中共江达县委员会 江达县人民政府 致全县广大干部(职工)群众的一封信

旅行   2025-01-25 18:56   西藏  

全县各族干部(职工)群众:

在这祥龙辞岁、金蛇献瑞的美好时刻,中共江达县委员会、江达县人民政府,向全县各族干部(职工)群众提前拜个早年并致以春节、藏历新年美好的祝福和诚挚的问候!

2024年,面对复杂多变的外部环境和艰巨的发展任务,我们坚持以习近平新时代中国特色社会主义思想为指导,全面贯彻落实党的二十大和二十届二中、三中全会精神,在自治区党委和市委的坚强领导下,聚焦“四件大事”、聚力“四个创建”,对接融入和服务“昌都副中心城市建设”这一定位,紧扣“一切向东,建设长治久安和高质量发展引领示范市”工作目标,以“红色昌都·振兴奋进”活动为载体,深入实施“12446”工作思路,团结一心,攻坚克难,各个领域取得了显著成绩,主要经济指标位居全市前列,特别是城乡人均可支配收入分别达到48048元、19227元,同比增长7.3%、9.1%,为全方位推进江达长治久安和高质量发展提供了坚实的物质保障。

江达的每一点进步、每一份成就,都凝聚着全县上下的智慧和汗水。我们感谢每一位坚守岗位、默默奉献的干部(职工)群众,是你们的努力和付出,铸就了江达的今天、奠定了江达的明天。在这里,为大家点赞并致以崇高的敬意和衷心的感谢!

2025年是“十四五”规划的收官之年,是进一步全面深化改革的落实之年,是西藏自治区成立60周年的大庆之年,也是全市推进“一切向东,建设长治久安和高质量发展引领示范市”工作目标的开局之年,更是我们抢抓机遇、乘势而上、再谱新篇的重要一年。1月9日,我们召开了县委十届八次全会暨县委经济工作会议,吹响了“一切向东”的江达号角,可以说人人都是参与者、建设者、推动者,每个人都是主角、每份工作都不平凡。全县上下务必拧成一股绳,心往一处想、劲往一处使,在县委的领导下坚定坚决完成好年度工作目标。要在优化发展环境上谋求新突破。我们的群众是建设者,干部是服务者。要牢固树立“抓环境就是抓发展”理念,千方百计推动环境优化,在转变观念促发展、优化营商谋招商、财政改革激活力、强化交流拓合作上谋实策,不断打牢发展的基础。要在扩大内需上形成新热潮。我们的群众是参与者,干部是保障者。要着力挖掘和释放内需潜力,把项目建设作为拉动和支撑内需的重要引擎,把群众增收作为保障和扩大内需的坚实基础、把促进消费作为刺激内需的强劲推力,确保经济发展当前有活力、未来有潜力。要在发展新质生产力上展现新担当。我们的群众是践行者,干部是引领者。坚持“红在江达·逐梦向东”,主动服务对接周边经济圈和成渝地区双城经济圈,要充分利用外部资源和市场优势,厚植自身发展蓄能,加快推进“3+1+1”重大任务,切实引领江达高质量发展。要在增进民生福祉上彰显新作为。我们的群众是监督者,干部是落实者。要把推动乡村振兴摆在首要位置,坚决守住不发生规模性返贫这条底线,把教育、住房、就医、物价等民生领域放在突出位置,切实把群众利益维护好、推动好、落实好。要在稳固发展底线上有新成效。我们的群众是参与者、干部是责任者。以唱响“红色江达”名片为治本之举,广泛开展“红色昌都·振兴奋进”活动,努力形成红色文化培育人、熏陶人、激励人的良好局面;守牢安全底线,常态化开展重点领域安全隐患排查整治,确保人民群众生命财产安全;守牢强边底线,扎实推进双拥模范县创建工作,拱卫强边大局。

功成不必在我,功成必定有我。江达是西藏第一面五星红旗升起的地方,江达儿女更是红色血脉的传承人,我们每一个人都要进一步增“四气”,扬“五自”,强“五干”,乘势而上、踔厉奋发,不断开创长治久安和高质量发展新局面,以一域之光为全局添彩,为全面建设社会主义现代化新江达而不懈奋斗!

最后,祝全县干部(职工)群众工作顺利、身体安康、心想事成,扎西德勒!

                           

                      中共江达县委员会 

                       江达县人民政府

                       2025年1月25日


༄༅།  རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད(ལས་བཟོ)དང་མང་ཚོགས་རྣམས་ལ་

འཕུལ་བའི་ཡི་གེ།

རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད(ལས་བཟོ)དང་མང་ཚོགས་རྣམས་ལ། 

  བཀྲ་ཤིས་རྟེན་འབྲེལ་འཛོམས་པའི་འབྲུག་ལོ་ཕར་ལ་སྐྱེལ་ཞིང་། རྒྱུ་ནོར་ལོངས་སྤྱོད་འཛོམས་ཤིང་རླུང་རྟ་འཕེལ་བའི་སྐལ་བཟང་རྫོགས་ལྡན་གྱི་དུས་སྐབས་འདིར།  ཀྲུང་གུང་འཇོ་མདའ་རྫོང་ཨུ་ཡོན་ལྷན་ཁང་དང་འཇོ་མདའ་རྫོང་མི་དམངས་སྲིད་གཞུང་གིས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད(ལས་བཟོ)དང་མང་ཚོགས་རྣམས་ལ་སྔ་སྣུར་དུ་ལོ་གསར་གྱི་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ་སྤྱི་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར་ལ་བཀྲ་ཤིས་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

  2024ལོར། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་ཕྱི་རོལ་ཡུལ་གྱི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་འཕེལ་རྒྱས་ཀྱི་ལས་འགན་མདུན་དུ་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་།ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་འགོ་ཁྲིད་འོག˵དོན་ཆེནབཞིར˶དམིགས་པ་དང་˵འཛུགས་གཏོད་བཞིར˶ཤུགས་བརྒྱབ་པ།˵ཆབ་མདོའི་ལྟེ་བའི་གྲོང་ཁྱེར་ཨང་གཉིས་པ་འཛུགས་སྐྲུན˶བྱེད་པར་ཞབས་ཞུ་སྒྲུབ་པ་དང་མཉམ་འདྲེས་བྱེད་པའི་གནས་འབབ་ཐད་འབྲེལ་མཐུད་བྱས་ཏེ། ˵ཐམས་ཅད་ཤར་དུ་ཕྱོགས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་དཔེ་སྟོན་སྣེ་ཁྲིད་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི˶ལས་ཀའི་དམིགས་ཡུལ་ལ་དམ་པོར་དམིགས་པ། དེ་བཞིན˵གསར་བརྗེའི་ཆབ་མདོ། དར་རྒྱས་ཡར་བརྩོན˶ཞེས་པའི་བྱེད་སྒོ་གཞི་རྟེན་དུ་བྱས་ནས། ˵12446˶ལས་ཀའི་བསམ་ཕྱོགས་ལག་བསྟར་གཏིང་ཟབ་དང་།མཐུན་སྒྲིལ་དམ་ཟབ། དཀའ་སྤྱད་འབད་བརྩོན་བྱས་པས་ཁུལ་ཁོངས་ཁག་གི་ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དཔལ་འབྱོར་གཙོ་བོའི་དམིགས་ཚད་དེ་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་།ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར48048དང་སྒོར19227ཟིན་ནས་དུས་མཚུངས་པ་ལས7.3%དང་9.1%འཕར་སྣོན་བྱུང་བས།འཇོ་མདའ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་སྲ་བརྟན་གྱི་དངོས་པོའི་འགན་ལེན་མཁོ་འདོན་བྱས་ཡོད།

   འཇོ་མདའི་ཡར་རྒྱས་དང་གྲུབ་འབྲས་ཚང་མའི་ཐད་རྫོང་ཡོངས་གོང་འོག་ཚང་མའི་བློ་གྲོས་དང་རྔུལ་ཆུ་འདུས་ཡོད་པས།ང་ཚོས་ལས་གནས་བརྟན་སྲུང་དང་སྔར་ནས་ད་བར་ལེགས་སྐྱེས་ཧུར་ཐག་འབུལ་མཁན་གྱི་ལས་བྱེད(ལས་བཟོ)དང་མང་ཚོགས་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ཁྱེད་ཚོའི་འབད་བརྩོན་དང་ལེགས་སྐྱེས་ལས་འཇོ་མདའི་དེ་རིང་གི་འཕེལ་རྒྱས་དེ་བྱུང་བ་ཡིན་ལ་འཇོ་མདའི་མ་འོངས་པར་རྨང་གཞི་ཡང་བཟང་པོ་གཏིང་བས།འདིར།ཁྱེད་རྣམ་པར་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 2025ལོ་ནི˵ལྔ་ཚན་བཅུ་བཞི་པའི˶འཆར་འགོད་མཇུག་འགྲིལ་བའི་ལོ་དང་། བསྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་གཏོང་བྱེད་པའི་དོན་འཁྱོལ་ལོ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བའི་རྟེན་འབྲེལ་ཆེན་པོའི་ལོ་བཅས་ཡིན་ལ། གྲོང་ཁྱེར་ཡོངས་ཀྱིས˵ཐམས་ཅད་ཤར་དུ་ཕྱོགས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་དཔེ་སྟོན་སྣེ་ཁྲིད་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི˶ལས་ཀའི་དམིགས་འབེན་ལ་སྐུལ་འདེད་གཏོང་བའི་འགོ་འཛུགས་ཀྱི་ལོ་ཞིག་ཀྱང་ཡིན། དེ་བས་ཀྱང་ང་ཚོས་གོ་སྐབས་དམ་འཛིན་གྱིས་འབད་བརྩོན་བྱས་ཏེ་སླར་ཡང་ལེའུ་གསར་རྩོམ་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ཟླ་བ1ཚེས9ཉིན། ང་ཚོས་རྫོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་རྫོང་ཨུད་དཔལ་འབྱོར་ལས་དོན་ཚོགས་འདུ་སྐོང་འཚོགས་བྱས་ཏེ། ˵ཐམས་ཅད་ཤར་དུ་ཕྱོགས˶ཞེས་པའི་འཇོ་མདའི་འབོད་སྐུལ་བྱས་པས། མི་ཚང་མ་ནི་དེའི་ནང་ཞུགས་མཁན་དང་། འཛུགས་སྐྲུན་མཁན། སྐུལ་འདེད་མཁན་བཅས་ཡིན་ལ། ཚང་མ་ནི་དེའི་ནང་གི་མི་སྣ་གཙོ་བོ་དང་དེའི་ལས་ཀ་ཚང་མ་ནི་སྤྱིར་བཏང་མིན་ཞེས་བཤད་ཀྱང་ཆོག རྫོང་ཡོངས་གོང་འོག་ཚང་མས་ངེས་པར་དུ་རྡོག་རྩ་གཅིག་སྒྲིལ་གྱིས་བསམ་བློ་གཅིག་ཏུ་ཕྱོགས་པ་དང་ནུས་ཤུགས་གཅིག་ཏུ་འདོན་ནས། རྫོང་ཨུད་ཀྱི་འགོ་ཁྲིད་འོག་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས། གོང་འཕེལ་གྱི་ཁོར་ཡུག་ལེགས་གཏོང་ཐད་ཚད་བརྒལ་གསར་པ་ཐོབ་པར་བརྩོན་དགོས།  ང་ཚོའི་མང་ཚོགས་ནི་འཛུགས་སྐྲུན་མཁན་དང་ལས་བྱེད་ནི་ཞབས་ཞུ་མཁན་ཞིག་ཡིན་པས“ཁོར་ཡུག་ལ་དམ་འཛིན་བྱ་རྒྱུ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི”འདུ་ཤེས་བརྟན་འཛུགས་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཁོར་ཡུག་ལེགས་གཏོང་ལ་སྐུལ་འདེད་གཏོང་བ་དང་། བསམ་བློར་འགྱུར་ལྡོག་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེ་བཞིན་ཚོང་གཉེར་གྱིས་ཚོང་འགུག་ལ་འཆར་འགོད་དང་ནོར་སྲིད་བསྒྱུར་བཅོས་ཀྱིས་འཕེལ་ཤུགས་རྒྱས་པ། སྤེལ་རེས་ཤུགས་ཆེར་བཏང་ནས་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་ཀྱི་ཐད་ཐབས་ཇུས་དངོས་འདོན་ཏེ་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ནང་མཁོ་རྒྱ་བསྐྱེད་གཏོང་བའི་ཐད་ཚ་རླབས་གསར་པ་འཕྱུར་བ་བྱེད་དགོས། ང་ཚོའི་མང་ཚོགས་ནི་ཞུགས་མཁན་དང་ལས་བྱེད་ནི་འགན་སྲུང་མཁན་ཞིག་ཡིན། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་འདོན་སྤེལ་ཤུགས་ཆེན་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་དེ་ནང་མཁོར་སྐུལ་ཁྲིད་དང་འདེགས་སྐྱོར་བྱེད་པའི་སྒུལ་ཤུགས་གལ་ཆེན་དུ་བརྩི་བ་དང་། མང་ཚོགས་ཀྱི་འབབ་འཕར་དེ་ནང་མཁོ་འགན་སྲུང་དང་རྒྱ་སྐྱེད་གཏོང་བའི་རྨང་གཞི་བརྟན་པོ་ཞིག་ཏུ་བརྩི་བ། དེ་བཞིན་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དེ་ནང་མཁོ་སྐུལ་སྤེལ་གཏོང་བའི་སྐུལ་འདེད་ཤུགས་ཆེན་ཞིག་ཏུ་བརྩིས་ནས་དཔལ་འབྱོར་གོང་འཕེལ་ཐད་མིག་སྔར་གསོན་ཤུགས་ལྡན་ལ་མ་འོངས་པར་མི་མངོན་པའི་སྟོབས་ཤུགས་ཡོད་པར་འགན་ལེན་བྱ་དགོས། ཐོན་སྐྱེད་ནུས་ཤུགས་ཀྱི་སྤུས་གསར་འཕེལ་རྒྱས་གཏོང་བའི་ཐད་འགན་འཁྲི་གསར་པ་མངོན་པར་བྱེད་དགོས། ང་ཚོའི་མང་ཚོགས་ནི་ལག་ལེན་མཁན་དང་ལས་བྱེད་ནི་སྣེ་ཁྲིད་མཁན་ཞིག་ཡིན། ˵གསར་བརྗེ་འཇོ་མདར་གནས་ཞིང་། ཕུགས་འདུན་ཤར་དུ་ཕྱོགས་པ˶མཐའ་འཁྱོངས་བྱས་ཏེ། ཉེ་འཁོར་གྱི་དཔལ་འབྱོར་མུ་ཁྱུད་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་མུ་ཁྱུད་ལ་རང་འགུལ་ངང་ཞབས་ཞུ་སྒྲུབ་པ།  ཕྱི་ཕྱོགས་ཀྱི་ཐོན་ཁུངས་དང་ཁྲོམ་རའི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ།རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཤུགས་ཆེར་བཏང་ནས˵3+1+1˶གི་ལས་འགན་གལ་ཆེན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས། འཇོ་མདའི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྣེ་ཁྲིད་ཏན་ཏིག་བྱེད་དགོས། དམངས་འཚོའི་བདེ་རྩ་ཤུགས་ཆེར་གཏོང་བའི་ཐད་བྱེད་ལས་གསར་པ་ཡོད་པར་བྱེད་དགོས། ང་ཚོའི་མང་ཚོགས་ནི་ལྟ་སྐུལ་མཁན་དང་ལས་བྱེད་ནི་དོན་འཁྱོལ་མཁན་ཞིག་ཡིན། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་དང་པོར་བརྩིས་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས་པ་དང་། སློབ་གསོ་དང་། སྡོད་ཁང་། སྨན་བཅོས། ཟོག་གོང་སོགས་དམངས་འཚོའི་ཁྱབ་ཁོངས་དེ་གནས་འབབ་མངོན་གསལ་ཅན་དུ་བཞག་ནས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ཡག་པོ་དང་སྐུལ་འདེད་ཡག་པོ།  དོན་འཁྱོལ་ཡག་པོ་ཡོང་བ་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་གོང་འཕེལ་མཐའ་ཚད་ཐད་གྲུབ་འབྲས་གསར་པ་ཡོང་བར་བྱེད་དགོསང་ཚོའི་མང་ཚོགས་ནི་ཞུགས་མཁན་དང་ལས་བྱེད་ནི་འགན་འཁུར་མཁན་ཞིག་ཡིན། གསར་བརྗེ་འཇོ་མདའིམིང་བྱང་ཁྱབ་སྤེལ་གཏོང་རྒྱུ་བྱ་ཐབས་གཙོ་བོར་བྱས་ནསགསར་བརྗེའི་ཆབ་མདོ། དར་རྒྱས་ཡར་བརྩོནཞེས་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ། གསར་བརྗེའི་རིག་གནས་ཀྱིས་མི་སྐྱོང་བ་དང་། ཤུགས་རྐྱེན་ཐེབས་པ། སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས། བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཏེ་གཙོ་གནད་ཁྱབ་ཁོངས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་རྒྱུན་ལྡན་ཅན་གྱི་ཞིབ་བཤེར་བཅོས་སྐྱོང་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས། མཐའ་སྟོབས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཏེ་གཉིས་བཀུར་དཔེ་སྟོན་རྫོང་འཛུགས་གཏོད་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་ནས་མཐའ་སྟོབས་ཀྱི་སྤྱི་ཡོངས་ལ་སྲུང་སྐྱོབ་བྱེད་དགོས། 

  བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད།  འཇོ་མདའ་ནི་བོད་ཀྱི་སྐར་ལྔའི་དར་དམར་ཐོག་མ་བསྒྲེངས་ཡུལ་ཞིག་ཡིན་ཞིང་། འཇོ་མདའི་བུ་ཕྲུག་ནི་དེ་བས་གསར་བརྗེའི་ཁྲག་རྒྱུན་གྱི་རྒྱུན་འཛིན་པ་ཞིག་ཡིན། ང་ཚོས"བློ་སྟོབས་བཞི"ཤུགས་ཆེར་གཏོང་བ་དང། "རང་བྱས་པ་ལྔ"དར་སྤེལ་གཏོང་བ། "སྒྲུབ་དགོས་པ་ལྔར"ཤུགས་སྣོན་རྒྱབ་སྟེ། ངར་སེམས་ཆེར་སྐྱེད་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་ཀྱིས། ཕྱོགས་གཅིག་ལ་བརྟེན་ནས་སྤྱི་ཡོངས་ལ་གཟི་བརྗིད་འཕྲོ་བར་བྱས་ཏེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཇོ་མདའ་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

   མཇུག་ཏུ། རྫོང་ཡོངས་ཀྱི་ལས་བྱེད(ལས་བཟོ)དང་མང་ཚོགས་རྣམས་བྱ་བ་ལམ་འགྲོ་དང་སྐུ་གཟུགས་གསལ་ཐང་། བསམ་དོན་ལྷུན་གྲུབ། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ།


           ཀྲུང་གུང་འཇོ་མདའ་རྫོང་ཨུ་ཡོན་ལྷན་ཁང་།

              འཇོ་མདའ་རྫོང་མི་དམངས་སྲིད་གཞུང་།

                2025ལོའི་ཟླ་བ1པོའི་ཚེས25ཉིན།


主   编:廖量

副主编:益西

责   编:益西曲扎

来   源:县委办

推荐阅读





1.江达县召开“红色昌都·振兴奋进”活动领导小组办公室第二次会议

2.江达镇举行“红色昌都·振兴奋进”国家通用语言文字演讲初赛




投稿邮箱:jdxwmb2019@sina.com

康巴v江达
介绍西藏江达新闻、风景、人文信息
 最新文章