那曲市市场监管局发布消费提示:消除安全隐患,让电动自行车更安全

政务   2024-10-17 18:25   西藏  

目前电动自行车成为很多消费者出行的交通工具,为消费者带来方便快捷的同时,也存在一定的安全隐患。为了引导消费者科学选购、安全使用电动自行车,那曲市市场监督管理局消费者协会提醒广大消费者购买和使用电动自行车要做到五个注意:

消除安全隐患,让电动自行车更安全


一要注意选择购买地点

购买电动自行车要选择资质齐全、信誉较好的商场、专卖店和合法购物网站;尽量选择消费者认可度高、评价高、售后服务好的品牌。

二要注意查看相关信息

消费者购买电动车要注意查看厂名厂址、合格证、使用说明等相关信息;要严格按照使用说明书规范使用;切勿购买无厂名厂址的电动车或电池充电器等配件;尽量不要购买改装拼装的二手电动车。

三要注意3C认证

电动自行车是强制性认证的商品,消费者购买电动自行车时,要查看CCC认证标识。市场监管总局近日发布公告,对电动自行车使用锂离子蓄电池及充电器实施强制性产品认证(CCC认证)管理。2025年11月1日后,电动自行车使用锂离子蓄电池及充电器应当经过CCC认证并标注CCC认证标志,方可出厂、销售、进口或者在其他经营场所使用。消费者要了解相关规定,购买有CCC标志的电池和充电器。

四要注意科学使用

消费者应当主动学习和了解电动自行车安全使用的相关知识。遵守相关规定,科学用车,避免电动自行车或者电池出现暴晒、淋雨等情况;应该定期进行检查、保养和维护,一旦发生线路老化、磨损和电池质量问题,要及时予以更换,避免“超期服役”。

五要注意依法维权

消费者在购买或维修电动自行车时,要主动向商家索要发票等购货凭证、服务单据。消费者因电动自行车质量原因造成人身伤害时,可以向经营者请求赔偿。经营者拒绝赔偿的,可以向市场监督管理局投诉或通过司法途径维护自身合法权益。

འཛད་སྤྱོད་སྐོར་གྱི་དྲན་སྐུལ།

འཛད་སྤྱོདཉེན་བརྡ་

མིག་སྔར་གློག་སྒུལ་རྐང་འཁོར་དེ་འཛད་སྤྱོད་པ་མང་པོའི་ཕྱིར་སྐྱོད་བྱེད་པའི་འགྲིམ་འགྲུལ་ཡོ་བྱད་ཅིག་ཏུ་འགྱུར་ནས་འཛད་སྤྱོད་པར་སྟབས་བདེ་སྐྲུན་ཡོད་མོད།ཡིན་ན་ཡང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ངེས་ཅན་ཞིག་ཀྱང་ལྡན་ཡོད།འཛད་སྤྱོད་པས་ཚན་རིག་དང་མཐུན་པའི་སྒོ་ནས་གློག་སྒུལ་རྐང་འཁོར་འདེམས་ཉོ་དང་བདེ་འཇགས་ངང་བེད་སྤྱོད་བྱ་རྒྱུ་ཁྲིད་སྟོན་བྱ་ཆེད།ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་གློག་སྒུལ་རྐང་འཁོར་ཉོ་སྒྲུབ་དང་བེད་སྤྱོད་བྱེད་སྐབས་དོ་སྣང་བྱེད་དགོས་པའི་དྲན་སྐུལ་ཁག་ལྔ་ཞུ་རྒྱུ་སྟེ།

བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་ནས་གློག་སྒུལ་རྐང་འཁོར་དེ་བས་བདེ་འཇགས་ངང་བེད་སྤྱོད་གཏོང་དགོས།

གཅིག་ནས་ཉོ་སྒྲུབ་བྱ་ཡུལ་འདེམས་རྒྱུར་དོ་སྣང་བྱེད་དགོས། 

གློག་སྒུལ་རྐང་འཁོར་ཉོ་སྒྲུབ་བྱེད་སྐབས་ཐོབ་ཐང་ཆ་ཚང་ཞིང་མཚན་སྙན་ལེགས་པའི་ཚོང་ར་དང་།ཆེད་འཚོང་ཁང་།ཁྲིམས་མཐུན་ཉོ་སྒྲུབ་དྲ་ཚིགས་བཅས་འདེམས་དགོས་པ་དང་།འཛད་སྤྱོད་པས་ཁས་ལེན་ཚད་མཐོ་བ་དང་།གདེང་འཇོག་ལེགས་པ།བཙོངས་རྗེས་ཀྱི་ཞབས་ཞུ་ཡག་པ་བཅས་ཀྱི་ཚོང་རྟགས་འདེམས་དགོས།

གཉིས་ནས་འབྲེལ་ཡོད་ཆ་འཕྲིན་ལྟ་ཞིབ་བྱེད་རྒྱུར་དོ་སྣང་བྱེད་དགོས།

འཛད་སྤྱོད་པས་གློག་སྒུལ་རྐང་འཁོར་ཉོ་སྐབས་བཟོ་གྲྭའི་མིང་དང་།ཚད་ལོན་ལག་ཁྱེར།བེད་སྤྱོད་གསལ་བཤད་སོགས་འབྲེལ་ཡོད་ཆ་འཕྲིན་ལྟ་ཞིབ་བྱེད་རྒྱུར་དོ་སྣང་བྱེད་དགོས་པ་དང་།བེད་སྤྱོད་གསལ་བཤད་ཡི་གེའི་ཚད་གཞི་ལྟར་བེད་སྤྱོད་ནན་པོ་བྱེད་དགོས།བཟོ་གྲྭའི་མིང་མེད་པའི་གློག་སྒུལ་རྐང་འཁོར་རམ་ཡང་ན་གློག་རྫས་གློག་གསོག་ཆས་སོགས་ཀྱི་ལྷུ་ལག་དང་སྒྲིག་སྦྱོར་བྱས་པའི་གློག་སྒུལ་རྐང་འཁོར་རྙིང་པ་ཉོ་མི་རུང་།

གསུམ་ནས་3Cཡི་ཁས་ལེན་དཔང་འདོན་ལ་དོ་སྣང་བྱེད་དགོས།

གློག་སྒུལ་རྐང་འཁོར་ནི་བཙན་སྐུལ་རང་བཞིན་གྱི་ཁས་ལེན་དཔང་འདོན་གྱི་ཚོང་ཟོག་ཅིག་ཡིན་ཞིང་།འཛད་སྤྱོད་པས་གློག་སྒུལ་རྐང་འཁོར་ཉོ་སྐབས་CCCཡི་ཁས་ལེན་དཔང་འདོན་མཚོན་རྟགས་ལ་ལྟ་ཞིབ་བྱེད་དགོས།ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་ཉེ་ཆར་གློག་སྒུལ་རྐང་འཁོར་གྱི་ལིས་གྱེས་རྡུལ་གློག་གསོག་སྣོད་དང་གློག་གསོག་ཆས་སྤྱོད་སྐབས་བཙན་སྐུལ་རང་བཞིན་གྱི་ཐོན་རྫས་ཁས་ལེན་དཔང་འདོནCCCཡི་ཁས་ལེན་དཔང་འདོན་དོ་དམ་བྱེད་དགོས་པའི་སྤྱི་བསྒྲགས་སྤེལ་ཡོད།2025ལོའི་ཟླ་11ཚེས་1ཉིན་གྱི་རྗེས་སུ་གློག་སྒུལ་རྐང་འཁོར་གྱི་ལིས་གྱེས་རྡུལ་གྱི་གློག་རྫས་དང་གློག་གསོག་ཆས་སྤྱོད་སྐབས་CCCཡི་ཁས་ལེན་དཔང་འདོན་ཡོད་དགོས་པ་དང་འབྲེལ་CCCཡི་ཁས་ལེན་དཔང་འདོན་གྱི་མཚོན་རྟགས་འགོད་ཚེ་གཞི་ནས་བཟོ་གྲྭ་ནས་ཐོན་པ་དང་།བྲིན་ཚོང་།ནང་འདྲེན་ནམ་ཡང་ན་གཉེར་སྐྱོང་བྱེད་ས་གཞན་དག་ཏུ་བེད་སྤྱོད་བྱས་ཆོགའཛད་སྤྱོད་པས་འབྲེལ་ཡོད་གཏན་འབེབས་ཤེས་རྟོགས་བྱས་ནས།CCCཡི་མཚོན་རྟགས་ཡོད་པའི་གློག་རྫས་དང་གློག་གསོག་ཆས་ཉོ་སྒྲུབ་བྱེད་དགོས།

བཞི་ནས་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱ་རྒྱུར་དོ་སྣང་བྱེད་དགོས། 

འཛད་སྤྱོད་པས་རང་འགུལ་ངང་གློག་སྒུལ་རྐང་འཁོར་བདེ་འཇགས་ངང་བེད་སྤྱོད་གཏོང་རྒྱུའི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་དང་ཤེས་རྟོགས་བྱེད་དགོས་པ་དང་།འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་འཁོར་རིགས་སྤྱད་དེ།གློག་སྒུལ་རྐང་འཁོར་རམ་ཡང་ན་གློག་རྫས་ཉི་མས་མི་བསྲོ་བ་དང་ཆར་རྡུང་མི་ཕོག་པ་བྱེད་དགོས།དུས་བཀག་ལྟར་ཞིབ་བཤེར་དང་།ཉམས་གསོ།སྲུང་སྐྱོང་བཅས་བྱེད་དགོས་པ་དང་།གལ་ཏེ་སྐུད་ལམ་རྙིང་པར་གྱུར་པ་དང་།བརྡར་ཟད་ཐེབས་པ།གློག་རྫས་ཀྱི་སྤུས་ཚད་བཅས་ཀྱི་གནད་དོན་བྱུང་ཚེ་དུས་ཐོག་ཏུ་བརྗེ་དགོས་པ་ལས།“དུས་བརྒལ་བེད་སྤྱོད”བྱེད་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས།

ལྔ་ནས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་དོ་སྣང་བྱེད་དགོས།

འཛད་སྤྱོད་པས་གློག་སྒུལ་རྐང་འཁོར་ཉོ་བའམ་ཉམས་གསོ་བྱེད་སྐབས་རང་འགུལ་ངང་ཚོང་པའི་ལག་ནས་འཛིན་ཤོག་སོགས་དངོས་ཟོག་ཉོས་པའི་འཛིན་ཤོག་དང་ཞབས་ཞུའི་འཛིན་ཤོག་ལེན་དགོས།འཛད་སྤྱོད་པས་གློག་སྒུལ་རྐང་འཁོར་གྱི་སྤུས་ཚད་ཀྱི་རྐྱེན་གྱིས་མི་ལུས་ལ་གནོད་འཚེ་ཕོག་ཚེ་ཚོང་གཉེར་བྱེད་མཁན་ལ་གུན་གསབ་སྤྲོད་རྒྱུའི་རེ་བ་བཏོན་ཆོགཚོང་གཉེར་བྱེད་མཁན་གྱིས་གུན་གསབ་སྤྲོད་རྒྱུའི་ཁས་མ་བླངས་ན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ལ་ཞུ་གཏུག་རྒྱག་པའམ་ཡང་ན་ཁྲིམས་འཛིན་གྱི་ཐབས་ལམ་བརྒྱུད་དེ་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཆོག

网信羌塘

 

主审:柳跟象

审编:旦珍

编辑:才白玛

来源:那曲市市场监督管理局

网信羌塘
《极地羌塘 魅力那曲》那曲欢迎您网信羌塘帮助您了解更多互联网资讯
 最新文章