【藏汉双语】冬季火灾防范提示

政务   2024-12-18 16:31   西藏  



冬季气候严寒、风干物燥,社会面火电油气用量增加,致灾因素增多,火灾风险攀升,历来是火灾事故易发多发期。为确保您和家人的消防安全,请查收这份《冬季火灾防范工作手册》。

དགུན་དུས་གནམ་གཤིས་གྲང་ངར་ཆེ་བ་དང་དངོས་པོ་སྐམ་ཤས་ཆེ་བར་བརྟེན་སྤྱི་ཚོགས་ཐོག་མེ་དང་གློགསྣུམ།སོལ་རླངས་བཅས་སྤྱོད་ཤུགས་ཆེ་བས་མེ་སྐྱོན་གྱི་ཉེན་ཁ་ཡང་དེ་བས་ཆེ་རུ་འགྲོ་བཞིན་ཡོད།  སྔར་ནས་ད་བར་དགུན་དུས་ནི་མེ་སྐྱོན་དོན་རྐྱེན་ལྷག་མང་བའི་དུས་ཚིགས་ཤིག་རེད།ཁྱེད་དང་ཁྱེད་ཀྱི་ནང་མི་ཚོའི་མེ་ཟོན་བདེ་འཇགས་འགན་སྲུང་ཐུབ་ཆེད་དགུན་དུས་ཀྱི་མེ་སྐྱོན་སྔོན་འགོག་ལས་ཀའི་ལག་དེབ་འདི་ཡག་པོ་གཟིགས་དགོས།




厨房用火

ཐབ་ཚང་ནང་གི་མེ་སྐྱོན་སྔོན་འགོག










































01
厨房用火期间不离人
ཐབ་ཚང་ནང་མེ་བེད་སྤྱོད་བྱེད་སྐབས་མེའི་འགྲམ་ནས་ཁ་བྲལ་མི་རུང་། 


根据火灾调查资料显示,大部分厨房火灾都是在使用明火后无人照看所致,所以在厨房用火期间必须做到人离火熄、电断、气关。
མེ་སྐྱོན་རྟག་དཔྱད་ཡིག་རིགས་ལས་མངོན་པར།ཐབ་ཚང་ནང་གི་མེ་སྐྱོན་ མང་ཆེ་བ་ནི་མེ་བེད་སྤྱོད་བྱེད་སྐབས་འགྲམ་ལ་མི་མེད་པ་ལས་བྱུང་བ་ཞིག་ཡིན་པས་ཐབ་ཚང་ནང་མེ་བེད་སྤྱོད་བཏང་ཚར་རྗེས་ཕྱིར་མ་ཐོན་གོང་མེ་དང་གློག  ཕུ་སོགས་ཡག་པོ་བཀག་དགོས།

02
使用合格的电线电器及燃气灶具 
ཚད་ལྡན་གྱི་གློག་སྐུད་དང་གློག་ཆས།འབར་རླངས་ཐབ་བཅས་སྤྱོད་དགོས། 


电器、燃气灶具要按照说明书操作使用,不得超负荷使用电器。要定期检查电气线路和燃气灶具管路是否完好无损,如发现老化或破旧要及时更换。
གློག་ཆས་དང་འབར་རླངས་ཐབ་ཆས་གསལ་བཤད་གཞིར་བཟུང་བེད་སྤྱོད་ གཏོང་དགོས་ཤིང་ཐེག་ཚད་ལས་བརྒལ་བའི་གློག་ཆས་བེད་སྤྱོད་གཏོང་མི་རུང་།དུས་ཐོག་ཏུ་གློག་ཆས་ཀྱི་སྐུད་ལམ་དང་འབར་རླངས་ཐབ་ཆས་ཀྱི་སྦུ་གུ་འཕྲོ་རླག་ཕྱིན་ཡོད་མེད་རྟག་དཔྱད་བྱེད་དགོས་ཤིང་གལ་སྲིད་རྙིང་པ་དང་འཕྲོ་རླག་ཕྱིན་ཡོད་ཚེ་དུས་ཐོག་ཏུ་བརྗེ་དགོས།

03
正确使用燃气
འབར་རླངས་ཚད་ལྡན་ངང་སྤྱོད་དགོས། 




使用时必须严格按照程序操作,经常保持厨房通风。发生燃气泄漏时,应及时用湿布料盖住阀门进行关闭,并且迅速打开门窗通风,千万不要使用明火和启动电源开关,防止爆炸。
ངེས་པར་དུ་གོ་རིམ་གཞིར་བཟུང་བེད་སྤྱོད་བྱེད་དགོས་ཤིང་རྒྱུན་ལྡན་ནས་ཐབ་ཚང་ནང་རླུང་འགྲོ་ས་ཡོད་པ་བྱེད་དགོས། འབར་རླངས་ཕུ་ཤོར་སྐབས་ལམ་སེང་རས་རློན་པས་སྟེམ་སྒོ་བཀག་དགོས་པ་དང་དེ་ནས་སྒོ་དང་སྒེའུ་ཁུང་ཕྱེ་སྟེ་རླུང་འགྲོ་ས་ཡོད་པ་བྱེད་དགོས་པ་ལས་མེ་དང་གློག་སོགས་སྤར་ནས་འབར་གས་ཡོང་རྒྱུ་སྔོན་འགོག་བྱེད་དགོས།


04
合理控制热油
སྣུམ་ཚ་པོ་འོས་འཚམ་སྤྱོད་དགོས། -


在油炸食品时,要合理控制锅里的油量和温度,防止水滴、杂物等掉入油锅溢出着火或油温过高造成油锅起火。一旦油锅起火切勿用水灭火,应用锅盖或蔬菜进行覆盖灭火。

སྣུམ་བཀྲག་ཟས་རིགས་བཟོ་སྐབས་ཧ་ཡང་ནང་གི་སྣུམ་མང་ཉུང་དང་དྲོད་ ཚད་ཚོད་འཛིན་རན་པོ་བྱེད་དགོས་ཤིང་ཆུ་ཐིག་དང་དངོས་པོ་ཟག་སྟེ་ཧ་ཡང་ནང་གི་སྣུམ་ལ་མེ་འབར་བ་དང་ཡང་ན་སྣུམ་ཚ་དྲག་ནས་ཧ་ཡང་ནང་མེ་འབར་བ་སོགས་ཀྱི་གནས་ཚུལ་སྔོན་འགོག་བྱེད་དགོས།གལ་སྲིད་ཧ་ཡང་ནང་གི་སྣུམ་ལ་མེ་འབར་ཚེ་ཆུས་མེ་གསོད་རྒྱུ་མེད་པར་ཧ་ཡང་ཁ་གཅོད་དང་སྔོ་ཚལ་སོགས་བཀབ་ནས་མེ་གསོད་དགོས།



家庭防火 

ཁྱིམ་ཚང་གི་མེ་སྐྱོན་སྔོན་འགོག










































01
“三清三关”要牢记,要及时清理取暖器周围可燃物;同时,严禁用汽油、煤油、酒精等易燃物品引火取暖。出门时要记得“三清三关”【清阳台、清楼道、清厨房;关电源、关燃气、关火源】
༼གཙང་སེལ་གསུམ༽དང་༼བཀག་དགོས་པ་གསུམ༽བློ་ལ་བརྟན་པོ་ངེས་དགོས། དྲོད་གཏོང་ཡོ་ཆས་ཉེ་འགྲམ་གྱི་འབར་སླ་བའི་དངོས་པོ་སྟེ།རླངས་སྣུམ་དང་ས་སྣུམ།ཨ་རགས་ཉིང་བཅུད་བཅས་གཙང་སེལ་བྱེད་དགོས།ཕྱིར་ཐོན་སྐབས་༼གཙང་སེལ་གསུམ་དང་བཀག་དགོས་པ་གསུམ༽སྟེ།ཉི་གཡབ་དང་བར་ཁྱམས།  ཐབ་ཚང་བཅས་གཙང་སེལ་དང་གློག་ཁུངས་དང་འབར་རླངས།མེ་ཁུངས་བཅས་ཡག་པོ་བཀག་དགོས།


02


电气设备常检查,生活中要正确使用电器设备,不私拉乱接电线和插座,不超负荷使用大功率用电器,及时更换老化电气设备,外出时记得关闭电源开关。
རྒྱུན་དུ་གློག་ཆས་ལ་རྟག་དཔྱད་བྱེད་དགོས། འཚོ་བའི་ཁྲོད་གློག་ཆས་བེད་སྤྱོད་ཚད་ལྡན་བྱེད་དགོས་ཤིང་གློག་སྐུད་དང་གློག་འཛུགས་གང་བྱུང་དུ་འཁྲིད་པ་དང་ཐེག་ཚད་ལས་བརྒལ་བ་དང་རྩོལ་ཕྱོད་ཆེ་བའི་གློག་ཆས་བེད་སྤྱོད་གཏོང་མི་རུང་བར་གློག་ཆས་རྙིང་པ་ཆགས་པ་རྣམས་དུས་ཐོག་ཏུ་བརྗེ་དགོས་པ་མ་ཟད་ཕྱིར་ཐོན་སྐབས་གློག་ཁུངས་ཀྱི་བསད་སྤར་ཡག་པོ་བཀག་དགོས།
03
小孩玩火要阻止,日常生活中用火的地方很多,教育孩子不要玩火,家中打火机和火柴应放在儿童拿不到的地方,让孩子远离火源!
ཕྲུ་གུས་མེ་ལ་རྩེད་མོ་རྩེ་རྒྱུ་བཀག་འགོག་བྱེད་དགོས། རྒྱུན་ལྡན་འཚོ་བའི་ཁྲོད་མེ་བེད་སྤྱོད་བྱེད་ས་མང་པོ་ཡོད་པས་ཕྲུ་གུས་མེ་ལ་རྩེད་མོ་མི་རྩེ་བའི་སློབ་གསོ་རྒྱག་དགོས།  ཁྱིམ་ནང་མེ་ལྕགས་དང་ཙག་སྒྲ་སོགས་ཕྲུ་གུས་ལག་པ་བསྙོབ་མི་ཐུབ་པའི་གནས་ལ་བཞག་ནས་ཕྲུ་དང་མེ་ཁུངས་འབྲེལ་བ་མེད་པ་བཟོ་དགོས།


04


酥油灯燃点要注意,燃点酥油灯时要有人,长明灯、酥油灯、香炉等要防止倾倒,要远离布幔、哈达、纸张、柴草等可燃物,要将酥油灯放置在不燃材料桌面(地面)上或铺有金属薄板的供桌上。香烛等彻底燃尽后,应放置冷却后方可处理,切勿直接将香灰等丢入垃圾桶。
མཆོད་མེ་འབུལ་སྐབས་གཟབ་ནན་བྱེད་དགོས་པ། མཆོད་མེ་འབུལ་སྐབས་འགྲམ་ལ་མི་སྡོད་དགོས་ཤིང་།རིང་གསལ་མཆོད་མེ་དང་མར་ཁུའི་མཆོད་མེ།སྤོས་གཞོང་སོགས་མགོ་རྟིང་མི་ལོག་པ་བྱས་ཏེ་རལ་ཡོལ་དང་ཁ་བཏགས།ཤོགས་བུ།མེ་ཤིང་དང་རྩྭ་སོགས་འབར་སླ་བའི་དངོས་པོ་དང་ཐག་རིང་ཙམ་འཇོག་དགོས་ཤིང་མཆོད་མེ་དེ་མེ་འབར་མི་ཐུབ་པའི་རྒྱུ་ཆ་བྱས་པའི་སྒྲོག་རྩེ་དང་ཡང་ན་ལྕགས་རིགས་ལས་གྲུབ་པའི་སྒྲོག་རྩེའི་ཐོག་འཇོག་དགོས།  སྤོས་སོགས་བཞེས་ཚར་ནས་གོ་ཐལ་གྲང་མོ་ཆགས་རྗེས་གཞི་ནས་བཤོ་དགོས་པ་ལས་སྤོས་ཀྱི་གོ་ཐལ་སོགས་ཐད་ཀར་གད་སྙིགས་བླུག་སྣོད་ནང་བཤོ་མི་རུང་།



寺庙文物古建筑防火
དགོན་སྡེའི་གནའ་བོའི་བཟོ་སྐྲུན་གྱི་རིག་དངོས་མེ་སྐྱོན་སྔོན་འགོག







































01
严格落实消防安全责任,要建立并落实逐级消防安全责任制,明确各级、各岗位的消防安全职责,切实开展好防火巡查、防火检查。
མེ་ཟོན་བདེ་འཇགས་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་དགོས། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་དོན་ འཁྱོལ་བྱེད་དགོས་ཤིང་རིམ་པ་ཁག་དང་ལས་གནས་ཁག་གིས་མེ་ཟོན་བདེ་འཇགས་འགན་འཁྲི་ཁ་གསལ་བཟོ་བ་དང་མེ་སྐྱོན་སྔོན་འགོག་གི་རྟག་དཔྱད་ལས་དོན་ཡག་པོ་སྤེལ་དགོས།



02


严格消防设施管理与使用,配齐消防设施、设备和器材,加强日常保养维护和定期检测。
མེ་ཟོན་སྒྲིག་ཆས་དོ་དམ་དང་བེད་སྤྱོད་ནན་ཏན་བྱེད་དགོས་ མེ་ཟོན་ཡོ་ཆས་སྒྲིག་སྦྱོར་འཐུས་ཚང་དགོས་པ་དང་རྒྱུན་ལྡན་གྱི་ཉམས་གསོ་དང་དུས་ཐོག་ཏུ་རྟག་དཔྱད་ཚད་ལེན་བྱ་རྒྱུར་ཤུགས་བསྣོན་རྒྱག་དགོས།   མེ་བེད་སྤྱོད་བྱེད་སྐབས་དོ་དམ་ནན་པོ་བྱེད་དགོས།


03
严格用火管理,寺庙文物古建筑保护范围内严禁使用明火,严禁携带火源进入寺庙文物古建筑;确需使用明火时,应加强火源管理,采取有效防火措施,并由专人看管,做到人离火灭。唐卡、经幡、哈达等可燃物要远离火源。
དགོན་སྡེའི་གནའ་བོའི་བཟོ་སྐྲུན་རིག་དངོས་ཀྱི་ཁྱབ་ཁོངས་ནང་མེ་བེད་སྤྱོད་བྱེད་སྐབས་དོ་དམ་ནན་པོ་བྱེད་དགོས་ཤིང་མེ་སོན་འཁྱེར་ནས་དགོན་སྡེའི་གནའ་བོའི་བཟོ་སྐྲུན་རིག་དངོས་ཁུལ་དུ་འཛུལ་མི་ཆོག་པ་དང་མེ་བེད་སྤྱོད་བྱེད་དགོས་  ཚེ་མེ་ཁུངས་ལ་དོ་དམ་ནན་པོ་བྱས་ཏེ་མེ་སྐྱོན་སྔོན་འགོག་གི་བྱ་ཐབས་ནན་པོ་སྤྱོད་དགོས་པ་མ་ཟད་ཆེད་མངགས་ལྟ་ཞིབ་དོ་དམ་བྱེད་མཁན་ཡོད་དགོས་པ་དང་ ཕྱིར་ཐོན་སྐབས་མེ་ཡག་པོ་གསོད་དགོས།  ཐང་ག་དང་དར་ལྕོག  ཁ་བཏགས་སོགས་འབར་སླ་བའི་དངོས་པོ་མེ་དང་ཐག་རིང་ཙམ་འཇོག་དགོས།



04


严格用电管理,严禁私拉乱接电气线路,僧舍、殿堂等严禁使用电热器具和大功率用电器。
གློག་བེད་སྤྱོད་བྱེད་སྐབས་དོ་དམ་ནན་པོ་བྱེད་དགོས་པ། གློག་སྐུད་གང་བྱུང་དུ་འཁྲིད་མི་ཆོག་པ་དང་གྲྭ་གཤག་དང་ལྷ་ཁང་ནང་དྲོད་གཏོང་གློག་ཆས་དང་རྩོད་ཕྱོད་ཆེ་བའི་གློག་ཆས་སྤྱོད་པ་གཏན་འགོག་བྱེད་དགོས།


05
扎实开展消防演练,要组织开展一次全方位的消防演练,提升应急处置能力。
མེ་ཟོན་ནང་སྦྱོང་ཚ་ཚ་འུར་འུར་ངང་སྤེལ་དགོས། ཕྱོགས་ཡོངས་ལ་ཁྱབ་པའི་མེ་ཟོན་ནང་སྦྱོང་སྒྲིག་འཛུགས་ཐེངས་གཅིག་བྱས་ཏེ་སྟབས་བསྟུན་ཐག་གཅོད་བྱེད་པའི་ནུས་པ་མཐོ་རུ་གཏོང་དགོས།



06


严格开展消防安全宣传教育,要组织开展经常性消防安全教育培训,增强防火安全意识,掌握防火技能,结合实际在醒目位置设立消防安全警示标识。
མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་ནན་ཏན་ངང་སྤེལ་དགོས། རྒྱུན་ལྡན་རང་བཞིན་གྱི་མེ་ཟོན་བདེ་འཇགས་སློབ་གསོའི་གཟབ་སྦྱོང་སྒྲིག་འཛུགས་བྱས་ཏེ་མེ་སྐྱོན་སྔོན་འགོག་གི་བདེ་འཇགས་འདུ་ཤེས་དང་མེ་སྐྱོན་སྔོན་འགོག་གི་རྩལ་ནུས་ཁོང་དུ་ཆུད་རྒྱུར་སྐུལ་འདེད་བཏང་སྟེ་མངོན་གསལ་དོད་སའི་ཁུལ་དུ་མེ་ཟོན་བདེ་འཇགས་ཀྱི་དྲན་སྐུལ་མཚོན་རྟགས་འཛུགས་དགོས།




厂房仓库、物流仓储防火

བཟོ་གྲྭ་དང་མཛོད་ཁང་།ཟོག་འགྲེམ་མཛོད་ཉར་བཅས་ཀྱི་མེ་སྐྱོན་སྔོན་འགོག










































01
消防安全责任要落实
མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས།


明确消防安全责任人和消防安全职责,加强值班巡查,及时消除火灾隐患,厂房仓库内的醒目位置要张贴消防安全警示标牌。
མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་མི་སྣ་དང་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་ཁ་གསལ་བཟོ་དགོས་ཤིང་ལས་རེས་སྐོར་ཞིབ་ལ་ཤུགས་བསྣོན་དང་དུས་ཐོག་ཏུ་མེ་སྐྱོན་གྱི་སྔོན་མེད་ཉེན་ཁ་སེལ་དགོས་པ་མ་ཟད་བཟོ་གྲྭ་དང་མཛོད་ཁང་ནང་གི་མངོན་གསལ་དོད་སའི་ཁུལ་ལ་མེ་ཟོན་བདེ་འཇགས་ཀྱི་དྲན་སྐུལ་བྱང་བུ་སྒར་དགོས།
02
消防设施要定期维护保养
མེ་ཟོན་སྒྲིག་ཆས་ལ་དུས་བཀག་ལྟར་ཉམས་གསོ་བྱེད་དགོས།


严禁损坏、挪用、埋压、圈占、遮挡消防设施、器材,确保其完好有效。

མེ་ཟོན་སྒྲིག་ཆས་གཏོར་སྐྱོན་དང་གཞན་སྤྱོད།སྦས་གནོན།བཅད་བཟུང་། སྒྲིབ་པ་བཅས་བྱེད་པ་གཏན་འགོག་བྱས་ཏེ་མེ་ཟོན་ཡོ་ཆས་འཐུས་ཚང་དང་ནུས་ལྡན་ཡོང་བ་འགན་སྲུང་བྱེད་དགོས།

03
安全出口、疏散通道和消防车通道要畅通
བདེ་འཇགས་བགྲོད་ལམ་དང་ཁ་འགྲེམ་རྒྱུ་ལམ།མེ་ཟོན་རླངས་འཁོར་འགྲོ་ལམ་བཅས་ཤར་གཏོང་ཡོང་བ་འགན་ལེན་བྱེད་དགོས།



严禁设置妨碍消防车通行和火灾扑救的障碍物,严禁遮挡安全疏散指示标志。

དངོས་པོ་གང་བྱུང་དུ་བཞག་སྟེ་མེ་ཟོན་རླངས་འཁོར་གྱི་འགྲོ་ལམ་བཀག་པ་དང་བདེ་འཇགས་བགྲོད་ལམ་གྱི་དྲན་སྐུལ་མཚོན་རྟགས་སྒྲིབ་པ་བཅས་གཏན་འགོག་བྱེད་དགོས།






04
用火、用油、用电、用气要规范
མེ་དང་སྣུམ།  གློག  སོལ་རླངས་བཅས་ཚད་ལྡན་ངང་བེད་སྤྱོད་བྱེད་དགོས།


严禁在具有火灾、爆炸危险的场所使用明火,严禁在施工现场违章使用明火作业或取暖。严禁私拉乱接临时电线,电气线路的敷设应采用金属管或阻燃型PVC管保护,有接地措施,并安装漏电保护开关。

མེ་སྐྱོན་ཐོན་ཁུལ་དང་འབར་གས་ཀྱི་ཉེན་ཁ་ཆེ་བའི་ཁུལ་དུ་མེ་བེད་སྤྱོད་བྱེད་པ་གཏན་འགོག་བྱེད་དགོས་པ་དང་ཨར་སྐྲུན་བྱེད་སར་མེ་བེད་སྤྱོད་བྱས་ནས་ལས་ཀ་བྱེད་པ་དང་དྲོད་ལེན་བྱེད་པ་གཏན་འགོག་བྱེད་དགོས། སྐབས་འཕྲལ་དུ་གློག་སྐུད་གང་བྱུང་དུ་འཐེན་པ་གཏན་འགོག་བྱེད་དགོས་ ཤིང་གློག་ལས་སྐུད་ལམ་དེ་རྩིབས་འཛུགས་ལྕགས་རིགས་སྦུ་གུ་དང་འབར་རགས་དབྱིབས་ཀྱི་pvcསྦུ་གུས་སྲུང་སྐྱོབ་བྱས་ཏེ་གློག་ཤོར་མི་ཐུབ་པའི་སྲུང་སྐྱོབ་སྒྲིག་ཆས་ཀྱི་བསད་སྤར་ས་ལ་སྦྲེལ་ནས་སྒྲིག་སྦྱོར་བྱེད་དགོས།

05
堆垛“五距”要保证
ལྕོག་རྒྱག་སྐབས་༼བར་ཐག་ལྔ༽འགན་སྲུང་བྱེད་དགོས།


易燃易爆危险物品要按照标准分类存放,化学性质相抵触的物品严禁混堆混放。
འབར་གས་སླ་བའི་ཉེན་ཁའི་རང་བཞིན་གྱི་དངོས་པོ་ཚད་ལྡན་ངང་ཁག་ དབྱེ་ནས་འཇོག་དགོས་ཤིང་རྫས་འགྱུར་རང་བཞིན་གྱི་འགལ་ཟླར་གྱུར་བའི་དངོས་པོ་རྣམས་ཕུང་གསོག་བརྒྱབ་ནས་འཇོག་པ་གཏན་འགོག་བྱེད་དགོས།

06
人货混居要严禁
མིའི་སྡོད་གནས་དང་དངོས་ཟོག་ཁག་དབྱེ་དགོས།


严禁厂房仓库内住人,严禁人员住宿与生产、经营、储存为一体。
བཟོ་གྲྭ་དང་མཛོད་ཁང་ནང་མིའི་སྡོད་གནས་བྱེད་པ་གཏན་འགོག་བྱེད་དགོས་ཤིང་ མིའི་ཉལ་ཁང་དང་ཐོན་སྐྱེད་ལས་གཉེར།མཛོད་ཉར་བཅས་མཉམ་དུ་སྤྱོད་པ་གཏན་འགོག་བྱེད་དགོས།

07
员工岗前要培训
ལས་བཟོ་པ་ལས་གནས་ཐོག་མ་སླེབས་གོང་གཟབ་སྦྱོང་བྱེད་དགོས།



具有火灾危险性的特殊工种、重点岗位员工必须进行消防安全专业培训并持证上岗。
མེ་སྐྱོན་གྱི་ཉེན་ཁ་ཐོན་སླ་བའི་དམིགས་བསལ་ལས་རིགས་དང་ལས་གནས་གལ་ཆེའི་ལས་བཟོ་པར་ངེས་པར་དུ་མེ་ཟོན་བདེ་འཇགས་ཀྱི་ཆེད་ལས་གཟབ་སྦྱོང་གཉེར་ཏེ་ལས་ཐོག་ལག་གཉེར་སྤྲོད་དགོས།

08
预案制定要科学
ཚན་རིག་དང་མཐུན་པའི་ངང་སྔོན་ཚུད་འཆར་གཞི་བཟོ་དགོས།


制定符合本单位实际的灭火和应急疏散预案,并至少每半年组织员工进行一次逃生自救和扑救初起火灾的演练。

རང་ཚན་པའི་དོན་དངོས་དང་བསྟུན་ནས་མེ་གསོད་དང་འཕྲལ་བསྟུན་ཁ་འགྲེམ་བྱེད་སའི་ཁུལ་ལ་སྔོན་ཚུད་ཀྱི་འཆར་གཞི་གཞིར་གཟུང་མ་མཐར་ཡང་ལོ་ཕྱེད་ནང་ལས་བཟོ་པར་བྲོས་བྱོལ་རང་སྐྱོབ་དང་མེ་གསོད་ཀྱི་ཐོག་མའི་ནང་སྦྱོང་ཐེངས་རེ་བྱེད་དགོས།



商业综合体防火
ཚོང་ལས་ཕྱོགས་བསྡུས་རང་བཞིན་གྱི་མེ་སྐྱོན་སྔོན་འགོག







































01
危化物品严进入,严禁携带易燃易爆危险物品进入商业综合体。
ཉེན་ཁ་ཡོད་པའི་རྫས་འགྱུར་དངོས་པོ་ནང་དུ་འཁྱེར་རྒྱུ་གཏན་འགོག་ བྱེད་དགོས། འབར་གས་སླ་ཞིང་ཉེན་ཁ་ཡོད་པའི་དངོས་པོ་ཚོང་ལས་ཕྱོགས་བསྡུས་རང་བཞིན་ཁུལ་ལ་འཁྱེར་རྒྱུ་གཏན་འགོག་བྱེད་དགོས།


02


动用明火严防控,严禁在营业时间进行动火动焊作业,动火应严格审批,并清理周边可燃物,用非燃材料分隔,配置灭火器材,落实监护措施。
མེ་བེད་སྤྱོད་བྱེད་སྐབས་དོ་དོམ་ནན་པོ་བྱེད་དགོས། ལས་གཉེར་བྱེད་པའི་དུས་ཚོད་ལ་མེ་བེད་སྤྱོད་བྱས་ཏེ་ཚ་ལ་རྒྱག་པ་སོགས་བྱེད་པར་ཆོག་མཆན་ནན་པོ་ཐོབ་དགོས་པ་དང་དུས་མཚུངས་ཉེ་འགྲམ་གྱི་འབར་སླ་བའི་དངོས་པོ་གཙང་སེལ་དང་ཁག་དབྱེ་བ།མེ་གསོད་ཡོ་ཆས་འཇོག་པ།ལྟ་ཞིབ་བྱ་ཐབས་དོན་འཁྱོལ་བཅས་བྱེད་དགོས།
03
观众厅内禁烟火,演出、放映场所的观众厅内禁止吸烟和明火照明。严禁在室内燃放焰火和烟花爆竹。
ལྟས་མོ་ལྟ་སའི་ནང་མེ་བེད་སྤྱོད་བྱེད་པ་གཏན་འགོག་བྱེད་དགོས། འཁྲབ་སྟོན་ཁང་དང་གློག་བརྙན་ཁང་སོགས་མི་འདུ་འཛོམས་མང་སར་ཐ་མག་འཐེན་པ་དང་སྒྲོན་མེ་སྤར་བ་སོགས་བྱེད་མི་ཆོག་པ་དང་ནང་ཁུལ་ལ་དུ་བ་གཏོང་བ་དང་མཚོན་ཁྲ་ཅན་གྱི་ཤོག་སྦག་རྒྱག་པ་སོགས་གཏན་འགོག་བྱེད་དགོས།


04


人离电断严要求,营业结束后要安排员工进行防火检查,确保“人走、电断、火关”,夜间要安排专人定时巡查。
མི་ཕྱིར་ཐོན་སྐབས་གློག་གསོད་པའི་བླང་བྱ་ནན་པོ་འདོན་དགོས། ལས་གཉེར་མཚམས་འཇོག་བྱས་རྗེས་ལས་བཟོ་པ་བཀོད་སྒྲིག་བྱས་ནས་མེ་སྐྱོན་སྔོན་འགོག་རྟག་དཔྱད་བྱེད་དགོས་པ་དང་མི་ཕྱིར་ཐོན་རྗེས་གློག་དང་མེ་གསོད་དགོས་པ་མ་ཟད་མཚན་མོ་ཆེད་མངགས་སྐོར་ཞིབ་བྱེད་མཁན་བཀོད་སྒྲིག་བྱེད་དགོས།
05
促销条幅严管理,促销用的宣传条幅、广告牌等应使用不燃或难燃材料制作,禁止遮挡疏散指示标志和消防器材设施。
བྲིན་འཚོང་ཐད་སྤྱོད་པའི་དྲིལ་བསྒྲགས་ཤོག་ལྷེ་དོ་དམ་ནན་པོ་བྱེད་དགོས། བྲིན་འཚོང་ཐད་སྤྱོད་པའི་དྲིལ་བསྒྲགས་ཤོག་ལྷེ་དང་བརྡ་ཁྱབ་བྱང་བུ་སོགས་བཟོ་སྐབས་མེ་འབར་དཀའ་བའི་རྒྱུ་ཆ་བེད་སྤྱོད་གཏོང་དགོས་ཤིང་ཁ་འགྲེམ་བརྡ་རྟགས་དང་མེ་ཟོན་སྒྲིག་ཆས་སོགས་སྒྲིབ་མི་ཆོག


06


发生火灾速逃生,对商业综合体,一旦发生火灾事故,员工应迅速引导人员疏散。个人要留意安全出口和疏散通道位置,一旦发生火灾等紧急情况,迅速疏散逃生。

མེ་ཤོར་སྐབས་གང་མགྱོགས་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས། ཚོང་ལས་ཕྱོགས་བསྡུས་ཁུལ་ལ་མེ་སྐྱོན་ཐོན་ཚེ་ལས་བཟོ་པས་གང་མགྱོགས་མི་སྣ་ཁ་འགྲེམ་བྱེད་རྒྱུར་སྣེ་ཁྲིད་བྱེད་དགོས་ཤིང་རང་ཉིད་ཀྱིས་ཀྱང་བདེ་འཇགས་བགྲོད་ལམ་ལ་སྣང་འཇོག་བྱེད་དགོས།གལ་སྲིད་མེ་སྐྱོན་སོགས་ཛ་དྲག་གི་གནས་ཚུལ་ཐོན་སྐབས་གང་མགྱོགས་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས།



“九小场所”防火
བྱེད་སྒོ་སྤེལ་སའི་༼ཁུལ་ཆུང་དགུའི༽མེ་སྐྱོན་སྔོན་འགོག







































01
坚持每日防火巡查检查,严格管理火电油气。
ཉིན་ལྟར་མེ་སྐྱོན་སྔོན་འགོག་གི་སྐོར་ཞིབ་རྟག་དཔྱད་རྒྱུན་མཐུད་ངང་སྤེལ་དགོས་ཤིང་ མེ་དང་གློགསྣུམ། སོལ་རླངས་བཅས་ལ་དོ་དམ་ནན་པོ་བྱེད་དགོས།


02


严禁人员住宿与生产经营储存场所合用。
མིའི་སྡོད་ཁང་དང་ཐོན་སྐྱེད་ལས་གཉེར་བྱེད་ས་མཉམ་དུ་བྱེད་མི་ཆོག
03
严禁用聚氨酯等易燃可燃材料装修装饰,严禁违规储存易燃易爆物品。
འདུས་འདྲེས་ཨེམ་ཞག་སོགས་འབར་སླ་བའི་དངོས་པོས་ཁང་པ་སོགས་ཀྱི་མཛེས་བཟོའི་རྒྱུ་ཆ་བྱེད་པ་གཏན་འགོག་བྱེད་དགོས་ཤིང་འབར་གས་སླ་བའི་དངོས་པོ་གཏན་འབེབ་ལས་འགལ་ནས་མཛོད་ཉར་བྱེད་མི་ཆོག


04


按标准配置消防设施器材,设置消防安全标志,定期维护保养,确保完好有效。
མེ་ཟོན་སྒྲིག་ཆས་ཚད་ལྡན་ངང་སྒྲིག་སྦྱོར་བྱེད་དགོས་ཤིང་མེ་ཟོན་བདེ་འཇགས་ཀྱི་མཚོན་རྟགས་དུས་བཀག་ལྟར་ཉམས་གསོ་བྱས་ཏེ་སྒྲིག་ཆས་ནུས་ལྡན་ཡོང་རྒྱུ་འགན་སྲུང་བྱེད་དགོས།
05
保持疏散通道、安全出口畅通。
ཁ་འགྲེམ་ལམ་བུ་དང་བདེ་འཇགས་བགྲོད་ལམ་ཤར་གཏོང་ཡོང་བ་བྱེད་དགོས།


06


严禁电动自行车(电池)在室内停放充电。

གློག་སྒུལ་རྐང་འཁོར་ཁང་པའི་ནང་འཇོག་པ་དང་གློག་གསོག་རྒྱུ་གཏན་འགོག་བྱེད་དགོས།

07
严禁违规动火动焊,不得私拉乱接电气线路,严禁超负荷用电。
གཏན་འབེབ་ལས་འགལ་ནས་མེ་སྤྱད་དེ་ཚ་ལ་རྒྱག་པ་དང་གློག་ལས་སྐུད་ལམ་གང་བྱུང་དུ་འཁྲིད་པ།  རྩོལ་ཕྱོད་ཆེ་བའི་གློག་བེད་སྤྱོད་བྱེད་པ་བཅས་གཏན་འགོག་བྱེད་དགོས།། གཏན་འབེབ་ལས་འགལ་ནས་མེ་སྤྱད་དེ་ཚ་ལ་རྒྱག་པ་དང་གློག་ལས་སྐུད་ལམ་གང་བྱུང་དུ་འཁྲིད་པ།  རྩོལ་ཕྱོད་ཆེ་བའི་གློག་བེད་སྤྱོད་བྱེད་པ་བཅས་གཏན་འགོག་བྱེད་དགོས།།



来源:西藏消防



周三

CMRM 往期回顾

12.18

2024

2024年西藏自治区志愿服务项目大赛暨第二届文明实践志愿服务项目大赛决赛入围项目名单公示

措美【每日动态】2024.12.17

措美县关于补招公益性、网格员,政府购买岗位的公告





投稿邮箱:scx140770@126.com

编辑:次仁央宗

初审:王利军

终审:普布卓嘎




网信措美
宣传法律法规政策、加强业务教育培训、传播网络安全知识、弘扬网信12字精神、展示网络信息化成果,加强网络舆情监控,引导全民文明上网,增强网民网络安全意识。
 最新文章