确布乡中心小学2024年寒假致全乡学生家长的一封信

文摘   2024-12-17 20:59   西藏  

尊敬的家长朋友:
您好!
衷心感谢您对确布乡教育事业的关心、支持和帮助!寒假将至,为了让您和孩子度过一个健康、愉快、安全的寒假,请您承担起监护人职责,加强安全防范意识和监护人责任意识,注意寒假期间孩子易发生的意外伤害事故预防,确保孩子度过一个安全健康、丰富多彩、愉快充实的假期。家庭是孩子的第一所学校,父母是孩子的第一任老师,从某种角度讲,家庭教育比学校教育更为重要。值此放假之际,向全体家长和同学们发出如下倡议:



一、强化家庭教育
家庭教育对孩子学习习惯、生活习惯、行为习惯的养成具有不可替代的作用,特别是我乡家庭教育相对薄弱。因此,建议每位家长应尽可能地督促孩子在假期里自主学习,除完成既定的寒假作业外,还应多阅读、多帮家长做家务、多参加有意义的社会实践活动,在家长的保护、督促下形成良好的学习、生活、行为习惯。每位家长要引导孩子知礼仪、明是非、守规矩,增强法治意识,并尽量多安排时间与孩子交流,及时了解孩子的日常表现和思想状况,做好孩子监管看护教育工作,避免放任不管、缺教少管、教而不当。
二、加强交通安全教育
教育孩子要自觉严格遵守交通规则,坚决做到“六不”:不在公路上玩耍、不乘坐拖拉机、农用车、货运车等非客运车辆;不乘坐拼装车、报废车等非法运营和车况差的车辆;不乘坐超载、超速、酒驾车辆;学生不得驾驶摩托车、汽车等机动车辆,12岁以下儿童不得骑自行车上路,16岁以下孩子不准骑电瓶车上路;乘坐客运车辆时不将手脚等身体部分伸出车窗(门)外。
三、加强食品卫生安全教育
教育孩子注意食品卫生安全,不暴饮暴食、不抽烟、不喝酒,不吃不安全食品、过期变质食品、“三无”食品和流动摊位小吃等,增强孩子的食品安全意识,帮助孩子养成良好的饮食卫生习惯。讲究个人和环境卫生,警惕各类冬季传染病、流行病,加强体育锻炼,保障身体健康。
四、加强消防安全教育
教育孩子安全用电、用火、用气,和孩子一起学习安全用电、用火、用气常识,不玩易燃易爆等危险品,防止发生触电、火灾、爆炸和煤气中毒事件。
五、加强居家安全教育
要教育孩子外出应有家长陪同,未经同意不得私自外出、外宿或远游;防止被绑架、拐骗或走失;远离拥挤人群和事故现场,不到建筑工地玩耍;单独在家时要关好门窗,不给陌生人开门。
六、加强上网安全教育
要教育孩子文明上网,不浏览非法网站;不随意发帖、评论、跟帖;不沉迷电子游戏;不长时间上网;禁止进入营业性电子游戏厅和网吧。
七、加强防范电信网络诈骗教育
请家长和学生学习防范电信网络诈骗相关知识和反诈技巧,教育孩子增强法制观念、防范意识和辨别能力,不出租、出借、出售自己的银行卡、手机卡、微信、QQ、支付宝等账号,不点击未知链接、不轻信陌生来电、不透露个人信息等,避免上当受骗。
八、加强对孩子的安全监管,防止意外事故发生
安全事故会给家庭带来难以挽回的后果,造成无法弥补的损失。请家长务必增强安全意识和监护意识,切实履行对孩子的监护、监管责任,时刻关注孩子的去向,不出现“监管真空”,确保您的孩子安全健康快乐成长。
各位家长,安全重于泰山,希望您能一如既往地加强对孩子假期生活的管理,希望各位家长在寒假里当孩子的好老师、好家长、好朋友,以正确的言行引导和影响您的孩子,让孩子在浓浓的亲情里享受到一个丰富、精彩、平安、快乐的假期。
最后,恭祝各位家长工作顺利,万事如意,扎西德勒!
温馨提示:请家长在寒假看护好您的孩子,学生的寒期安全由家长全权负责!
                                                      
                                                                                确布乡中心小学                                      2024年12月
གུས་པར་འོས་པའི་ཁྱིམ་བདག་ལྷན་རྒྱས།
ཁམས་བཟང་
 །ཁྱེད་ཀྱིས་ཆོབ་ཤང་གི་་སློབ་གསོའི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར། རོགས་རམ་བཅས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དགུན་ཁའི་གུང་གསེང་སླེབས་གྲབས་ཡོད་པས་ཁྱེད་ཀྱི་ཕྲུ་གུ་བདེ་ཐང་དང་བདེ་འཇགས། སྤྲོ་སྐྱིད་བཅས་དང་ལྡན་པའི་གུང་གསེང་ཞིག་གཏོང་ཐུབ་པའི་འགན་ལེན་བྱ་ཆེད།ཁྱེད་རང་གིས་ལྟ་སྐྱོང་པའི་འགན་འཁྲི་འཁུར་ནས་བདེ་འཇགས་ཉེན་ཟོན་གྱི་འདུ་ཤེས་དང་ལྟ་སྐྱོང་པའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ་དགུན་ཁའི་གུང་གསེང་རིང་ཕྲུ་གུར་བསམ་ཡུལ་ལས་འདས་པའི་གནོད་འཚེའི་ལས་འཛོལ་ཐོན་སླ་བའི་སྔོན་འགོག་ལ་དོ་སྣང་བྱས་ནས་ཕྲུ་གུ་རྣམས་བདེ་འཇགས་དང་།སྣ་མང་ཕུན་སུམ་ཚོགས་པ།སྤྲོ་སྣང་ལྡན་པ་བཅས་ཀྱི་གུང་གསེང་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།     ཁྱིམ་ཚང་ནི་ཕྲུ་གུའི་སློབ་གྲྭ་དང་པོ་ཡིན་པ་དང་།ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་ཡིནཔས།ཕྱོགས་ཅིག་གི་ཐད་ནས་བཤད་ན།ཁྱིམ་ཚང་གི་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་ལས་ཀྱང་གལ་ཆེ་བ་ཡིན། གུང་གསེང་གཏོང་བར་ཉེ་བའི་སྐབས་སུ་ཁྱེད་ཁྱིམ་བདག་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་གཤམ་གསལ།
གཅིག།ཁྱིམ་ཚང་གི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་དགོས།
ཁྱིམ་ཚང་སློབ་གསོས་ཕྲུ་གུའི་སློབ་སྦྱོང་གི་གོམས་གཤིས་དང་འཚོ་བའི་གོམས་གཤིས།བྱ་སྤྱོད་ཀྱི་གོམས་གཤིས་བཅས་འཇགས་པ་བྱ་རྒྱུར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད།ལྷག་པར་དུ་རང་རེའི་ཤང་གི་ཁྱིམ་ཚང་གི་སློབ་གསོ་བལྟོས་བཅས་ཀྱི་ཞན་པས། ཁྱིམ་བདག་ཚང་མས་ཕྲུ་གུར་གུང་གསེང་རིང་ལ་རང་འགུལ་ངང་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་གང་ལེགས་གཏོང་དགོས་པ་དང་། གཏན་འཁེལ་བྱས་པའི་དགུན་ཁའི་གུང་གསེང་གི་སྦྱོང་ཚན་ལེགས་སྒྲུབ་བྱེད་དགོས་པ་ཕུད། ད་དུང་དེབ་མང་ཙམ་ཀློག་དགོས་པ་དང་ཁྱིམ་བདག་ལ་རོགས་རམ་བྱས་ཏེ་ནང་ལས་མང་ཙམ་བྱེད་དགོས་པ། དོན་སྙིང་ལྡན་པའི་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོའི་ནང་མང་ཙམ་ཞུགས་ཏེ་ཁྱིམ་བདག་གི་སྲུང་སྐྱོང་དང་ལྟ་སྐུལ་འོག་སློབ་སྦྱོང་དང་འཚོ་བ།བྱ་སྤྱོད་བཅས་ཀྱི་གོམས་གཤིས་བཟང་པོ་འཇགས་པ་བྱེད་དགོས། ཁྱིམ་བདག་ཚང་མས་ཕྲུ་གུར་གུས་ལུགས་ཤེས་པ་དང་ཡིན་མིན་གསལ་འབྱེད།སྒྲིག་ལམ་སྲུང་བ་བཅས་ཀྱི་ཁྲིད་སྟོན་བྱས་ནས་ཁྲིམས་སྐྱོང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད།ཕྲུ་གུ་དང་བསམ་ཚུལ་སྤེལ་རེས་བྱེད་པའི་དུས་ཚོད་བཀོད་སྒྲིག་མང་ཙམ་བྱས་ནས་ཕྲུ་གུའི་རྒྱུན་ལྡན་གྱི་བྱ་སྤྱོད་དང་བསམ་བློའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་དགོས།



གཉིས།འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།
ཕྲུ་གུར་རང་འགུལ་ངང་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས“མི་བྱེད་པ་དྲུག”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱེད་དགོས་སྟེ།གཞུང་ལམ་ཐོག་རྩེད་མོ་མི་རྩེ་བ་དང་། འདྲུད་འཐེན་རླངས་འཁོར་དང་ཞིང་སྤྱོད་རླངས་འཁོར། ཟོག་སྐྱེལ་རླངས་འཁོར་སོགས་འགྲུལ་སྐྱེལ་མིན་པའི་རླངས་འཁོར་ནང་མི་སྡོད་པ། ལྷུ་བསྒྲིགས་རླངས་འཁོར་དང་བེད་མེད་ཟུར་འཇོག་རླངས་འཁོར་སོགས་ཁྲིམས་འགལ་གྱིས་འཁོར་སྐྱོད་བྱེད་མཁན་དང་སྤུས་ཚད་ཞན་པའི་རླངས་འཁོར་ནང་མི་སྡོད་པ། ཤོང་ཚད་དང་མྱུར་ཚད་ལས་བརྒལ་མཁན། ཆང་རག་བཏུངས་པའི་ཁ་ལོ་བའི་རླངས་འཁོར་བཅས་ནང་མི་སྡོད་པ། སློབ་མས་སྦག་སྦག་དང་རླངས་འཁོར་སོགས་འཕྲུལ་སྒུལ་འཁོར་རིགས་བཏང་མི་ཆོག་པ་དང་ལོ་12མན་གྱི་ཕྲུ་གུས་རྐང་འཁོར་བཞོན་ནས་ལམ་དུ་བསྐྱོད་མི་ཆོག་པ།ལོ་16མན་གྱི་ཕྲུ་གུས་གློག་སྒུལ་འཁོར་རིགས་བཏང་ནས་ལམ་དུ་བསྐྱོད་མི་ཆོག་པ། འགྲུལ་སྐྱེལ་རླངས་འཁོར་ནང་སྡོད་སྐབས་རྐང་ལག་སོགས་གཟུགས་པོའི་ཆ་ཤས་རླངས་འཁོར་གྱི་ཕྱི་རུ་མི་རྐྱོང་བ་བཅས་ཀྱི་སློབ་གསོ་རྒྱག་དགོས།
གསུམ།བཟའ་བཅའི་འཕྲོད་བསྟེན་བདེ་འཇགས་སྐོར་གྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས།
ཕྲུ་གུར་བཟའ་བཅའི་འཕྲོད་བསྟེན་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་སློབ་གསོ་བཏང་ནས་རྒྱས་ཟ་རྒྱས་འཐུང་མི་བྱེད་པ་དང་ཐ་མག་མི་འཐེན་པ། ཆང་རག་མི་འཐུང་བ། གཙང་མ་མེད་པའི་བཟའ་བཅའ་དང་དུས་ཚོད་ཡོལ་ཞིང་ངོ་བོ་འགྱུར་བའི་བཟའ་བཅའ། དེ་བཞིན“མེད་པ་གསུམ”གྱི་བཟའ་བཅའ།སྐོར་སྐྱོད་ཁྲོམ་བཀྱག་གི་ཟས་རིགས་སོགས་ཟ་རྒྱུ་མེད་པའི་སློབ་གསོ་བརྒྱབ་སྟེ་ཕྲུ་གུའི་བཟའ་བཅའི་བདེ་འཇགས་འདུ་ཤེས་ཡག་ཏུ་བཏང་ནས་ཕྲུ་གུར་བཟའ་བཏུང་དང་གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་འཇགས་རྒྱུར་རོགས་རམ་བྱེད་དགོས།མི་སྒེར་དང་ཁོར་ཡུག་གཙང་སྦྲ་འཕྲོད་བསྟེན་ལ་སྣང་ཆེན་བྱས་ཏེ་དགུན་དུས་ཀྱི་འགོས་ནད་དམ་ནད་ཡམས་སྣ་ཚོགས་ལ་དོགས་ཟོན་བྱེད་པ་དང་།ལུས་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་གཟུགས་གཞི་བདེ་ཐང་ཡོང་བའི་འགན་ལེན་བྱེད་དགོས།
བཞི།མེ་གསོད་མེ་འགོག་གི་བདེ་སྲུང་སྐོར་གྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས།
ཕྲུ་གུར་བདེ་འཇགས་ངང་གློག་དང་མེ། སོལ་རླངས་བཅས་བེད་སྤྱོད་བྱེད་རྒྱུའི་སློབ་གསོ་བརྒྱབ་ནས་ཕྲུ་གུ་དང་མཉམ་དུ་བདེ་འཇགས་ངང་གློག་དང་མེ། སོལ་རླངས་བཅས་བེད་སྤྱོད་བྱེད་པའི་རྒྱུན་ཤེས་སློབ་སྦྱོང་བྱེད་དགོས་ཤིང་། འབར་གས་སླ་བ་དང་རུལ་སླ་བ་སོགས་ཀྱི་ཉེན་ཁ་ཡོད་པའི་དངོས་རྫས་ལ་རྩེད་མོ་མི་རྩེ་བར་གློག་འཁྱུད་དང་མེ་སྐྱོན།འབར་གས། སོལ་རླངས་ཀྱི་དུག་ཕོག་པ་བཅས་ཀྱི་དོན་རྐྱེན་མི་ཐོན་པའི་སློབ་གསོ་རྒྱག་དགོས།
ལྔ། ཁྱིམ་དུ་སྡོད་དུས་བདེ་འཇགས་ཐད་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས།
ཕྲུ་གུ་ཕྱི་རུ་འགྲོ་སྐབས་ཁྱིམ་བདག་མཉམ་དུ་འགྲོ་དགོས་པ་དང་ཁྱིམ་བདག་གིས་མོས་མཐུན་མ་བྱུང་ཚེ་རང་དགར་ཕྱི་རུ་འགྲོ་བ་དང་ཕྱི་རུ་ཞག་སྡོད་བྱེད་པའམ་ཡང་ན་ཐག་རིང་དུ་ཡུལ་སྐོར་ལ་འགྲོ་མི་རུང་བའི་སློབ་གསོ་བརྒྱབ་སྟེ་བཙན་ཁྲིད་དང་མགོ་སྐོར་བསླུ་བྲིད་བྱེད་པའམ་ཡང་ན་བོར་བརླག་ཏུ་འགྲོ་བའི་གནས་ཚུལ་མི་ཐོན་པ་བྱེད་དགོས། མི་ཚོགས་འཚང་ཁ་ཆེ་ས་དང་དོན་རྐྱེན་ཐོན་ས་ནས་རིང་བར་བྲལ་དགོས་པ། ཨར་སྐྲུན་བྱ་ཡུལ་དུ་རྩེད་མོ་རྩེ་བར་མི་འགྲོ་བ། ཕྲུ་གུ་གཅིག་པུ་ཁྱིམ་དུ་སྡོད་སྐབས་སྒོ་དང་སྒེའུ་ཁུང་དམ་པོ་བརྒྱབ་སྟེ་ཆ་རྒྱུས་མེད་པའི་མིར་སྒོ་མི་ཕྱེ་བ་བཅས་ཀྱི་སློབ་གསོ་རྒྱག་དགོས།
དྲུག། དྲ་ཞུགས་བདེ་འཇགས་སྐོར་གྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས།
ཕྲུ་གུར་ཡ་རབས་ཚུལ་ལྡན་ངང་དྲ་བར་ཞུགས་དགོས་པའི་སློབ་གསོ་གཏོང་དགོས་ཤིང་། ཁྲིམས་འགལ་གྱི་དྲ་ཚིགས་ལ་རགས་ལྟ་མི་བྱེད་པ་དང་།རང་དགར་སྦྱར་ཡིག་དང་དཔྱད་གཏམ།རྗེས་འབྲང་བཅས་མི་བྱེད་པ། གློག་རྡུལ་རོལ་རྩེད་ལ་སེམས་མི་ཆགས་པ། དུས་ཡུན་རིང་པོ་དྲ་བར་མི་ཞུགས་པ།ཚོང་གཉེར་རང་བཞིན་གྱི་གློག་རྡུལ་རོལ་རྩེད་ཁང་དང་དྲ་ཁང་དུ་མི་འགྲོ་བ་བཅས་ཀྱི་སློབ་གསོ་རྒྱག་དགོས།
བདུན།གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱེད་པའི་སློབ་གསོར་ཤུགས་སྣོན་རྒྱག་དགོས།
ཁྱིམ་བདག་དང་སློབ་མ་ཚོས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱེད་པའི་འབྲེལ་ཡོད་ཤེས་བྱ་དང་གཡོ་ཐབས་ལ་ངོ་རྒོལ་བྱེད་པའི་ཐབས་རྩལ་སློབ་སྦྱོང་བྱས་ཏེ་ཕྲུ་གུར་ཁྲིམས་ལུགས་ཀྱི་འདུ་ཤེས་སམ་དོགས་ཟོན་གྱི་འདུ་ཤེས།བདེན་རྫུན་དབྱེ་འབྱེད་ཀྱི་ནུས་པ་བཅས་ཆེ་རུ་གཏོང་དགོས་པའི་སློབ་གསོ་རྒྱག་པ།རང་ཉིད་ཀྱི་དངུལ་ཁང་གྰ་དང་ཁ་པར་གྰ།འཕྲིན་ཕྲན།QQ  དངུལ་སྤྲོད་འབོ་སོགས་ཀྱི་རྩིས་ཐོའི་ཨང་གྲངས་བོགས་མར་གཏོང་བ་དང་།གཡར་བ།ཕྱིར་འཚོང་བཅས་མི་བྱེད་པ། གསལ་པོ་མི་ཤེས་པའི་སྦྲེལ་མཐུད་མི་གནོན་པ་དང་།ཆ་རྒྱུས་མེད་པའི་ཁ་པར་ཡོང་དུས་ཡིད་ཆེས་མི་བྱེད་པ། མི་སྒེར་གྱི་ཆ་འཕྲིན་གང་བྱུང་མི་ཤོད་པ་བཅས་བྱས་ཏེ་ཁ་བསླུས་འོག་མི་ཚུད་པའི་སློབ་གསོ་རྒྱག་དགོས།
བརྒྱད། ཕྲུ་གུའི་བདེ་འཇགས་ཐད་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་མི་ཐོན་སྔོན་འགོག་བྱ་དགོས
བདེ་འཇགས་ལས་འཛོལ་གྱིས་ཁྱིམ་ཚང་ལ་ཟློག་ཐབས་བྲལ་བའི་མཇུག་འབྲས་ངན་པ་ཐོན་ནས་ཁ་གསབ་བྱེད་ཐབས་བྲལ་བའི་གྱོང་གུན་བཟོ་ཡི་ཡོད། 
ཁྱིམ་བདག་ཚོས་ངེས་པར་དུ་བདེ་འཇགས་ཀྱི་འདུ་ཤེས་དང་ལྟ་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་ཕྲུ་གུར་ལྟ་སྐྱོང་དང་ལྟ་སྡོམ་བྱེད་པའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཕྲུ་གུའི་འགྲོ་སར་དོ་སྣང་བྱས་ཏེ“ལྟ་སྡོམ་བྱེད་མཁན་མེད་པའི”གནས་ཚུལ་མི་ཐོན་པ་བྱས་ནས་ཁྱེད་ཀྱི་ཕྲུ་གུ་བདེ་འཇགས་དང་སྐྱོན་བྲལ། སྤྲོ་སྣང་བཅས་དང་ལྡན་པའི་ངང་འཚར་ལོངས་ཡོང་བར་འགན་ལེན་བྱེད་དགོས།ཁྱིམ་བདག་ལྷན་རྒྱས། བདེ་འཇགས་ནི་རིན་ཆེན་གསེར་ལས་ལྷག་པས། ཁྱེད་ཀྱིས་སྔར་བཞིན་ཕྲུ་གུའི་གུང་གསེང་གི་འཚོ་བར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྱིམ་བདག་རྣམས་གུང་གསེང་སྐབས་སུ་ཕྲུ་གུའི་དགེ་རྒན་བཟང་པོ་ཞིག་དང་ཁྱིམ་བདག་བཟང་པོ་ཞིག གྲོགས་པོ་བཟང་པོ་ཞིག་བཅས་ཆགས་པ་བྱས་ཏེ།ཡང་དག་པའི་གཏམ་སྤྱོད་ཐོག་ནས་ཁྱེད་ཀྱི་ཕྲུ་གུར་ཁྲིད་སྟོན་དང་ཤུགས་རྐྱེན་བཟང་པོ་ཐེབས་སུ་འཇུག་དགོས་ཤིང་། ཕྲུ་གུར་སྙིང་ཉེའི་བརྩེ་གདུང་ཟབ་མོའི་ཁྲོད་ནས་ཕུན་སུམ་ཚོགས་པ་དང་ངོ་མཚར་ཆེ་བ། ཞི་བདེ། སྤྲོ་སྐྱིད་བཅས་དང་ལྡན་པའི་གུང་གསེང་ཞིག་གཏོང་རྒྱུ་ཡོང་བའི་རེ་བ་ཤིན་ཏུ་ཆེ།
 མཇུག་ཏུ་ཁྱིམ་བདག་ལྷན་རྒྱས་བྱ་བ་ལམ་འགྲོ་དང་སྐུ་གཟུགས་གསལ་ཐང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ།
 ཤ་ཚའི་དྲན་སྐུལ་བྱ་རྒྱུར།ཁྱིམ་བདག་ལྷན་རྒྱས་ནས་གུང་གསེང་རིང་ཕྲུ་གུར་བདག་སྐྱོང་ཡག་པོ་གནང་རོགས།གུང་གསེང་སྐབས་སློབ་མའི་བདེ་འཇགས་ཐད་ཁྱིམ་བདག་ཚོས་འགན་ཡོད་ཚད་འཁུར་དགོས་ཀྱི་ཡོད།                                                  
                                                                           ཆོབ་ཤབ་ལྟེ་བའི་སློབ་ཆུང་                               སྤྱི་ལོ་༢༠༢༤ལོའི་ ཟླ་༡༢


影像确布│麦卡村的人间烟火与岁月诗画

影像确布│灿秋如画,青稞满仓

影像确布│确布的秋韵,如诗如画

影像确布│党群齐心,共襄盛会

确布非遗│时光深处的璀璨瑰宝

逐梦确布  崭新启航 

终 审:边       巴

复 审:加央次仁

初 审:王       盛

编 辑:巴桑琼拉

来 源:乡中心小学 尼玛多杰


逐梦确布
展现民族特色,传递基层声音。聚焦确布发展,记录奋斗历程。这里党建引领,人民逐梦。让我们与您一同见证这片土地的蓬勃生机,共赴确布乡的逐梦之旅,感受高原上的红色力量与美好生活。
 最新文章