2025年春节、藏历新年燃放烟花爆竹的通告

政务   2025-01-26 13:30   西藏  


点击蓝字 关注我们


2025年春节、藏历新年燃放烟花爆竹的通告 

为规范烟花爆竹市场秩序和加大对春节、藏历新年期间烟花爆竹燃放的管理力度,切实有效预防森林、消防火灾,确保人民群众生命财产安全,根据《中华人民共和国治安管理处罚法》《烟花爆竹安全管理条例》等法律法规相关规定,现结合波密县实际,就春节、藏历新年期间烟花爆竹燃放相关事宜通告如下:
一、烟花爆竹购买须知
烟花爆竹实行实名购买规定,按照一人一身份证,一购买一登记的要求,登记购买人的基本身份信息和烟花爆竹的品种数量;严禁向未成年人售卖烟花爆竹;严禁销售爆珠类烟花;购买者不得将所购烟花爆竹转给他人使用。
二、烟花爆竹零售店(点)
烟花爆竹实行专营定点许可销售,购买烟花爆竹需在合法零售店(点)购买:
1.华隆超市(扎木中路26号华隆超市);
2.索通农家(扎木中路34—9号那曲牛肉批发店);
3.唐氏商贸有限公司(扎木中路30号海登超市门口);
4.梦晨烟花爆竹零售店(幸福路12栋16号菜市场旁);
5.波密县湘南烟花爆竹专卖店(番禺路27号高原土特产);
6.嘉联硕商贸有限公司(扎木中路40—1号蜀香楼饭馆门口)。
三、烟花爆竹燃放区域
波密城区设立波茂广场、民族团结广场(沿江东路和桑登大桥交叉口西侧)2处烟花爆竹集中燃放点;各乡(镇)文化广场、各村文化室广场以及指定燃放烟花爆竹开阔地。  
 四、燃放烟花爆竹时间
(一)春节:1月28日至2月5日、2月12日。
(二)藏历新年:2月27日至3月8日。
上述时间为集中燃放烟花爆竹。波密县应急管理局、公安局、住建局(城市管理和综合执法局)、消防救援大队温馨提示全县各族干部群众,在指定区域燃放烟花爆竹,以便环卫工人清理,同时请您做好个人防护,严格按照烟花爆竹安全燃放提示说明进行燃放。
五、法律法规规定禁止燃放烟花爆竹的地点
(一)文物保护单位、历史建筑、图书馆、文化馆、传统村落等公共文化场所;
(二)车站、隧道、铁路线路等安全保护区等场所;
(三)加(配)油(气)站等生产、存储易燃易爆的场所输变电设施安全保护区以及周边二百米范围内;
(四)国家机关、人民团体和教学科研等单位;
(五)医疗机构、幼儿园、中小学、养老机构、教育机构、儿童福利院、商场、市场、文化娱乐体育馆等;
(六)山林、草原等重点防火区、公墓、烈士陵园等;
(七)饮用水源一级保护区、山林、苗圃、公共绿化带等重点防火区、军事设施保护区、企业生产经营场所、物资储存仓库、机动车停车场;
(八)法律法规规定禁止燃放烟花爆竹的其他场所。
六、法律责任
凡违反本通告的单位和个人,将根据《中华人民共和国治安管理处罚法》《烟花爆竹安全管理条例》等有关规定给予处罚;构成犯罪的,依法追究刑事责任。
七、本通告自发布之日起施行。
监督举报电话:
公安局:0894—5422348;  
应急管理局:0894—5422988;
自然资源和林业草原局:0894—5422597;
市场监督管理局:0894—5428020;
消防救援大队:0894—5424119。
  
波密县人民政府
2025年1月26日

2025ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཤོག་སྦག་སྤོར་བའི་བརྡ་ཐོ།

ཤོག་སྦག་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཤོག་སྦག་སྤོར་བར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ནགས་ཚལ་དང་མེ་ཟོན་མེ་སྐྱོན་སྔོན་འགོག་ནུས་ལྡན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད།   《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་》དང་《ཤོག་སྦག་གི་བདེ་འཇགས་དོ་དམ་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།ད་ལྟ་སྤོ་བོ་རྫོང་གི་དོན་དངོས་དང་ཟུང་འབྲེལ་གྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཤོག་སྦག་སྤོར་བའི་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

གཅིག། ཤོག་སྦག་ཉོ་སྐབས་ངེས་པར་དུ་ཤེས་དགོས་པ།

ཤོག་སྦག་ཉོ་སྐབས་རང་མིང་ངོ་མ་བཀོད་ནས་ཉོ་བའི་གཏན་འབེབས་ལག་བསྟར་བྱས་ཏེ་མི་རེར་ཐོབ་ཐང་ལག་ཁྱེར་རེ་དང་ཉོ་ཐེངས་རེར་ཐོ་འགོད་རེ་བྱེད་པའི་བླང་བྱ་གཞིར་བཟུང་ཉོ་མཁན་གྱི་གཞི་རྩའི་ཐོབ་ཐང་ཆ་འཕྲིན་དང་ཤོག་སྦག་གི་གྲངས་འབོར་ཐོ་འགོད་བྱེད་དགོས། ལོ་ན་མ་སོན་པའི་སྐྱེ་བོར་ཤོག་སྦག་འཚོང་རིགས་གཏན་འགོག་བྱ་དགོས། འབར་གས་སླ་བའི་རིགས་ཀྱི་ཤོག་སྦག་གཏན་འགོག་བྱ་དགོས། ཤོག་སྦག་ཉོ་མཁན་གྱིས་ཉོས་པའི་ཤོག་སྦག་མི་གཞན་ལ་བརྒྱུད་བཤུག་བྱས་ནས་བཀོལ་དུ་བཅུག་མི་ཆོག

གཉིས། ཤོག་སྦག་སིལ་ཚོང་ཁང་།

ཤོག་སྦག་ཆེད་གཉེར་བྱས་ནས་དམིགས་འཛུགས་ཆོག་འཐུས་ཕྱིར་ཚོང་བྱེད་པ་དང་ཤོག་སྦག་ཉོ་སྐབས་ཁྲིམས་མཐུན་གྱི་སིལ་ཚོང་ཁང་ནས་ཉོ་དགོས་པ་སྟེ།

1.ཧྭ་ལུང་སྒོ་རྩིས་ཚོང་ཁང་།(ཁྲབ་རྨོག་དཀྱིལ་ལམ་གྱི་སྒོ་ཨང་26པའི་ཧྭ་ལུང་སྒོ་རྩིས་ཚོང་ཁང་།)

2.སོ་ཐང་ཞིང་ཁྱིམ།(ཁྲབ་རྨོག་དཀྱིལ་ལམ་གྱི་སྒོ་ཨང་34-9པའི་ནག་ཆུའི་ཚགས་ཤ་སྡེབ་ཚོང་ཁང་།)

3.ཐང་ཧྲི་ཚོང་དོན་ཚད་ཡོད་ཀུང་སི།(ཁྲབ་རྨོག་དཀྱིལ་ལམ་གྱི་ཧའེ་ཏེང་སྒོ་རྩིས་ཚོང་ཁང་30པ་)

4.མེང་ཁྲེན་ཤོག་སྦག་སིལ་ཚོང་ཁང་།(བདེ་སྐྱིད་ལམ་གྱི་ཁང་སྟར་12པའི་ཚལ་ཁྲོམ་16པའི་འགྲམ་)

5.སྤོ་བོ་རྫོང་ཞང་ནན་ཤོག་སྦག་ཆེད་ཚོང་ཁང་།(ཧྥན་ཡུས་ལམ་གྱི་ས་མཐོའི་ཁྱད་ཐོན་དངོས་རྫས་)

6.ཅ་ལེན་ཧྲུའོ་ཚོང་དོན་ཚད་ཡོད་ཀུང་སི།(ཁྲབ་རྨོག་དཀྱིལ་ལམ་གྱི་སྒོ་ཨང་40-1པའི་ཧྲུའུ་ཞང་ལོའུ་ཟ་ཁང་གི་སྒོ་འགྲམ་)

གསུམ། ཤོག་སྦག་སྤོར་སའི་ས་ཁོངས།

སྤོ་བོ་གྲོང་ཁུལ་དུ་སྤོ་བོའི་ཐང་ཆེན་དང་མི་རིགས་མཐུན་སྒྲིལ་ཐང་ཆེན།(གཙང་པོའི་ཤར་ལམ་དང་ས་སྡིངས་ཟམ་ཆེན་གྱི་ལམ་མདོའི་སྣོལ་མཚམས་ནུབ་ངོས་)གཉིས་སུ་ཤོག་སྦག་སྤར་ས་བཙུགས་ཡོད། ཤང་(གྲོང་རྡལ་)ཁག་གི་རིག་གནས་ཐང་ཆེན་དང་གྲོང་ཚོ་ཁག་གི་རིག་གནས་ཁང་གི་ཐང་ཆེན། དེ་བཞིན་དམིགས་འཛུགས་ས་རྒྱ་ཆེ་བའི་ཤོག་སྦག་སྤར་ས།

བཞི། ཤོག་སྦག་སྤར་བའི་དུས་ཚོད།

(གཅིག)དཔྱིད་གསར་དུས་ཆེན།  ཟླ་1ཚེས་28ཉིན་ནས་ཟླ་2ཚེས་5ཉིན་དང་ཟླ་2ཚེས་12ཉིན་བར།

(གཉིས་)བོད་ཀྱི་ལོ་གསར།    ཟླ་2ཚེས་27ཉིན་ནས་ཟླ་3ཚེས་8ཉིན་བར།

གོང་སྨྲས་ཀྱི་དུས་ཚོད་ནི་ཤོག་སྦག་གཅིག་བསྡུས་ཀྱིས་སྤར་བའིདུས་ཚོད་ཡིན། སྤོ་བོ་རྫོང་འཕྲལ་རྐྱེན་དོ་དམ་ཅུད་དང་སྤྱི་བདེ་ཅུད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུད་(གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུད་)མེ་ཟོན་རོགས་སྐྱོབ་རུ་ཆེན་བཅས་ཀྱིས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དམིགས་འཛུགས་ས་ཁོངས་སུ་ཤོག་སྦག་སྤར་ནས་ཁོར་ཡུག་གཙང་སྦྲ་བྱེད་མཁན་གཙང་སེལ་བྱེད་བདེ་ཡོང་བ་བྱེད་པ་དང་དུས་མཚུངས་ཁྱེད་ཀྱིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ་ཤོག་སྦག་གི་བདེ་འཇགས་དྲན་སྐུལ་གསལ་བཤད་ལ་ནན་པོར་གཞིགས་ནས་ཤོག་སྦག་སྤོར་དགོས་པའི་དྲན་སྐུལ་བྱ་དགོས།

ལྔ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཤོག་སྦག་སྤར་མི་ཆོག་པའི་ས་ཆ་གཏན་འབེབས་བྱས་ཡོད།

(གཅིག)རིག་དངོས་སྲུང་སྐྱོབ་ཚན་པ་དང་ལོ་རྒྱུས་ལྡན་པའི་ཨར་སྐྲུན། དཔེ་མཛོད་ཁང་། རིག་གནས་ཁང་། སྲོལ་རྒྱུན་གྲོང་ཚོ་སོགས་སྤྱི་པའི་རིག་གནས་སྤེལ་ཡུལ།

(གཉིས་)མེ་འཁོར་བབས་ཚུགས་དང་ཕུག་ལམ། ལྕགས་ལམ་སོགས་བདེ་འཇགས་སྲུང་སྐྱོང་ཁུལ་སོགས་ཀྱི་གནས་ཡུལ།

(གསུམ་)སྣུམ་(རླངས་)ས་ཚིགས་སོགས་ཐོན་སྐྱེད་དང་འབར་གས་སླ་བའི་དངོས་པོ་གསོག་ཉར་བྱེད་སའི་གནས་ཡུལ། གློག་སྐྱེལ་གློག་སྒྱུར་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོང་ཁུལ་དང་དེ་བཞིན་མཐའ་འཁོར་གྱི་སྨི་ཉིས་བརྒྱའི་ཁྱབ་ཁོངས་ནང་།

(བཞི་)རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་སོགས་ཀྱི་སྡེ་ཚན།

(ལྔ་)སྨན་བཅོས་ལས་ཁུངས་དང་། བུ་བཅོལ་ཁང། སློབ་གྲྭ་འབྲིང་ཆུང་། རྒན་གསོའི་ལས་ཁུངས། སློབ་གསོའི་ལས་ཁུངས། བྱིས་པའི་ཕན་བདེ་ཁང་། ཚོང་ཁང་། ཚོང་ར། རིག་གནས་རོལ་རྩེད་ལུས་རྩལ་ཁང་སོགས།

(དྲུག)རི་དང་ནགས་ཚལ།རྩྭ་ཐང་སོགས་གཙོ་གནད་མེ་འགོག་ཁུལ་དང་སྤྱི་པའི་བང་སོ། སྔོན་གཤེགས་དཔའ་བོའི་བང་སོ་སོགས།

(བདུན་)འཐུང་ཆུའི་ཆུ་འགོ་སྲུང་ཁུལ་རིམ་པ་དང་པོ་དང་ནགས་རི། སྡོང་ཕྲུག་ར་བ། སྤྱི་པའི་སྔོ་འགྱུར་ས་རྒྱུད་སོགས་མེ་འགོག་ཁུལ་གཙོ་བོ་དང་། དམག་དོན་སྒྲིག་བཀོད་སྲུང་སྐྱོང་ཁུལ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་གནས།དངོས་རྫས་གསོག་ཉར་མཛོད་ཁང་། རླངས་འཁོར་འཇོག་ས་བཅས།

(བརྒྱད་)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཤོག་སྦག་སྤར་མི་ཆོག་པའི་གཏན་འབེབས་བྱས་པའི་ས་ཆ་གཞན་དག་བཅས་སོ།

དྲུག། ཁྲིམས་ལུགས་ཀྱི་འགན་འཁྲི།

གལ་སྲིད་བརྡ་ཁྱབ་འདི་ལས་འགལ་བའི་ཚན་པ་དང་མི་སྒེར་ལ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་》དང་《ཤོག་སྦག་གི་བདེ་འཇགས་དོ་དམ་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ་ཡིན་པ་རེད།ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

བདུན། བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

ལྟ་སྐུལ་ཐེར་འདོན་ཁ་པར།

སྤྱི་བདེ་ཅུད། 0894-5422348

འཕྲལ་རྐྱེན་དོ་དམ་ཅུད། 0894-5422988

རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུད། 0894-5422597

ཚོང་ར་ལྟ་སྐུལ་དོ་དམ་ཅུད། 0894-5428020

མེ་ཟོན་རོགས་སྐྱོབ་རུ་ཆེན། 0894-5424119


སྤོ་བོ་རྫོང་མི་དམངས་སྲིད་གཞུང་།

2025་ལོའི་ཟླ་1ཚེས་26ཉིན།

































































进一步全面深化改革,推进中国式现代化建设!

ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།


深入学习贯彻党的二十届三中全会精神,全面建设社会主义现代化新西藏!

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་སྐྲུན་དགོས།






4

审核:次仁德吉

校对:罗布次仁

辑:普巴拉姆

来源:波密县人民政府




网信波密
波密县权威互联网新媒体平台,实时发布政务新闻及民生、经济、旅游、交通、文化、生态等状况
 最新文章