冰雪天气行车注意事项 ཁ་བ་འབབ་སྐབས་ཀྱི་འགྲུད་བཞུད་བདེ་འཇགས་དྲན་སྐུལ།

政务   2024-12-11 09:56   青海  

དགུན་དུས་ནི་མདོ་དབུས་མཐོ་སྒང་ལ་མཚོན་ན་ཁ་བ་འབབ་པའི་དུས་ཡིན་ལ།  ཁ་བ་བབས་རྗེས་ཀྱི་མཛེས་ལྗོངས་ཡག་ན་ཡང་ཁ་བས་ང་ཚོའི་འགྲུད་བཞུད་ཐད་ལ་སྟབས་མི་བདེ་པ་གང་མང་སྐྲུན་ཡོད།  དེ་བས། འགྲིམ་འགྲུལ་ཆག་སྒོ་མི་འབྱུང་པའི་ཆེད་དུ།  འདིར་ཐུན་ཏེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ནས་རྒྱ་ཆེའི་ཁ་ལོ་པ་དག་ལ་བདེ་འཇགས་གསལ་བརྡ་བཏང་པ་གཤམ་ལྟར། 
雪天来袭,气温骤降,雪景虽美,但也给我们的日常出行带来不便,为避免发生道路交通事故,在此,同德公安交警提示:请广大驾驶人在驾车出行中一定要注意防范!牢记“降速 控距 亮尾”

འགྲོས་དལ།

降速

གནམ་གཤིས་ངན་པར་འཕྲད་ཚེ་འཁོར་རིགས་ཀྱི་མྱུར་ཚད་ལ་ཚོད་འཛིན་ནན་མོ་བྱས་ཏེ། གནད་འགག་སྐབས་སུ་རང་ཉིད་ལ་འཁོར་བཀག་བྱེད་ཐུབ་པར་བྱ་དགོས།  འགྲོས་དལ་པ་ནི་བདེ་འཇགས་ཀྱི་སྔོན་འགྲོ་ཡིན། 

在遇到恶劣天气时,严格控制好行车速度,给自己留出处置的时间,降速是安全的前提。

བར་ཐག་ཚོད་འཛིན།

控距

འཁོར་རིགས་གཞན་དང་བདེ་འཇགས་ཀྱི་བར་ཐག་འཛིན་དགོས་ལ།  འཁོར་བཀག་བྱེད་སྐབས་འདུག་ཐུབ་པའི་བར་སྟོང་འཇོག་དགོས།  བར་ཐག་ཚོད་འཛིན་ནི་བདེ་འཇགས་ཀྱི་རྩ་བ་ཡིན། 

控制好与其他车辆之间的距离,留出足够的处置空间,控距是安全的根本。

མཇུག་གློག

亮尾

འོས་འཚམས་ཀྱི་སྒོ་ནས་འཁོར་རིགས་ཀྱི་གློག་འོད་བཀོད་སྤྱོད་བྱེད་དགོས་ལ།  རླངས་འཁོར་ཆེ་བ་དག་གིས་མཇུག་ཏུ་འོད་ལྡོག་མཚོན་རྟགས་སྦྱར་ཏེ་འཁོར་རིགས་ཁ་ལོ་པ་གཞན་དག་གིས་མཐོང་ཐུབ་པ་བྱ་དགོས།  གཞན་གྱིས་མཐོང་ཐུབ་ན་ད་གཟོད་བདེ་འཇགས་ཡིན། མཇུག་གློག་ནི་བདེ་འཇགས་གྱི་འགན་སྲུང་ཡིན།

合理使用灯光,大型车辆还要确保车后粘贴的反光标识清晰可见,被看到,才安全,亮尾是安全的保障。


ཐུན་ཏེ་འགྲིམ་འགྲུལ་ཉེན་རྟོག་པའི་ཤ་ཚའི་དྲན་སྐུལ།

同德公安交警温馨提醒

ཁ་བ་འབབ་སྐབས་ལུས་ཀྱི་དྲོད་སྲུང་ལ་མཉམ་འཇོག་དགོས་པར་མ་ཟད།

降雪天气不仅要注意保暖

འགྲུལ་བཞུད་ཀྱི་བདེ་འཇགས་ལ་དེ་བས་ཀྱང་མཉམ་འཇོག་དགོས།

更要注意出行安全

གཅིག

(一)

རྐང་ཐང་པས་མཉམ་འཇོག་བྱ་ཡུལ།

行人出行注意事项

༡ཕྱིར་སྐྱོད་པའམ་ཡང་ན་ཕྱི་རོལ་གྱི་བྱེད་སྒོ་སྣ་ཚོགས་ཉུང་དུ་གཏོང་གང་ཐུབ་བྱས་ན་བཟང་ལ། ཕྱི་ལ་འགྲོ་དུས་བཤུད་འགོག་ལྷམ་ཆས་གྱོན་དགོས་པ་དང་། ཁ་དོག་བཀྲ་བའི་ཕྱི་གོས་དང་ཡང་ན་ཆར་ཁེབས་གྱོན་དགོས།    

1.应尽量减少出行或户外活动,出门应更换防滑鞋具,穿上色彩鲜艳的外套或雨披。

༢མི་བགྲོད་ལམ་མམ་ཡང་ན་གཞུང་ལམ་གཡས་འགྲམ་བརྒྱུད་ནས་འགྲོ་དགོས་ལ། འགྲོས་ཚད་དལ་མོས་སྒོ་ནས་བསྐྱོད་དེ་བཤུད་ནས་ལོག་པར་སྔོན་འགོ་བྱ་དགོས།

2.应在人行道内或靠道路右侧步行,放慢速度,防止滑倒。

༣ལམ་མདོའམ་ཡང་ན་གཞུང་ལམ་འཕྲེད་དུ་བརྒལ་སྐབས།  བདེ་འཇགས་ཡིན་པ་ཐག་ཆོད་རྗེས་བགྲོད་དགོས་ལ།  གཞུང་ལམ་འཕྲེད་དུ་བརྒལ་སྐབས་ཟམ་པ་དང་ལམ་ཐིག་སོགས་སྒྲིག་ཆས་སྤྱད་ནས་བགྲོད་དགོས།    

3.在通过路口或横过道路时,应在确认安全后通行,尽量走斑马线或者过街设施。

༤འགྲིམ་འགྲུལ་སྒྲིག་ལམ་ལ་བརྩི་སྲུང་བྱས་ཏེ། གློག་དམར་ལ་བརྒལ་མི་རུང་།    

4.要遵守交通规则,不闯红灯。

༥བྱིས་པ་དང་རྒན་པ་ཕྱི་ལ་འགྲོ་སྐབས་མི་དར་མས་འགྲོ་རོགས་བྱས་ན་བཟང་།    

5.小孩或老人出行时应有成人陪同。

གཉིས།

(二)

འཕྲུལ་སྒུལ་མ་ཡིན་པའི་འཁོར་རིགས་ཀྱི་མཉམ་འཇོག་བྱ་ཡུལ།

非机动车出行注意事项

༡བགྲོད་ལམ་ཁ་བས་གཡོགས་སྐབས། གྱེན་ཐུར་དང་ཀྱོག་ལམ་དུ་འཁོར་རིགས་ལས་བབས་དེད་ནས་བགྲོད་དགོས།    

1.在冰雪道路上下坡道、急转弯路段应下车推行。

༢འགྲིམ་འགྲུལ་སྒྲིག་ལམ་བརྩི་སྲུང་བྱས་ཏེ། བགྲོད་ལམ་རྩོད་རེས་དང་སྒུལ་སྐྱོད་རླངས་འཁོར་གྱི་ལམ་དུ་སྐྱོད་པ་གཏན་འགོག་བྱ་དགོས།    

2.应遵守交通规则,不争道抢行,不驶入机动车道行驶。

༣འཁོར་རིགས་ཀྱི་མྱུར་ཚད་ཇེ་དལ་དུ་བཏང་ནས་གཞན་དང་བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱ་དགོས། ལམ་གྱི་གནས་ཚུལ་ལ་ཉམས་འཇོག་བྱས་ཏེ་གང་འདོད་དུ་རླངས་འཁོར་སྔོན་མ་ལས་བརྒལ་མི་རུང་།    

3.驾车时要降低车速,保持车距,注意路况,不超车。

༤གནས་ཚུལ་དང་འཕྲད་ནས་འཁོར་བཀག་བྱེད་དགོས་ཚེ།  གང་ཐུབ་ཀྱིས་མཇུག་གི་འཁོར་བཀག་གནོན་དགོས།    དེ་ལྟར་བྱས་ན་གཞོགས་ངོས་སུ་འགྱེལ་པ་སྔོན་འགོག་བྱ་ཐུབ།

4.遇情况需要刹车时,尽量多用后刹,否则容易发生侧倒。

༥འཁོར་བཀག་བྱེད་སྐབས་འཁོར་རིགས་དང་ལམ་ངོས་དྲང་འཕྱང་དུ་གནས་པར་བྱེད་དགོས་ལ། དར་ཆགས་ཡོད་པའི་ལམ་ངོས་སུ་འཁོར་བཀག་བྱས་ན་འགྱེལ་སླ།   

5.刹车时尽量使车身与路面保持垂直, 经过结冰严重的地段时尽量不要刹车。

གསུམ།

(三)

འཕྲུལ་སྒུལ་འཁོར་རིགས་ཀྱི་མཉམ་འཇོག་བྱ་ཡུལ།

机动车出行注意事项

01

བགྲོད་འགོ་དལ་འཛུགས་དང་འགྲོས་ཚད་ཇེ་དལ། བདེ་འཇགས་བར་ཐག་རྒྱུན་འཁྱོངས།

缓起步降车速 保持安全距离

ཁ་བ་དང་དར་ཆགས་ཡོད་པའི་ལམ་ངོས་སུ་བགྲོད་འགོ་འཛུགས་སྐབས། སྣུམ་སྒོ་དལ་གྱིས་གནོན་དགོས། ཁ་བ་དང་དར་ཆགས་ཡོད་པའི་ལམ་ངོས་སུ་སྐོར་སྐབས། འགྲོས་ཚད་དུས་ཚོར་རེར་སྤྱི་ལེ་༢༠ནས་༣༠ཡི་པར་ནས་ཚོད་འཛིན་བྱ་དགོས། དར་ཆགས་ཡོད་པའི་ལམ་ངོས་སུ་བགྲོད་སྐབས་གང་ཐུབ་ཀྱིས་འགྲོས་སྙོམ་པའི་སྒོ་ནས་བསྐྱོད་དགོས། གློ་བུར་དུ་འཁོར་བཀག་དང་སྣུམ་སྒོ་གཏན་ནས་གནོན་མི་རུང་། ཁ་བ་དང་དར་ཆགས་ཡོད་པའི་ལམ་ངོས་ཀྱི་འགོག་ཤུགས་ཆུང་པས། འཁོར་རིགས་གཞན་དང་བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱས་ན། ད་གཟོད་འགྲོས་ཚད་ཇེ་དལ་དང་ཇེ་དམའ་རུ་གཏོང་སྐབས་བཤུད་ནས་ཆག་སྒོ་འབྱུང་པར་སྔོན་འགོག་བྱ་ཐུབ།

在冰雪路面起步,要慢踩油门,缓加油。在冰雪路面驾驶,车速尽量控制在20-30公里/小时。冰面行车要尽量保持匀速,万不可猛踩油门猛加速。由于冰雪路面的阻力较小,避免跟车过近,保持足够安全车距,需要加速或减速时,油门应缓缓踏下或松开,以防驱动轮因突然加速或减速而打滑。

02

དལ་མོས་ཀྱོག་ཏེ་ཚོད་འཛིན་ལས་ཤོར་པར་སྔོན་འགོག་བྱ་དགོས།

慢转向避免失控

ཁ་བ་དང་དར་ཆགས་ཡོད་པའི་ལམ་ངོས་སུ་ཀྱོག་སྐབས། ཁ་ལོ་པས་དཀྱོག་ལམ་དུ་མ་ཐོན་པའི་སྔོན་ལ་འགྲོས་ཚད་བདེ་འཇགས་ཀྱིས་ཇེ་དམའ་རུ་བཏང་སྟེ།    ཁ་ཕྱོགས་དལ་མོར་བསྒྱུར་ནས་དཀྱོག་དགོས།  དཀྱོག་ལམ་ནང་དུ་གློ་བུར་ཇེ་མགྱོགས་སུ་གཏོང་བའམ་ཡང་ན་མྱུར་དུ་འཁོར་བཀག་གནོན་མི་རུང་།

在冰雪路面转弯时,驾驶人需在进弯道前把速度降到安全的范围,慢慢打方向过弯,在弯道内不可突然加速或急踩刹车,否则很容易导致车辆失控。

03

རི་ལམ་ནས་ལྷག་པར་དོན་སྣང་བྱ་དགོས།

坡道格外留神

ལམ་ངོས་ལ་དར་ཆགས་པའི་གནས་ཚུལ་འོག་རི་ལམ་དུ་བསྐྱོད་ན་ཉེན་ཁ་ཅུང་ཆེ་ལ།  ཁ་ལོ་པས་སྔ་མོ་ནས་གྱེན་ངོས་སུ་མ་ཐོན་སྔོན་ནས་སྒུལ་ཤུགས་རྒྱུན་འཁྱོངས་བྱས་ཏེ།   རི་ལམ་དུ་རླངས་འཁོར་མི་འདུག་པར་བྱ་དགོས།   གལ་ཏེ་རི་ལམ་གྱིན་ངོས་ནས་རླངས་འཁོར་བསྡད་ཚེ་བཤུད་ནས་འགྲོ་དཀའ།  ཐུར་ངོས་སུ་འགྲོ་སྐབས། འགྲོས་རིམ་ལག་སྒུལ་ཅན་གྱི་རླངས་འཁོར་གྱིས་འགྲོས་རིམ་དམའ་ཤེས་སྤྱད་དེ་རླངས་འཁོར་གྱི་འགྲོས་ཚད་ལ་ཚོད་འཛིན་བྱས་ན་བཟང་།

路面结冰的情况下行驶在坡道上是比较危险的,驾驶人在上坡前应挂低速挡保持动力,避免在上坡途中停车,以免车辆打滑起步困难。下坡时,手动挡车可用低挡位让发动机辅助制动,避免踩刹车使车辆打滑。

04

མཐོང་རྒྱ་བཟང་དགོས།

保持良好的视野

ཁ་བ་འབབ་སྐབས་རླངས་འཁོར་སྐོར་དུས་མཐོང་རྒྱ་བཟང་རྒྱུ་དེ་ཧ་ཅང་གལ་ཆེ་སྟེ། མདུན་གྱི་ཤེལ་སྒོ་དང་མཇུག་ལ་ལྟ་བྱེད་ཀྱི་ངོ་ལྟ་སོགས་གཙང་མ་ཡིན་དགོས། ཤེལ་སྒོའི་ནང་ངོས་སུ་རླངས་པ་ཆགས་དུས་རླངས་འཁོར་ནང་གི་དྲོད་རླངས་སྤྱད་ནས་མེད་དུ་བཅུག་ཆོག

冰雪天驾驶视野十分重要,要保持前挡风玻璃、后视镜的清晰干净。车窗起雾可采取空调暖风吹前挡玻璃的方法除雾。

མཐར། གནམ་གཤིས་ངན་པ་དང་འཕྲད་ཚེ་ཚང་མས་ངེས་པར་དུ་སེམས་ཁམས་ཡག་པོ་རྒྱུན་འཁྱོངས་བྱས་ནས། ཁ་ལོ་གཟབ་གཟབ་བྱས་ཏེ་བྱ་རྒྱུ་དང་བདེ་འཇགས་འདུ་ཤེས་སེམས་ནས་མ་དོར་ན།  ད་གཟོད་འགྲུད་བཞུད་ཀྱི་ལམ་ཁ་ཡང་བདེ་འཇགས་ཡིན།

最后,碰上恶劣天气,大家一定要保持良好的心态,谨慎驾驶,安全行车。平安才是回家最近的路。


end




报警电话:0974
             8592793
来源:同德县公安局交警大队
图文编辑:王国斌      翻译:完么格本  才让多杰        审核:华青

同德交警
道路交通安全宣传、路况提示、安全提示
 最新文章