拉萨高新区(柳梧新区)关于私人住宅建设行为有关事项的公告

企业   2024-12-13 17:57   西藏  

拉萨高新区(柳梧新区)私人住宅建设业主:

为加强土地管理,规范城乡建设秩序,依据《中华人民共和国土地管理法》《中华人民共和国城乡规划法》以及《中共拉萨市委办公室拉萨市人民政府办公室印发〈拉萨市关于严禁新增违法用地和违法建设行为的工作意见(试行)〉的通知》等相关法律法规和政策规定,现将拉萨高新区(柳梧新区)私人住宅建设行为的有关事项公告如下:

一、严格管控“两违”行为

(一)违法用地行为。严禁超过批准面积占用土地进行建设。任何单位和个人必须按照相关部门批准的用地范围和面积使用土地,超出批准面积的行为将依法受到查处;禁止擅自改变土地用途的行为。土地用途一经确定,必须严格按照规定用途使用,不得擅自变更用于其他建设项目。

(二)违法建设行为。未依法取得《建设工程规划许可证》,不得新建、改建、扩建任何建筑物和构筑物。建设行为必须在取得合法许可后方可实施。经批准取得《建设工程规划许可证》的,必须严格按照许可证许可的内容进行建设,不得擅自改变建设规模、位置、高度、层数、外立面等如有违反,将依法进行查处。

二、规范私人住宅改建审批流程

一是私人住宅改建必须依法申请办理《建设工程规划许可证》。业主应向物业公司、所属社区(村居)、街道办事处等相关部门提交改建申请及所需材料,包括但不限于土地权属证明、原房屋产权证明、改建设计方案等,经审核符合规划要求后,方可取得许可证;二是在改建过程中,必须严格按照《建设工程规划许可证》许可的内容进行施工建设。相关部门将加强事中事后监管,对未按许可内容建设的行为及时予以制止和纠正;三是对于未取得《建设工程规划许可证》或未严格按照许可内容进行建设的私人住宅改建项目,将不予办理不动产登记手续,房屋不得投入使用。同时,相关部门将依法依规按照国家法律法规和“两违”相关规定进行严肃处理,包括责令限期拆除违法建筑同步罚款等处罚措施。

三、法律责任

对违反本公告中的法律、行政法规规定,实施违法用地和违法建设行为的单位和个人,相关执法部门将依法进行调查处理。

四、附则

本公告自印发之日起施行。



柳梧街道办事处 热玛岗街道办事处 柳梧新区综合执法局

 2024年12月13日

ལྷ་ས་མཐོ་གསར་ཁུལ་(སྣེའུ་ཁུལ་གསར་)གྱི་སྒེར་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་མཁན།

ས་ཞིང་དོ་དམ་ལ་ཤུགས་སྣོན་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་བཅའ་ཁྲིམས》དེ་བཞིན་《ཀྲུང་གུང་ལྷ་ས་གྲོང་ཨུད་གཞུང་ལས་ཁང་།ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས་པར་འགྲེམས་བྱས་པའི་〈ཁྲིམས་འགལ་ངང་ས་ཆ་སྤྱོད་པ་དང་ཁྲིམས་འགལ་གྱི་འཛུགས་སྐྲུན་བྱ་སྤྱོད་གསར་སྣོན་བྱེད་པར་གཏན་འགོག་བྱ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་ལས་ཀའི་བསམ་འཆར་(ཚོད་ལྟའི་ལག་བསྟར་)〉སོགས་འབྲེལ་ཡོད་བཅའ་ཁྲིམས་དང་།ཁྲིམས་སྲོལ་སྲིད་ཇུས་བཅས་ཀྱི་གཏན་འབེབས་གཞིར་བཟུང་།ད་ལྟ་ལྷ་སའི་མཐོ་གསར་ཁུལ་གསར་(སྣེའུ་ཁུལ་གསར་)གྱི་སྒེར་གྱི་སྡོད་ཁང་འཛུགས་སྐྲུན་གྱི་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱེད་རྒྱུ་གཤམ་གསལ།

གཅིག་ “སྒྲིག་འགལ་གཉིས་”ཀྱི་བྱ་སྤྱོད་ལ་དོ་དམ་དང་ཚོད་འཛིན་ནན་པོ་བྱ་དགོས།

(གཅིག་)ཁྲིམས་འགལ་གྱིས་ས་ཆ་སྤྱོད་པའི་བྱ་སྤྱོད་དང་།ཆོག་མཆན་བཀོད་པའི་རྒྱ་ཁྱོན་ལས་བརྒལ་ཏེ་འཛུགས་སྐྲུན་བྱེད་པར་གཏན་འགོག་བྱ་དགོས།ཚན་པ་དང་མི་སྒེར་གང་རུང་གིས་ངེས་པར་དུ་འབྲེལ་ཡོད་ཚན་པས་ཆོག་མཆན་སྤྲད་པའི་ས་ཆ་སྤྱོད་པའི་ཁྱབ་ཁོངས་དང་རྒྱ་ཁྱོན་གཞིར་བཟུང་ས་ཆ་སྤྱོད་དགོས་པ་དང་།ཆོག་མཆན་སྤྲད་པའི་རྒྱ་ཁྱོན་ལས་བརྒལ་བའི་བྱེད་སྤྱོད་རིགས་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས།རང་མཚམས་ཀྱིས་ས་ཆའི་སྤྱོད་སྒོ་བསྒྱུར་བའི་བྱ་སྤྱོད་གཏན་འགོག་བྱ་རྒྱུ།ས་ཆའི་སྤྱོད་སྒོ་གཏན་ཁེལ་ཟིན་རྗེས།ངེས་པར་དུ་གཏན་འབེབས་བྱས་པའི་སྤྱོད་སྒོ་ལྟར་བེད་སྤྱོད་ནན་ཏན་བྱ་དགོས་པ་ལས།འཛུགས་སྐྲུན་གྱི་རྣམ་གྲངས་གཞན་པར་རང་དགར་བསྒྱུར་བཅོས་བྱས་མི་ཆོག།

(གཉིས་)ཁྲིམས་འགལ་གྱི་འཛུགས་སྐྲུན་བྱ་སྤྱོད།ཁྲིམས་ལྟར་《འཛུགས་སྐྲུན་ལས་གྲྭའི་འཆར་འགོད་ཆོག་འཐུས་ལག་ཁྱེར》མ་ཐོབ་ན།འཛུགས་སྐྲུན་དངོས་པོ་དང་བཟོ་བཀོད་དངོས་པོ་གང་རུང་གསར་སྐྲུན་དང་བཅོས་སྐྲུན་རྒྱས་སྐྲུན་བཅས་བྱས་མི་ཆོག། འཛུགས་སྐྲུན་བྱ་སྤྱོད་དེ་ངེས་པར་དུ་ཁྲིམས་མཐུན་གྱི་བཀའ་འཁྲོལ་བྱུང་རྗེས་གཞི་ནས་ལག་བསྟར་བྱས་ཆོག ། ཆོག་མཆན་ཐོབ་པ་བརྒྱུད་《འཛུགས་སྐྲུན་ལས་གྲྭའི་འཆར་འགོད་འཁྲོལ་འཛིན་》ཐོབ་རྗེས་ ངེས་པར་དུ་འཁྲོལ་འཛིན་ནང་འཁོད་པའི་ནང་དོན་ལྟར་འཛུགས་སྐྲུན་བྱེད་དགོས་པ་ལས་རང་འདོད་ལྟར་འཛུགས་སྐྲུན་གྱི་གཞི་ཁྱོན་དང་གནས་ཡུལ་ མཐོ་ཚད་ རིམ་གྲངས་། ཕྱིའི་ངོས་སོགས་ལ་འགྱུར་བ་བཏང་མི་ཆོག་གལ་ཏེ་ཁྲིམས་འགལ་བྱུང་ན་། ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱེད་དགོས་།

གཉིས་།  སྒེར་གྱི་སྡོད་ཁང་བསྐྱར་སྐྲུན་གྱི་ཞིབ་མཆན་འགོད་པའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་དགོས།

གཅིག་ནི་མི་སྒེར་གྱི་སྡོད་ཁང་བཅོས་སྐྲུན་དེ་ངེས་པར་དུ་ཁྲིམས་ལྟར《འཛུགས་སྐྲུན་ལས་གྲྭའི་འཆར་འགོད་འཁྲོལ་འཛིན་》རེ་ཞུ་བྱས་ཏེ་བསྒྲུབ་དགོས་།སྡེ་བདག་གིས་སྡེ་ལས་ཀུང་སི་དང་།ཁོངས་གཏོགས་སྡེ་ཁུལ་(གྲོང་ལྷན་)ཁྲོམ་གཞུང་དོན་གཅོད་ཁྲུའུ་སོགས་འབྲེལ་ཡོད་སྡེ་ཁག་ལ་བཅོས་སྐྲུན་གྱི་རེ་ཞུ་དང་མཁོ་བའི་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱ་དགོས་། འོན་ཀྱང་ས་ཆའི་དབང་ཆའི་དཔང་ཡིག་དང་སྔོན་གྱི་ཁང་པའི་ཐོན་དབང་གི་དཔང་ཡིག་སོགསབཅོས་སྐྲུན་ཇུས་འགོད་ཀྱི་ཇུས་གཞི་ཚད་བཀག་མེད་པར་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་ འཆར་འགོད་ཀྱི་བླང་བྱ་དང་མཐུན་རྗེས་ད་གཟོད་ཆོག་འཐུས་ལག་ཁྱེར་ལེན་ཆོག་།

གཉིས་ནི་བསྒྱུར་སྐྲུན་གྱི་བརྒྱུད་རིམ་ཁྲོད་། ངེས་པར་དུ་《འཛུགས་སྐྲུན་ལས་གྲྭའི་འཆར་འགོད་འཁྲོལ་འཛིན་》ནང་ཆོག་མཆན་བཀོད་པའི་ནང་དོན་ལྟར་གཟབ་ནན་གྱིས་ཨར་ལས་འཛུགས་སྐྲུན་བྱ་དགོས་། འབྲེལ་ཡོད་ཚན་པས་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཆོག་འཐུས་ཀྱི་ནང་དོན་གཞིར་བཟུང་འཛུགས་སྐྲུན་མི་བྱེད་པའི་བྱེད་སྤྱོད་དུས་ཐོག་ཏུ་བཀག་འགོག་དང་ཡོ་བསྲང་བྱེད་དགོས་པ་། 

གསུམ་ནི་《འཛུགས་སྐྲུན་ལས་གྲྭའི་འཆར་འགོད་ཆོག་འཐུས་ལག་ཁྱེར་》མ་ཐོབ་པའམ་ཡང་ན་ཆོག་འཐུས་ནང་དོན་ལྟར་འཛུགས་སྐྲུན་ནན་པོ་མ་བྱས་པའི་མི་སྒེར་གྱི་སྡོད་ཁང་བཟོ་བཅོས་རྣམ་གྲངས་ཡིན་ན་།འགྱུར་མེད་དངོས་པོའི་བདག་དབང་་ཐོ་འགོད་འགྲོ་ལུགས་གཉེར་རྒྱུ་མེད་པ་དང་ཁང་པ་བཀོལ་སྤྱོད་བྱེད་མི་ཆོག།དུས་མཚུངས་འབྲེལ་ཡོད་ཚན་པས་ཁྲིམས་དང་སྒྲིག་སྲོལ་ལྟར་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་“སྒྲིག་འགལ་གཉིས་”ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་ནན་པོ་བྱ་རྒྱུ་ ། དུས་བཀག་ནང་ཁྲིམས་འགལ་བཟོ་སྐྲུན་བཤིག་ཏུ་འཇུག་པ་མ་ཟད་ཆབས་ཅིག་དུ་དངུལ་ཆད་གཅོད་པའི་བྱེད་ཐབས་སོགས་ཚུད་ཡོད་པ་རེད།    

གསུམ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།     

སྤྱི་བསྒྲགས་འདིའི་ནང་གི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་ནས་ཁྲིམས་འགལ་ངང་ས་ཆ་སྤྱོད་པ་དང་ཁྲིམས་འགལ་ངང་འཛུགས་སྐྲུན་བྱེད་མཁན་ཚན་པ་དང་མི་སྒེར་ལ་འབྲེལ་ཡོད་ཁྲིམས་འཛིན་ཚན་པས་ཁྲིམས་ལྟར་བརྟག་དཔྱད་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།     

བཞི་པ། ཞར་བྱུང་དོན་ཚན།     

སྤྱི་བསྒྲགས་འདི་དཔར་འགྲེམ་བྱས་པའི་ཉིན་ནས་ལག་ལེན་དུ་བསྟར་རྒྱུ།     



སྣེའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ ར་མ་སྒང་ཁྲོམ་གཞུང་དོན་གཅོད་ཁྲུའུ ་ སྣེའུ་ཁུལ་གསར་ཕྱོགས་བསྡུས་ཁྲིམས་འཛིན་ཅུས།   

 ༢༠༢༤ལོའི་ཟླ་༡༢ཚེས་༡༣ཉིན།    



附件:拉萨高新区(柳梧新区)关于私人住宅建设行为有关事项的公告(1).pdf



来 源:拉萨高新
编 辑:隆丽娇
校 对:次仁央培
审 核:赵文娟

往期推荐

拉萨高新
伴随高新成长,服务创新创业。
 最新文章