养护资金里支出。同时建议储备一批常用且易损耗的设备,出现问题做到及时保障。
六、水源及取水口日常维护
(一)自流式水源地要加强巡查,清理取水口周边垃圾、杂草,防止温度骤降导致取水口冻结,加强取水口清理平整,维护好取水口保护设施。
(二)地下水水源,做好水源周边卫生打扫,清理井房内卫生及排水管道,防止井房及周边大面结冰。
(三)各级、各部门应加大联合执法力度,依法查处破坏水生态环境违法行为,发现问题及时处置。
七、饮水保障服务热线
如您发现农牧区饮水私接水管偷水或供水管道漏水、家中无水时,请及时联系属地村委会反映情况,落实“用水户—各村居—各乡镇—县水利局”的层层报告解决制度,如未得到解决可拨打康马县水利局、属地乡镇饮水安全服务电话。
为进一步保障广大群众饮水用水安全,现设立康马县农村饮水安全专项服务热线,提供农村饮水安全政策咨询、困难诉求、投诉举报、意见建议等,请逐级反映情况。
饮水安全涉及千家万户,用户基数大,覆盖范围广且居住分散,冬季保暖和管理是一件非常重要的事,需要各用水户的齐心管理。为了您冬季用水安全,请把自家的设备设施维护好,把共用水表井管理好,发现饮水设备看管疏忽时要主动去看管和提醒,望广大群众积极配合共同做好冬季供水保障工作。
康马县水利局
2024年12月16日
ཁང་དམར་རྫོང་ཆུ་བེད་ཅུད་ཀྱི་༢༠༢༤ལོའི་དགུན་དུས་གྲོང་གསེབ་ཀྱི་འཐུང་ཆུའི་སྒྲིག་བཀོད་དྲོད་སྲུང་འཁྱགས་འགོག་སྐོར་གྱི་གསལ་བཤད་ཡི་གེ།
ཁང་དམར་རྫོང་རྒྱ་ཆེའི་ཆུ་སྤྱོད་དུད་ཚང་།
དགུན་དུས་འཆར་ཉེར་ཡོད་པ་དང་ཆབས་ཅིག་རང་རྫོང་གི་གནམ་གཤིས་རིམ་བཞིན་གྲང་དུ་འགྲོ་བ་དང་གནམ་གཤིས་ངན་པ་བསྟན་པ་སོགས་ཀྱི་རྐྱེན་པས་གྲོང་གསེབ་འཐུང་ཆུའི་བདེ་འཇགས་ལ་འགོག་རྐྱེན་དྲག་པོ་འཕྲད་ཡོད། རང་རེའི་རྫོང་གི་གྲོང་གསེབ་ཀྱི་གྲོང་མི་དང་ཕྱུགས་རིགས་ཀྱི་དགུན་དུས་ཀྱི་ཆུ་སྤྱོད་བདེ་འཇགས་ཡོང་བ་དང་།དྲོད་ཚད་དམའ་བའི་གནམ་གཤིས་ཀྱི་རྐྱེན་པས་འཐུང་ཆུའི་སྒྲིག་ཆས་འཁྱགས་སྐྱོན་མི་ཤོར་བ།མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བར་ཤུགས་རྐྱེན་མི་ཐེབས་པ་བཅས་བྱ་ཆེད།ཁང་དམར་རྫོང་ཆུ་བེད་ཅུད་ཀྱིས་དགུན་དུས་གྲོང་གསེབ་ཀྱི་འཐུང་ཆུའི་སྒྲིག་ཆས་འཁྱགས་མི་ཤོར་བའི་དྲོད་སྲུང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ་ཆེད་མངགས་འགྲེམས་སྤེལ་བྱས་ཡོད་པས་རྒྱ་ཆེའི་ཆུ་སྤྱོད་དུད་ཚང་གིས་ཚད་མཐོའི་མཐོང་ཆེན་དང་གཞོགས་འདེགས་ཧུར་ཐག་བྱས་ནས་གཤམ་གསལ་ལས་དོན་ཁག་ཐུན་མོང་ཐོག་ཡག་པོ་སྒྲུབ་དགོས།
གཅིག། ཞིང་པའི་འཐུང་ཆུའི་ལས་གྲྭར་དོ་དམ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་།
ཤང་(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་དང་།གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཆུ་སྦུག་པའི་དཔུང་ཁག་ཁག་གིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་བཙུགས་རྗེས་ཀྱི་ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་འཁུར་དགོས་པ་དང་།ཁྲིམས་ལྟར་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭའི་དོ་དམ་བྱེད་མཁན་གཙོ་བོ་དང་ཆུ་སྤྱོད་དུད་ཚང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ་ཁང་དམར་རྫོང་ཀྱི《གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་དོ་དམ་གྱི་འགན་འཁུར་གསུམ་》གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་དང་འཐུང་ཆུའི་བདེ་འཇགས་ལས་གྲྭའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱས་ཏེ་རྐང་བཙུགས་ནས་ལས་གྲྭའི་སྒྲིག་ཆས་ལ་གཏོར་བཤིག་གཏོང་བ་དང་།གནོད་འཚེ་གཏོང་བ།ཆུ་འཕྲོ་བརླག་གཏོང་བ་བཅས་ཀྱི་བྱ་སྤྱོད་དུས་ཐོག་ཏུ་བཀག་འགོག་བྱེད་དགོས་པ་མ་ཟད།དོ་དམ་ཚན་པར་ཐེར་འདོན་བྱས་ཏེ་ལས་གྲྭ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པ་དང་ཕན་འབྲས་འདོན་སྤེལ་ཐུབ་པ་བྱས་ཏེ་ཁེ་ཕན་ཡོད་པའི་མང་ཚོགས་ལ་ཞབས་ཞུ་དེ་བས་ལེགས་པ་བྱེད་དགོས།
གཉིས། ཁྲོན་པ་སོགས་ནང་གི་སྒྲིག་བཀོད་འཁྱགས་འགོག་བྱེད་ཐབས།
(གཅིག)ཁྲོན་པའི་ནང་གི་སྒྲིག་བཀོད་ནས་ཆུ་མི་འཛག་པ་དང་། ཆུ་འཛག་པའི་སྒྲིག་བཀོད་དུས་ཐོག་ཏུ་ཉམས་གསོ་དང་བརྗེ་སྒྱུར་བྱས་ཏེ། ཁྲོན་པའི་ནང་གི་སྐམ་ཤས་ཆེ་བར་འགན་ལེན་ཏན་ཏིག་བྱེད་དགོས།
(གཉིས)ཁྲོན་པའི་ནང་གི་ཆུ་རྩིས་ཆུ་ཚོད་དང་སྟེམ་སྒོ་སོགས་ཆུ་སྤྱོད་སྒྲིག་བཀོད་ལ་སྲིང་བལ་འཐག་དངོས་དང་། འགྱིག་སོབ། འགྱིག་ལྦུ་བ་ཅན།སྲིང་བལ། ཉལ་ཆས། གྱོན་ཆས་རྙིང་པ་སོགས་ཀྱི་རྒྱུ་ཆ་རིམ་པ་རེ་རེ་བཞིན་ཐུམ་སྒྲིལ་དང་དམ་པོར་བསྡམས་ནས་དྲོད་སྲུང་བྱེད་དགོས།
(གསུམ་)དགུན་ཁར་ཆུ་རྩིས་ཆུ་ཚོད་ཀྱི་ཁྲོན་པའི་སྟེང་རྩྭ་ཡོལ་དང་། འགྱིག་ཤོག་སྲབ་མོ། ཤིང་(ངར་ལྕགས་)པང་ལེབ་སྟེང་ས་རིམ་སོགས་བཀབ་ནས་ཆར་པ་དང་གངས་ཆུ་ཁྲོན་པའི་ནང་དུ་མི་འཛུལ་བའི་སྔོན་འགོག་བྱེད་དགོས།
གསུམ། ཆུ་སྒོ་དང་ཕྱི་རོལ་དུ་སྦུ་གུ་འཛུགས་པའི་འཁྱགས་འགོག་བྱེད་ཐབས།
(གཅིག་)ཕྱི་རོལ་དུ་དམར་རྗེན་དུ་མངོན་པའི་སྦུ་གུ་དང་ཆུ་མགོ་ལ་འཁྱགས་འགོག་ཐུམ་སྒྲིལ་རྒྱུ་ཆ་སྤྱད་དེ་ཐུམ་སྒྲིལ་དམ་པོ་བྱས་ནས་དྲོད་སྲུང་བྱས་ཆོག་པ་མ་ཟད།ཆེས་མཐའ་སྐོར་གྱི་ཐུམ་སྒྲིལ་འགྱིག་ཤོག་སྲབ་མོར་བརྟེན་ནས་གངས་ཆར་གྱིས་བརླན་པར་སྔོན་འགོག་བྱེད་དགོས།
(གཉིས་)ཁང་པའི་ནང་ཆུ་སྒོ་ཡོད་པའི་ཁང་པར་དགོང་མོ་ཁང་པའི་སྒོ་དང་སྒེའུ་ཁུང་དམ་པོར་བརྒྱབ་ནས་ཁང་པའི་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་ཡན་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་ཆབས་ཅིག་འཁྱགས་འགོག་རྒྱུ་ཆའི་ཐུམ་སྒྲིལ་ཡང་སྤྱོད་ཆོག།
(གསུམ་)འཁྱགས་འཁེང་བྱུང་་པའི་ཆུ་སྦུག་གི་འཁྱགས་པ་ཞུ་སྐབས་སྔོན་ལ་ལག་ཕྱིས་སོགས་དངོས་པོས་ཆུ་སྒོ་ཐུམ་སྒྲིལ་རྒྱག་དགོས། དེ་ནས་ཆུ་སྒོ་བརྒྱུད་ནས་ཆུ་སྦུག་ལ་ཆུ་བླུགས་ནས་འཁྱགས་པ་ཞུ་རུ་བཅུག་ན་མེ་ཡིས་ཐད་ཀར་སྲེག་པའམ་ཡང་ན་ཆུ་ཁོལ་གྱིས་སྲེག་མི་རུང་། ཕྱི་རོལ་གྱི་སྦུག་ལམ་དྲོད་སྲུང་གློག་དྲོད་སྐུད་པ་སྤྱད་དེ་སྦུག་ལམ་གྱི་ཕྱི་ངོས་སུ་དཀྲི་ནས་འཁྱགས་གས་མི་ཡོང་བ་བྱེད་ཆོག།
(བཞི་)ཆུ་སྤྱོད་དུད་ཚང་དགུན་དུས་སུ་མི་བསྡད་མེད་པའམ་ཡང་ན་ཡུན་རིང་ཕྱིར་སྐྱོད་སྐབས་ཁང་པའི་ནང་ཡང་ན་ཁང་པའི་ཕྱི་རོལ་གྱི་སྤྱིའི་ཆུ་སྒོ་རྒྱག་པ་དང་། ཆེས་དམའ་བའི་ཆུ་སྒོ་ཕྱེ་ནས་རང་འབབ་ཆུའི་སྦུ་གུའི་ནང་གི་ཆུ་གསོག་ཚད་སྟོང་པར་བཟོས་ཏེ་ཆུ་སྦུག་འཁྱགས་ནས་གས་པར་སྔོན་འགོག་བྱེད་དགོས།གཉེན་ཉེ་དང་ཁྱིམ་མཚེས་ལ་ལྟ་རྒྱུའི་མངགས་བཅོལ་ཡང་བྱས་ཏེ་ཆུ་གནོན་འགྱུར་ལྡོག་ཡང་ན་མདོང་ལམ་ཪྙིང་པར་གྱུར་ནས་ཆུ་ཐིགས་འཛག་ནས་དོན་མེད་ཀྱི་གྱོང་གུན་མི་ཕོག་པ་བྱེད་དགོས།
བཞི། ཞིང་འབྲོག་ཁུལ་གྱི་གློག་འཕྲུལ་ཁྲོན་པར་བདག་གཅེས་དང་དོ་དམ་ཡག་པོ་བྱེད་དགོས།
(གཅིག་)གློག་འདོན་འཕྲུལ་འཁོར་རིགས་ཀྱི་གློག་ཁྲོན་གྱིས་ཉིན་གུང་གི་དུས་སུ་གློག་འདོན་པ་དང་ཆུ་འཐེན་ན་དུས་ཚོད་ཡག་ཤོས་ཡིན་པ་དང་།སྐབས་དེར་གནམ་གཤིས་ཆེས་དྲོ་ན་གློག་འདོན་འཕྲུལ་འཁོར་གྱི་སྒོ་འབྱེད་སླ་བ། གཞན་ཡང་གློག་འདོན་འཕྲུལ་འཁོར་ནང་ཆུ་ཡག་པོ་བླུགས་ནས་མེད་སྲེག་པ་བྱས་ཏེ། ཆུ་འཐེན་ཚར་རྗེས་ངེས་པར་དུ་ཆུ་སྟོང་པ་བཟོ་རྒྱུ་མ་བརྗེད་པ་དང་འཁྱགས་གས་མི་ཡོང་བ་བྱེད་དགོས།
(གཉིས་)གློག་འདོན་འཕྲུལ་འཁོར་ལ་གནད་དོན་བྱུང་ཚེ་ངེས་པར་དུ་ཐག་ཉེ་ས་ནས་ཉམས་གསོ་དང་ཡང་ན་འབྲེལ་ཡོད་ཉམས་མྱོང་ཡོད་པའི་མི་སྣ་དང་འབྲེལ་བ་བྱས་ནས་ཉམས་གསོ་བྱས་ཏེ་དོན་མེད་ཀྱི་གྱོང་གུན་མི་ཡོང་བ་བྱེད་དགོས།
(གསུམ་)འོད་ཤུགས་འཕྲུལ་འཁོར་དང་གློག་ཁྲོན་གྱིས་ཉིན་མོའི་ཉི་འོད་འདང་ངེས་ཡོད་པའི་སྐབས་སུ་བཀོལ་སྤྱོད་བྱ་རྒྱུ་ཡིད་ལ་བརྟན་པོར་ངེས་དགོས་པ་དང་།ངེས་པར་དུ་བཀོལ་སྤྱོད་རྒྱུས་མངའ་ཡོད་མཁན་གྱིས་གློག་སྒོ་བརྒྱབ་ནས་ཆུ་འཐེན་པའི་འགན་འཁུར་དགོས། གནད་དོན་བྱུང་བའམ་ཡང་ན་ཆུ་འཐེན་ཐབས་མེད་པའི་སྐབས་སུ་སྔོན་ལ་གློག་ལམ་དང་འཕྲུལ་ཁྲོན་གྱི་ཆུ་གནས་སོགས་ལ་ཞིབ་བཤེར་བྱེད་དགོས། སྔར་བཞིན་ཆུ་འཐེན་ཐབས་བྲལ་བའི་སྐབས་སུ་དུས་ཐོག་ཏུ་གློག་སྒོ་རྒྱག་དགོས་པ་མ་ཟད་ཁོངས་གཏོགས་ཁུལ་གྱི་ཤང་གྲོང་རྡལ་ཞབས་ཞུའི་མི་སྣར་འབྲེལ་བ་བྱེད་དགོས
(བཞི་)གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་ཚོ་རིམ་པའི་ཆུ་སྦུག་པས་འཕྲུལ་འཁོར་དང་ཁྲོན་པའི་སྒྲིག་ཆས་དོ་དམ་དང་བེད་སྤྱོད་ཡག་པོ་བྱས་ནས་མིས་གཏོར་སྐྱོན་མི་གཏོང་བ་དང་ཕྲུ་གུ་ཚོས་ཁྲོན་པའི་སྒྲིག་ཆས་བེད་སྤྱོད་གཏོང་བའམ་ཡང་ན་རྩེད་མོ་རྩེས་མི་ཆོག་མ་ཟད་བདེ་འཇགས་ལས་འཛོལ་མི་ཐོན་པ་བྱེད་དགོས།
(ལྔ་)འབྲོག་ཁུལ་གྱི་འཕྲུལ་ཁྲོན་ཚང་མར་དགུན་དུས་ངེས་པར་དུ་བཀག་སྡོམ་ནན་པོ་བྱེད་དགོས་པ་དང་།མཚན་མོར་སྒོ་དང་སྒེའུ་ཁུང་དམ་པོར་རྒྱག་དགོས། དྲོད་སྲུང་ཡག་པོ་བྱེད་པ་དང་འཕྲུལ་ཁྲོན་གྱི་ཁ་ལ་དགོས་ངེས་སྐབས་སྲིང་བལ་ཉལ་ཆས་སོགས་ཀྱི་ཁ་ལེབ་རྒྱག་སྟངས་སྤྱད་དེ་དྲོད་སྲུང་བྱེད་དགོས། དུས་མཚུངས་སུ་སྦུག་ལམ་ནང་གི་ཆུ་ངེས་པར་དུ་ཐེངས་རེར་སྟོང་བར་བཏང་ནས་སྦུག་ལམ་འཁྱགས་པ་མི་འབྱུང་བ་བྱེད་དགོས།
ལྔ། ཆུ་འདོན་སྦུག་དྲ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
(གཅིག་)རང་དགར་ཆུ་མཁོ་འདོན་བྱེད་པའི་སྦུག་དྲ་བླངས་མི་ཆོག་པ་དང་། རང་འབབ་ཆུ་འདྲེན་སྦུག་དྲ་འདིང་བའི་ས་ཁོངས་སུ་སྒྲིག་འགལ་གྱིས་ཚོད་འཛིན་བྱེད་མི་ཆོག་དེ་ལས་འགལ་མཁན་ལ་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ལས་གྲྭ་དགུན་དུས་སྦུག་དྲ་འདིང་བའི་ས་ཁོངས་སུ་སྔོག་འདོན་བྱེད་མི་ཆོག་པ་དང་གལ་ཏེ་སྔོག་འདོན་བྱེད་དགོས་ཚེ་ཁོངས་གཏོགས་ས་ཆའི་ཆུ་སྤྱོད་མཐུན་ཚོགས་ལ་དགོངས་སྐོར་ཞུས་ནས་མོས་མཐུན་ཐོབ་པ་བྱས་ཏེ། ཉམས་བཟོ་དུས་དུས་ཐོག་ཏུ་མ་བྱུང་བར་སྦུག་དྲར་འཁྱགས་འཁེང་མི་བྱུང་བ་བྱེད་དགོས།
(གཉིས་)ཆུ་འདོན་སྦུག་དྲའི་སྟེང་ནས་ས་ལེན་པའམ་ས་ཁོད་སྙོམས་པོ་བཟོས་མི་ཆོག་པ་དང་།ཆུ་འདོན་སྦུག་དྲར་སྐྱོན་མི་ཡོང་བའི་སྔོན་འགོག་བྱེད་དགོས།
(གསུམ་)གནད་དོན་ཆུང་གྲས་ཐོན་ཚེ། རྫོང་མྱུར་བཟོ་རུ་ཁག་གིས་ཉམས་གསོ་དང་སྲུང་སྐྱོང་བྱེད་རྒྱུའི་འགན་འཁུར་བ་དང་་ཉམས་གསོའི་མ་དངུལ་དེ་ལོ་རིའི་ཉམས་བཟོ་བདག་སྐྱོང་གི་མ་དངུལ་ནས་གཏོང་དགོས་པ་མ་ཟད། ཐོ་འགོད་ཡག་པོ་བྱེད་པ།རྒྱུན་སྤྱོད་དང་ཟད་གྲོན་སླ་བའི་སྒྲིག་ཆས་ཁག་ཅིག་གསོག་འཇོག་བྱས་ནས་གནད་དོན་བྱུང་ན་དུས་ཐོག་ཏུ་འགན་སྲུང་བྱེད་དགོས།
དྲུག། ཆུ་ཁུངས་དང་ཆུ་ལེན་སའི་རྒྱུན་ལྡན་གྱི་སྲུང་སྐྱོབ།
(གཅིག་)རང་འབབ་རྣམ་པའི་ཆུ་ཁུངས་ཁུལ་དུ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ལེན་སའི་མཐའ་འཁོར་གྱི་གད་སྙིགས་དང་རྩྭ་ངན་གཙང་བཤེར་བྱས་ཏེ། དྲོད་ཚད་གློ་བུར་དུ་ཆག་པའི་རྐྱེན་གྱིས་ཆུ་ལེན་སའི་ཆུ་སྒོ་འཁྱགས་འཁེང་མི་ཡོང་བའི་སྔོན་འགོག་བྱས་ཏེ། ཆུ་ལེན་སར་གཙང་བཤེར་དང་ཁོད་སྙོམས་ཡོང་བར་ཤུགས་སྣོན་བརྒྱབ་ནས་ཆུ་ལེན་ས་སྲུང་སྐྱོང་བྱེད་པའི་སྒྲིག་བཀོད་སྲུང་སྐྱོང་ཡག་པོ་བྱེད་དགོས།
(གཉིས་)ས་འོག་གི་ཆུ་འགོ་དང་།ཆུ་འགོའི་མཐའ་འཁོར་གྱི་གཙང་སྦྲ་ཡག་པོ་བྱས་ཏེ། ཁྲོན་པའི་ནང་གི་གཙང་སྦྲ་དང་ཆུ་འབུད་སྦུག་ལམ་ལ་གཙང་བཤེར་བྱས་ནས་ཁྲོན་པའི་ཁང་པ་དང་ཉེ་འཁོར་གྱི་ངོས་ལ་འཁྱགས་བརྒྱབ་པར་སྔོན་འགོག་བྱེད་དགོས།
(གསུམ་)རིམ་ཁག་དང་སྡེ་ཚན་ཁག་གིས་མཉམ་འབྲེལ་ཐོག་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཆུའི་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཏེ་གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
བདུན། འཐུང་ཆུའི་འགན་སྲུང་ཞབས་ཞུའི་ཐད་སྦྲེལ་ཁ་པར།
གལ་ཏེ་ཁྱེད་ཀྱིས་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་ཆུ་སྦུག་ནས་ཆུ་རྐུ་བའམ་ཡང་ན་ཆུ་མཁོ་འདོན་མདོང་ལམ་ནས་ཆུ་འཛག་པ། ཁྱིམ་དུ་ཆུ་མེད་པ་ཤེས་རྟོགས་བྱུང་ཚེ་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་དུས་ཐོག་ཏུ་གནས་ཚུལ་གོང་ཞུ་བྱེད་པ་དང་། ཆུ་སྤྱོད་དུད་ཚང་དང་། གྲོང་ཚོ་དང་གྲོང་ལྷན་ཁག། ཤང་གྲོང་རྡལ་ཁག། རྫོང་ཆུ་བེདཅུད་"བཅས་ཀྱི་རིམ་པ་བཞིན་སྙན་སེང་ཞུས་ནས་ཐག་གཅོད་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་པ། གལ་ཏེ་ཐག་གཅོད་མ་ཐུབ་ཚེ་ཁང་དམར་རྫོང་ཆུ་བེད་ཅུད་ཀྱི་ཁོངས་གཏོགས་ཁུལ་གྱི་ཤང་གྲོང་རྡལ་གྱི་འཐུང་ཆུའི་བདེ་འཇགས་ཞབས་ཞུའི་ཁ་པར་རྒྱག་ཆོག།
རྒྱ་ཆེའི་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་སྔར་བས་འགན་ལེན་བྱ་ཆེད།ཁང་དམར་རྫོང་གི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཆེད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་བཙུགས་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་སྲིད་ཇུས་བློ་འདྲི་དང་། དཀའ་ངལ་གྱི་རེ་འདུན། ཞུ་གཏུག་ཐེར་འདོན་གོང་ཞུ། བསམ་འཆར་དང་གྲོས་འགོ་སོགས་མཁོ་འདོན་བྱ་རྒྱུ་ཡིན་པས་རིམ་པ་བཞིན་གནས་ཚུལ་སྙན་སེང་ཞབས་ཞུའི་ཁ་པར་རྒྱག་ཆོག།
འཐུང་ཆུའི་བདེ་འཇགས་དེ་དུད་ཚང་ཁྲི་སྟོང་མང་པོར་འབྲེལ་བ་ཡོད་པ་དང་།སྤྱོད་མཁན་གྱི་གཞི་གྲངས་མང་བ། ཁེབས་རྒྱ་ཆེ་བ་མ་ཟད་སྡོད་གནས་ཁ་ཐོར་ཡིན་པས་དགུན་དུས་དྲོད་སྲུང་དང་དོ་དམ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་བྱ་བ་ཞིག་ཡིན་པས་ཆུ་སྤྱོད་དུད་ཚང་ཁག་གི་བློ་གཅིག་སེམས་གཅིག་གིས་དོ་དམ་བྱེད་དགོས། ཁྱེད་ཀྱི་དགུན་དུས་ཀྱི་ཆུ་སྤྱོད་བདེ་འཇགས་ཆེད་རང་ཁྱིམ་གྱི་སྒྲིག་ཆས་དང་སྒྲིག་བཀོད་སྲུང་སྐྱོང་ཡག་པོ་བྱེད་པ་དང་མཉམ་སྤྱོད་ཆུ་ཚོད་ཁྲོན་པར་དོ་དམ་ཡག་པོ་བྱེད་པ།འཐུང་ཆུའི་སྒྲིག་ཆས་ལ་ལྟ་རྟོག་བྱ་རྒྱུར་ལྷོད་གཡེང་ཤོར་བ་ཤེས་སྐབས་རང་འགུལ་ངང་ལྟ་རྟོག་དང་དྲན་སྐུལ་བྱེད་པར་བསྐྱོད་དེ་རྒྱ་ཆེའི་མང་ཚོགས་ཚོས་གཞོགས་འདེགས་ཧུར་ཐག་བྱས་ནས་དགུན་དུས་ཀྱི་ཆུ་མཁོ་འདོན་འགན་ལེན་ལས་དོན་ཐུན་མོང་ཐོག་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད།༢༠༢༤ལོའི་ཟླ་བ་༡༢པའི་ཚེས་༡༦ཉིན།
ཁང་དམར་རྫོང་ཆུ་བེད་ཅུད།
༢༠༢༤ལོའི་ཟླ་བ་༡༢པའི་ཚེས་༡༦ཉིན།
县委进一步改进作风狠抓落实工作举报方式
举报电话:
0892-8212740
举报邮箱:
kmxdcs@sina.com
举报信箱点位:
党政办公楼大门右侧、政府楼大门左侧
邮政信箱:
康马县党政办公楼作风办212办公室