གཅིག་སེམས་གཅིག་ཏུ་སྒྲིལ་ནས་མདུན་སྐྱོད་བྱེད། འབྱུང་འགྱུར་འོད་སྟོང་ལམ་བུ་མཉམ་དུ་གཏོད། སྤྱི་ཟླ་༡པོའི་ཚེས་༩ཉིན་གྱི་ཕྱི་དྲོ། ལྷ་རི་རྫོང་མི་དམངས་འཐུས་ཚོགས་གི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་སྒམ་བརླིང་དང་སྤྲོ་བའི་རྣམ་པའི་ཁྲོད་འཚོགས་འགོ་ཚུགས་ཡོད། རྫོང་ཡོངས་ཀྱི་འཐབ་ས་ཁག་དང་ལས་རིགས་ཁག་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་མཉམ་དུ་ལྷན་འཛོམས་གནང་ནས། ཁྲིམས་ལྟར་རླབས་ཆེན་གྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། ལྷ་རི་རྫོང་འདི་ཉིད་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་གཏོང་རྒྱུར་ཇུས་འགོད་ཀྱི་རི་མོ་གསར་པ་འབྲི་བཞིན་ཡོད་པ་རེད།
ཐེངས་འདིའི་ཚོགས་འདུའི་ནང་ཞུགས་དགོས་ངེས་ཀྱི་འཐུས་མི་༡༣༣ཡོད་པ་དང་། དངོས་སུ་ཚོགས་འདུར་ཞུགས་པའི་འཐུས་མི་༡༠༥ཡོད་པ་འདི་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཡོད། ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་བཅོ་ལྔ་ཚེ་རིང་དང་། དོན་གྲུབ། ཟླ་བ་བཟང་པོ། ཚེ་རིང་ཆོས་སྒྲོན། ཐང་ཧྲི་ཧྭ། སངས་རྒྱས་ཆོས་འཕེལ། ལྦུའུ་ཆན་ལིན། བཀྲིས་ཕུན་ཚོགས། འཕྲིན་ལས་ཐུབ་བསྟན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་ངོས་སུ་ཚོགས་ཞུགས་གནང་བ་དང་། ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ལག་བསྟར་ཀྲུའུ་ཞི་དོན་གྲུབ་ཀྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་ཡོད། ཚོགས་འདུར་སྒམ་བརླིང་དང་སྤྲོ་བའི་རྣམ་པས་ཁེངས་ཤིང་། རྒྱལ་རྟགས་མཐོ་པོར་བཀལ་ཡོད་པ་དང་དར་དམར་དམར་མདངས་བཀྲ། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཚོགས་འདུ་དངོས་སུ་འཚོགས་པ་དང་། ཚོགས་ཞུགས་མི་སྣ་ཚང་མ་ཡར་ལངས་ནས་རྒྱལ་གླུ་ལེན་ཡོད་པ་རེད།
ཚོགས་འདུའི་ཐོག བཅོ་ལྔ་ཚེ་རིང་གིས་ལྷ་རི་རྫོང་མི་དམངས་སྲིད་གཞུང་གིས་ཚབ་ཞུས་ནས་ཚོགས་ཆེན་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་དང་། སྙན་སྒྲོན་ནང་༢༠༢༤ལོའི་ལས་དོན་ལ་ཕྱོགས་བསྡོམས་ཕྱིར་དྲན་གནང་ཞིང་། ༢༠༢༥ལོའི་ལས་དོན་ཁག་ལ་འཆར་གཞི་བཀོད་སྒྲིག་གནང་ཡོད་པ་རེད།
བཅོ་ལྔ་ཚེ་རིང་གིས་འདས་མ་ཐག་པའི་༢༠༢༤ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་ལག་བསྟར་དོན་འཁྱོལ་བྱེད་པའི་འགན་རྩའི་ལོ་ཞིག་དང་། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ལག་བསྟར་བྱེད་པའི་འགག་གཏོར་གྱི་ལོ་ཞིག་ཀྱང་རེད། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འཛུབ་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བྱམས་བརྩེའི་ཐུགས་ཁུར། དེ་བཞིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། རྫོང་ཨུད་ཀྱི་སྟོབས་ལྡན་འགོ་ཁྲིད་འོག འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་སྲ་བརྟན་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུད་དཀའ་ངལ་དང་འགྲན་སློང་ཁག་ལ་ཁ་གཏད་བཅག་ནས། གཅིག་འགྱུར་འཆར་འགོད་ཀྱིས་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ་དང་། སྤོ་སྒྱུར་ལ་སྐུལ་འདེད་གཏོང་བ། དམངས་ཕན་ལས་དོན་སོགས་ལ་ཤུགས་སྣོན་རྒྱབ་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱིའི་གནས་བབ་བརྟན་ཐོག་ཡར་འཕེལ་ཡོང་བ་བྱས་ཡོད། ལོ་གཅིག་རིང་། རྫ་དྲག་ལ་རྙོག་འཛིང་ཆེ་བའི་འཕེལ་རྒྱས་ཁོར་ཡུག་ལ་དམིགས་ནས། རང་རྫོང་གིས་ཁུལ་གསུམ་ངེས་གནས་གཅིག་གི་འབད་འཐབ་དམིགས་ཚད་གཞིར་བཟུང་ནས། བརྟན་ཐོག་ཡར་འཕེལ་དང་ཉེན་སེལ་དཀའ་སྤྱད། སྒྱུར་བཅོས་འགྱུར་བསྟུན། དམངས་ཕན་འབྲས་ཐོན་བཅས་ཀྱི་ལས་ཀའི་ཁ་ཕྱོགས་འབུར་དུ་ཐོན་པ་བྱས་ཏེ། གཅིག་འགྱུར་འཆར་འགོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་འཚོ་བ་གཏོད་པ། ནུས་པ་ཆེ་བའི་བཅོས་སྒྲིག་མངོན་གྱུར་ཡོང་བ་བྱས་ནས། དེང་རབས་ཅན་བདུན་གྱི་འཐབ་ཇུས་ལག་བསྟར་བྱས་ནས། རྫོང་ཡོངས་ཀྱི་ལས་དོན་ཁག་ལེགས་སྒྲུབ་གང་ལེགས་བྱས་ཡོད་པཔའི་གསལ་སྟོན་གནང་ཡོད་པ་རེད།
བཅོ་ལྔ་ཚེ་རིང་གིས་གྲོང་ཨུད་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་། གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་རྫོང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དང་རྫོང་ཨུད་ཀྱི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལྟར། རྫོང་ཨུད་ཀྱི་འབད་འཐབ་དམིགས་འབེན་དང་། ཐབས་ཇུས་བྱ་ཐབས། ཐོན་ལས་འཕེལ་རྒྱས་བཀོད་སྒྲིག་བཅས་དམ་པོར་ཟུང་འབྲེལ་བྱས་ཏེ། ༢༠༢༥ལོའི་ལས་དོན་གྱི་དམིགས་ཡུལ་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་༧%ཡན་འཕར་རྒྱུ་དང་། སྤྱི་ཚོགས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་༢༡%ཡན་འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་༡༠%ཡན་འཕར་རྒྱུ། གཏན་འབེབས་ཡན་གྱི་བཟོ་ལས་རིན་ཐང་འཕར་ཚད་༡༧%ཡན་དང་། གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་སོ་སོར་༨%དང་༡༠%འཕར་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་༥%ནང་དུ་ཚོད་འཛིན་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་དངོས་རྫས་རིན་གོང་འཕར་ཚད་༣%ནང་དུ་ཚོད་འཛིན་བྱེད་རྒྱུ། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་ལེན་དང་། ཡར་རྒྱས་ལ་བརྟེན་ནས་བརྟན་བརླིང་ལ་སྐུལ་འདེད་གཏོང་ཏེ། ལས་འགན་ཁག་དོན་འཁྱོལ་དམ་འཛིན་གང་ཐུབ་བྱ་དགོས་པའི་གསལ་སྟོན་གནང་ཡོད་པ་རེད།
དམ་འཛིན་ཡང་དག་བྱ་ན་ད་གཟོད་འགག་སྒྲོལ་དང་དཀའ་ངལ་སེལ་ཐུབ་པ་དང་། ལག་ལེན་ཡང་དག་བྱ་ན་ད་གཟོད་ཕུགས་འདུན་མངོན་འགྱུར་བྱེད་ཐུབ། ཚོགས་འདུའི་ཐོག 2025ལོ་ནི"ལོ་ལྔ་ཚན་བཅུ་བཞི་པའི"འཆར་འགོད་མཇུག་འགྲིལ་བའི་ལོ་དང་། སྲིད་གཞུང་གི་ལས་དོན་དེ་དག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་། རྫོང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གནད་ལ་འཁེལ་ཞིང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་འདི་དམ་འཛིན་བརྟན་པོ་བྱས་ཏེ། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲོད་དུ་འདུ་ཤེས་བརྟན་པོ་སྲུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དུ་འགན་འཁྲི་གསར་པ་མངོན་པ། ཐོན་ལས་བསྒྱུར་རིམ་ཁྲོད་དུ་ཐབས་ལམ་གསར་པ་མངོན་འགྱུར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཁྲོད་དུ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བཅས་བྱས་ཏེ། སྔར་བས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་དུ་ལམ་བུ་གསར་པ་གཏོད་པ། གྲོང་གསེབ་དར་རྒྱས་ཁྲོད་གོམ་སྟབས་གསར་པ་སྤོ་བ། སྐྱེ་ཁམས་སྲུང་སྐྱོང་ཁྲོད་མཛེས་སྡུག་གསར་པ་མངོན་པ། དམངས་འཚོ་འགན་སྲུང་བྱེད་པའི་ཁྲོད་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ། སྤྱོད་ཚུལ་འཛུགས་སྐྱོང་ཁྲོད་རྣམ་པ་གསར་པ་མངོན་པ་དང་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་ལྷ་རིའི་ལེའུ་གསར་པ་ཧུར་བརྩོན་གྱིས་གཏོད་ནས། ཡིད་ཆེས་བརྟན་པོ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་མཛེས་པ་དང་། དཔལ་འབྱོར་དར་རྒྱས། མི་དམངས་ཕྱུག་པའི་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་ལྷ་རི་གསར་པ་སྐྲུན་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་ནན་བཤད་གནང་ཡོད་པ་རེད།
ཚོགསའདུའི་ཐོག 《ལྷ་རི་རྫོང་གི་༢༠༢༤ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་༢༠༢༥ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ 》 དེ་བཞིན་ལྷ་རི་རྫོང་གི་༢༠༢༥ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་དང་། 《ལྷ་རི་རྫོང་གི་༢༠༢༥ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་༢༠༢༥ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ》 ལྷ་རི་རྫོང་གི་༢༠༢༥ལོའི་སྔོན་རྩིས་འཆར་ཟིན་པར་འགྲེམས་བྱས་ནས་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུའི་རེ་ཞུ་བྱས་པ་རེད།
སྲིད་གྲོས་ལྷ་རི་རྫོང་སྐབས་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་མཁན་སྲིད་གྲོས་ཨུ་ཡོན་ཚོགས་འདུའི་ནང་ཟུར་ཞུགས་གནང་བ་རེད། རང་རྫོང་གི་ནང་ཞུགས་རྫོང་རིམ་པའི་ལས་བྱེད་པ་དང་། དེ་མིན་རྫོང་ཐད་གཏོགས་སྡེ་ཚན་ཁག་དང་། མི་དམངས་དྲག་ཆས་པུའུ། མི་དམངས་ཚོགས་པ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་ཆེན་དུ་ཟུར་ཞུགས་གནང་ཡོད་པ་རེད།
嘉黎融媒
终审 | 谈小燕
མཐའ་མའི་ཞིབ་བཤེར། ཐང་ཞོ་ཡན།
二审 | 张艳红
ཞིབ་བཤེར་གཉིས་པ། ཀྲང་ཡན་ཧུང་།
一审 | 加永曲珍 孙媛媛
ཐོག་མའི་ཞིབ་བཤེར། འཇམ་དབྱངས་ཆོས་སྒྲོན། སུན་ཡོན་ཡོན།
原文 | 人大办
མ་ཡིག མི་དམངས་འཐུས་ཚོགས་གཞུང་དོན་ཁང་།
撰稿 | 西绕旺姆
གསར་འགོད་པ། ཤེས་རབ་དབང་མོ།
翻译 | 阿达 西绕旺姆
ཡིག་སྒྱུར། ཨ་དར། ཤེས་རབ་དབང་མོ།
初审 | 西绕旺姆
སྒྲིག་མཁན། ཤེས་རབ་དབང་མོ།
六大纪律
政治纪律、组织纪律、廉洁纪律、群众纪律、工作纪律、生活纪律。
སྒྲིག་ཁྲིམས་ཆེན་པོ་དྲུག
ཆབ་སྲིད་སྒྲིག་ཁྲིམས། སྒྲིག་འཛུགས་ཀྱི་སྒྲིག་ཁྲིམས། སྲིད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་དོན་གྱི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་སོ།
一驱”:家养犬一月一驱虫;
“二要”:要吃熟食、要讲卫生;
“三不”:不玩犬、不喝生水、不用牛羊有病脏器喂犬;
“四勤”:勤洗手、勤查体、勤扫除、勤埋犬粪。
ཁྱིམ་དུ་གསོ་ཉར་བྱས་པའི་སྒོ་ཁྱིའི་ལུས་སྟེང་གི་འབུ་ཕྲ་ཟླ་རེར་ཐེངས་རེ་གསོད་དགོས།
དགོས་པ་གཉིས་ཏེ། ཟ་མ་བཙོས་མ་ཟ་དགོས་པ་དང་། གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པ་གཉིས་ཡིན།
མི་རུང་བ་གསུམ་སྟེ། ཁྱི་ཁ་གཙེ་མི་རུང་བ་དང་། ཆུ་གྲང་མོ་འཐུང་མི་རུང་བ། ནོར་ལུག་གི་ནང་ཆའམ་ནང་ཁྲོལ་ནད་ཅན་ཁྱི་ལ་སྟེར་མི་རུང་བ་བཅས་གསུམ་ཡིན།
ཡང་ཡང་བཞི་སྟེ། ལག་པ་ཡང་ཡང་འཁྲུད་དགོས་པ་དང་། གཟུགས་པོ་ཡང་ཡང་བརྟག་དཔྱད་བྱེད་དགོས་པ།
གཙང་སྦྲ་ཡང་ཡང་བྱེད་དགོས་པ། ཁྱི་སྐྱག་ཡང་ཡང་ས་སྦ་གཏོང་དགོས་པ་བཅས་བཞི་ཡིན།
扫码关注我们了解更多资讯
微信公众号
抖音账号
了解嘉黎更多资讯
请扫描下载珠峰云APP
点击关注“嘉黎融媒”视听账号
“嘉黎县融媒体中心”新闻账号