ཀླུ་ཕྱུག་ཡག སྨན་པ་འབུམ་རམས་གཞོན་པ། གསོ་རིག་འབུམ་རམས་པ།མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནས་མཐར་ཕྱིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་བོད་སྨན་རྐང་འཛིན་ཤེས་ལྡན་མི་སྣ། སྐབས་གཉིས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་གསོ་རིག་གི་ཕུལ་བྱུང་སྐྱེད་སྲིང་མི་སྣ།མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚོགས་མི།བོད་གསོ་དཀའ་བཅུ་སྨན་པ་ཚད་ལྡན་གྱི་གསོ་སྐྱོང་དགེ་རྒན། སྔ་རྗེས་སུ་སྐུ་འབུམ་བྱམས་པ་གླིང་དང་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་དགེ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བསྟེན་ནས་སུམ་རྟགས་དག་གསུམ་དང་། བསྡུས་གྲྭ། བློ་རྟགས། ཕར་ཕྱིན། དབྱངས་ཅན་སྒྲ་མདོ། སྐར་རྩིས། སྙན་ངག་སོགས་ལ་སྦྱང་བ་བྱས་མྱོང་། རྗེས་སུ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་དགེ་བའི་བཤེས་གཉེན་དུ་མའི་མདུན་སར་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་གསོ་བ་རིག་པའི་གཞུང་ལ་སློབ་གཉེར་མཐར་ཕྱིན་པར་བྱས་མྱོང་།རྒྱལ་སྨན་ཆེན་མོ་ཨ་ཁུ་ཉི་མ་ཚང་ལས་གསོ་རིག་རྒྱུད་བཞི་དང་གསོ་རིག་ཟིན་ཏིག་སོགས་ཀྱི་ཁྲིད་ལུང་ཐོབ། ལྷག་པར་དུ་སྨན་རམས་པ་བླ་བྲང་སངས་ཁོ་མཆོག་ལོ་ངོ་མང་པོའི་རིང་དགེ་རྒན་དུ་བསྟེན་ནས་གསོ་རིག་རྒྱུད་བཞི་དང་། ཀོང་སྤྲུལ་ཟིན་ཏིག། མན་ངག་ལྷན་ཐབས་སོགས་གསོ་བ་རིག་པའི་གཞུང་སྤྱི་དང་། སྒོས་སུ་ནད་ཐོག་ལག་ལེན་ལ་སྨན་ནད་སྤྲོད་ཚུལ་དང་། སྨན་ངོ་ངོས་འཛིན། སྨན་རྫས་འདུལ་སྦྱོང་སོགས་ཀྱི་ཤེས་བྱ་དང་མན་ངག་དག་ལ་སྦྱང་བ་མང་ཙམ་བྱས་མྱོང་། བོད་ལྗོངས་སྨན་རྩིས་ཁང་དང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་སོགས་སུ་ཟབ་སྦྱོང་དུ་སོང་ནས་སྙིང་ནད་ཁྲག་རྩའི་ནད་ཀྱི་གསོ་བཅོས་སྐོར་གྱི་ལག་ལེན་དམར་ཁྲིད་གང་མང་ཀྱང་ཐོབ་མྱོང་།མཚོ་སྔོན་སྤྱི་ཚོགས་ཚན་རིག་དང་ཀྲུང་གོའི་བོད་ཀྱི་གསོ་རིག བོད་སྨན་སློབ་གསོ་དང་ཞིབ་འཇུག་སོགས་ཆེད་ལས་དུས་དེབ་སྟེང་ཆེད་ལས་དཔྱད་རྩོམ་༢༠ལྷག་སྤེལ་མྱོང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཞིབ་འཇུག་ལས་གཞི་གསུམ་ཙམ་ལ་ཞུགས་ནས་བོད་སྨན་ཞིབ་འཇུག་གི་བྱ་བ་སྒྲུབ་མྱོང་། སྔ་རྗེས་སུ་སྨན་པ་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མཚན་སྙན་དང་ཉི་མ་རྟགས་ཅན་གྱི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མཚན་སྙན་སོགས་བྱ་དགའ་འགའ་ཤས་ཀྱང་ཐོབ་མྱོང་།ཁྲག་རླུང་སྟོད་འཚངས་དང་གཟའ་གྲིབ།སྙིང་གཟེར། སྙིང་འཐིབས། མགོ་རླུང་། གློ་རྒྱས། རྩ་དཀར་ནད་སོགས་ཡིན། བརྟག་བཅོས་དུས་ཚོད། གཟའ་ཟླ་བ་ནས་པ་སངས་གི་ཉིན་ཧྲིལ་བོར།
བརྟག་བཅོས་ས་གནས། སྒོ་བསྟེན་ཐོག་ཁང་གི་སུམ་ཐོག ༼ སྒོ་རྟགས312 ༽