人民健康是社会文明进步的基础,是民族昌盛和国家富强的重要标志,也是广大人民群众的共同追求。为进一步提高全民健康水平,保障全县各族群众身心健康,及时掌握城乡居民和在编僧尼健康状况,索县于2025年2月5日起全面实施全民健康体检工作,现将相关情况公告如下:
一、索县籍城乡居民、在编僧尼以及大(中、小)学生。
二、居住在县城的索县籍居民、农牧民、高中生、大学生、二居委、加勤乡、嘎木乡、嘎美乡、西昌乡、荣布镇到医共体中心医院(藏医院)体检。一居委、若达乡、热瓦乡、赤多乡、江达乡群众到县医共体中心医院分院(人民医院)进行体检。开展时间为:2025年2月5日至2025年10月20日。
三、于2025年3月5日起组织下乡体检,体检地点和安排以村为单位,由各乡镇人民政府、村“两委”班子、驻村工作队负责组织群众,提前一天通知村(居)委会参检人员做好体检前的准备事宜,并统一组织体检。
四、体检联系人。
米 玛 医共体中心医院书记 联系电话:13398061556
扎西多杰 医共体中心医院院长 联系电话:13989963789
拥青巴姆 医共体中心医院健康体检负责人 联系电话:19108962444
索朗欧珠 人民医院分院健康体检负责人 联系电话:18089069717
县域医共中心医院
2025年1月31日
༄༅།། ༢༠༢༥ལོའི་སོག་རྫོང་གི་ཤང་གྲོང་གྲོང་མི་མང་ཚོགས་དང་སྒྲིགས་ཁོངས་སུ་ཚུད་པའི་གྲྭ་བཙུན་ཀྱི་གཟུགས་པོར་བདེ་ཐང་བརྟག་དཔྱད་ལས་སྤེལ་སྐོར་གྱི་སྤྱི་བསྒྲགས།
མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་དཔལ་ཡོན་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལ་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པའི་མཚོན་རྟགས་གལ་ཆེན་ཞིག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་འདུན་པའང་ཡིན། དམངས་ཡོངས་ཀྱི་བདེ་ཐང་གི་ཆུ་ཚད་སྔར་བས་མཐོར་འདེགས་གཏོང་ཆེད་དང་། རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལུས་སེམས་ཀྱི་བདེ་ཐང་ལ་འགན་སྲུང་དང་། ཤང་གྲོང་གྲོང་མི་དང་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་གྱི་གཟུགས་གཞིའི་བདེ་ཐང་གི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱ་ཆེད།༢༠༢༥ལོའི་ཟླ་༢པའི་ཚེས་༥ཉིན་ནས་དམངས་ཡོངས་ཀྱི་གཟུགས་པོར་བདེ་ཐང་བརྟག་དཔྱད་ཀྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་རྒྱུ་ཡིན་པས་གཤམ་དུ་འབྲེལ་ཡོད་གནས་ཚུལ་སྤྱི་བསྒྲགས་བྱ་རྒྱུ་ཡིན་ཏེ།
དང་པོ། གཟུགས་པོ་བརྟག་དཔྱད་བྱ་ཡུལ། ཐེམ་ཐོ་སོག་རྫོང་གི་ཁོངས་སུ་གཏོགས་པའི་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མི་དང་། སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་བཅས་ཡིན།
གཉིས་པ། རྫོང་ཐོག་ཏུ་གནས་སྡོད་བྱེད་མཁན་གྱི་འབྲོག་པ་མང་ཚོགས་དང་མཐོ་འབྲིང་སློབ་མ། སློབ་ཆེན་སློབ་མ་བཅས་ཀྱི་བརྟག་དཔྱད་བྱ་ཡུལ། གྲོང་ལྷན་གཉིས་པ་དང་རྒྱལ་ཆེན་ཤང་། དཀར་མོ་ཤང་། དཀར་སྨད་ཤང་། གསེར་ཊམ་ཤང་། རོང་པོ་གྲོང་རྡལ་གི་མང་ཚོགས་རྣམས་རྫོང་སྨན་བཅོས་ཐུན་ཚོགས་ལྟེ་བའི་སྨན་ཁང་ངམ་སྨན་རྩིས་ཁང་དུ་ཕེབས་ནས་གཟུགས་པོའི་བདེ་ཐང་བརྟག་དཔྱད་བྱ་རྒྱུ། གྲོང་ལྷན་དང་པོ་དང་ཧྲོག་རྟ་ཤང་། རྭ་དབག་ཤང་། ཁྲི་རྡོ་ཤང་། ལྕམ་མདའ་ཤང་གི་མང་ཚོགས་རྣམས་རྫོང་མི་དམངས་སྨན་ཁང་དུ་ཕེབས་ནས་གཟུགས་པོའི་བདེ་ཐང་བརྟག་དཔྱད་བྱ་རྒྱུ།ལས་སྒོ་སྤེལ་བའི་དུས་ཚོད་ནི།༢༠༢༥ལོའི་ཟླ་བ་༢པའི་ཚེས་༥ནས་༢༠༢༥ལོའི་ཟླ་བ་༡༠པའི་ཚེས་༢༠བར་ཡིན།
གསུམ་པ། ༢༠༢༥ལོའི་ཟླ་༣ཚེས་༥ཉིན་ནས་གཤམ་བསྐྱོད་བརྟག་དཔྱད་ཀྱི་ལས་འགོ་བརྩམས་རྒྱུ་ཡིན་པས་གྲོང་ཚོ་རེ་སྡེ་ཚན་དུ་འཛིན་ནས་གྲོང་ཚོ་དེ་རུ་གཟུགས་པོར་བརྟག་དཔྱད་བྱ་རྒྱུ་ཡིན་པས་ཤང་དང་གྲོང་རྡལ་ཁག་གི་མི་དམངས་སྲིད་གཞུང་དང་གྲོང་ཚོའི་ཨུད་གཉིས། དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འགན་འཁུར་ནས་མང་ཚོགས་སྒྲིག་འཛུགས་བྱ་རྒྱུ་དང་གཟུགས་པོར་བརྟག་དཔྱད་མ་བྱས་གོང་གི་ཉིན་གཅིག་གི་སྔོན་ལ་གྲ་སྒྲིག་བྱེད་དགོས་པའི་ལས་དོན་བརྡ་ཐོ་གཏོང་དགོས་པ་མ་ཟད་གཅིག་གྱུར་གྱིས་གཟུགས་པོ་བརྟག་དཔྱད་བྱ་བར་སྒྲིག་འཛུགས་བྱ་དགོས།
བཞི་པ། གཟུགས་པོར་བརྟག་དཔྱད་བྱེད་པའི་འབྲེལ་ཡོད་ལས་དོན་བློ་འདྲི་བྱ་ཡུལ།
མིག་དམར། སྨན་བཅོས་ཐུན་ཚོགས་ལྟེ་བའི་སྨན་ཁང་གི་ཧྲུའུ་ཅི།
བློ་འདྲི་ཁ་པར། ༡༣༣༩༨༠༦༡༥༥༦
བཀྲ་ཤིས་སྟོབས་རྒྱལ། སྨན་བཅོས་ཐུན་ཚོགས་ལྟེ་བའི་སྨན་ཁང་གི་སྨན་སྤྱི།
བློ་འདྲི་ཁ་པར། ༡༣༩༨༩༩༦༣༧༨༩
དབྱངས་ཆེན་དཔལ་མོ། སྨན་བཅོས་ཐུན་ཚོགས་ལྟེ་བའི་སྨན་ཁང་གི་གཟུགས་གཞི་བརྟག་དཔྱད་འགན་མི་སྣ། བློ་འདྲི་ཁ་པར། ༡༩༡༠༨༩༦༢༤༤༤
བསོད་ནམས་དངོས་གྲུབ། མི་དམངས་སྨན་ཁང་གཟུགས་གཞི་བརྟག་དཔྱད་འགན་མི་སྣ། བློ་འདྲི་ཁ་པར། ༡༨༠༨༩༠༦༩༧༡༧
རྫོང་ཁོངས་ལྟེ་བའི་སྨན་ཁང་།
སྤྱི་ལོ་༢༠༢༥ལོའི་ཟླ་༡ཚེས་༣༡ཚེཉིན་
主审:王 韬
审编 : 白玛拉姆
编辑 : 晋美朗杰
来源 : 索县县域医共中心医院
索县互联网信息办公室发布
索县互联网违法信息与不良信息举报中心
举报电话0896—3702840