༄༅།།གསར་འགོད་པའི་དུས་ཆེན་བསུ། | ལྷ་རིའི་སྨྱན་སྦྱོར།

文化   2024-11-08 18:22   西藏  





རྨི་ལམ་དང་རེ་བ་མཉམ་དུ་གནས་པའི་ལྷ་རིའི་སྨྱན་སྦྱོར།


གསར་འགོད་པ།

ཞོགས་པའི་སྐྱེ་རེངས་དང་མུན་པའི་ས་སྲོད་གྲོགས་སུ་འགུག་མཁན་ཁྱེད་ཡིན་ལ།

དགུང་སྐར་ཚོགས་ཀྱིས་ཞྭ་དང་ནངས་བ་མོ་ཡིས་ལྷམ་བྱེད་མཁན་དེ་ཡང་ཁྱེད་ཡིན།

རྔུལ་ཆུ་ཡིས་ལོ་ཟླ་འབྲི་བཞིན་པའི་ལྷ་རིའི་སྨྱན་སྦྱོར།


གསར་འགོད་པ།  

ཡངས་པའི་རྒྱལ་ཁམས་སྐྱེ་རྒུའི་མགྲོན་དུ་བསུ་མཁན་དེ་ཁྱེད་ཡིན་ལ།

སྲིད་པའི་འགྱུར་ལྡོག་སྤྱན་གྱི་དགའ་སྟོན་དུ་འབུལ་མཁན་དེ་ཡང་ཁྱེད་ཡིན།

སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་པའིལྷ་རིའི་སྨྱན་སྦྱོར།


གསར་འགོད་པ།

བདེན་དོན་གྱི་དར་ཆ་དང་རྒྱུ་འབྲས་ཀྱི་ཚད་ཤིང་།

གནས་ལུགས་ཀྱི་བདག་པོ་དང་དུས་ཚོད་ཀྱི་སྔོན་མ་ཡིན།

རྣམ་དཔྱོད་དང་བློ་གྲོས་ཀྱིས་ཕྱུག་པའི་ལྷ་རིའི་སྨྱན་སྦྱོར།


དེར་བརྟེན། གསར་འགོད་པ

ཁྱེད་ནི་མཐོན་པོའི་རི་ན།  དམའ་མོའི་གཤོང་ན།   

དམངས་སེམས་ཀྱི་བདེ་སྡུག་གཟུགས་སུ་འཆིང་བའི་ལྷ་རིའི་སྨྱན་སྦྱོར།  


གསར་འགོད་པ།

འཐབ་སའི་གཡུལ་ན།    བདེ་དགའི་ཀློང་ན།

ཡིག་འབྲུའི་གསེབ་ན།  འཆར་སྒོའི་སྒང་ན།

དུས་གསུམ་གྱི་མཛའ་མཐུན་གཅིག་ཏུ་སྒྲིལ་བས་ལྷ་རིའི་སྨྱན་སྦྱོར།  


གསར་འགོད་པ།

བཙན་པོའི་དྲུང་ན།    གཉོམ་པོའི་རྒྱབ་ན།

ངལ་རྩོལ་གྱི་ལྷག་བསམ་མེ་ལྟར་འབར་བའི་ལྷ་རིའི་སྨྱན་སྦྱོར།     


དེ་བས།  གསར་འགོད་པ།

ཁྱེད་ཀྱི་ཕྱག་ཏུ་ཐོགས་པ་ནི་རང་ཉིད་བསྲུང་བའི་གོ་ཆ་མིན་ལ།  

གནས་ལུགས་དང་བདེན་པ་འཚོལ་བའི་བརྙན་མིག་གོ།


ལྷ་རིའི་སྨྱན་སྦྱོར།





  End



终审:加永曲珍
二审:孙媛媛
素材来源:嘉黎融媒
初审(编辑):阿达



扫码关注我们了解更多资讯


微信公众号

抖音账号



了解嘉黎更多资讯

请扫描下载珠峰云APP

点击关注“嘉黎融媒”视听账号

“嘉黎县融媒体中心”新闻账号

嘉黎融媒
了解嘉黎的窗口,传递信息的桥梁。
 最新文章