洛扎县开展“幸福洛扎·乐享生活”消费品“以旧换新”的活动公告

政务   2024-10-20 19:16   西藏  


为全面贯彻党的二十大和二十届二中、三中全会精神,认真落实党中央、自治区关于推动大规模设备更新和消费品以旧换新的决策部署,贯彻落实自治区党委、政府、山南市委、市政府和洛扎县委、县政府有关工作要求,根据国家发展改革委、财政部《关于加力支持大规模设备更新和消费品以旧换新的若干措施》及自治区、山南市有关文件要求,开展“幸福洛扎·乐享生活”消费品“以旧换新”的活动。

一、活动时间
2024年10月1日开始,2024年12月31日结束。

二、活动对象
活动期间地理位置在洛扎县的人员。

三、活动内容
家电以旧换新、家装厨卫以旧换新

四、资金安排
“家电产品以旧换新”活动资金38万元,“家装厨卫以旧换新”活动资金25万元。各类别活动资金不做动态调整。若资金提前兑付完毕,则活动提前结束。同时,鼓励企业主动通过降价让利方式投入社会资金,社会资金不计入活动总资金。

五、活动补贴细则

(一)支持家电产品以旧换新

对个人消费者购买2级及以上能效或水效标准的冰箱(含冰柜)、洗衣机(含洗烘一体机、烘干机)、电视(含激光电视)、空调(含家用中央空调)、电脑(品牌机,不含组装机、平板电脑)、热水器(含电热水器、壁挂炉)、家用灶具(含集成灶)、吸油烟机等8类家电产品给予以旧换新补贴。补贴标准为产品最终销售价格的15%,对购买达到1级及以上能效或水效标准的产品,额外再给予产品最终销售价格5%的补贴。每位消费者每类产品可补贴1件,每件补贴不超过2000元。
对个人消费者购买8类家电产品以外的家电产品(手机、平板电脑等),按照《西藏自治区商务厅等4部门关于印发西藏自治区推动消费品以旧换新实施方案的通知》(藏商发〔2024〕166号)《西藏自治区商务厅 西藏自治区财政厅关于印发<西藏自治区消费品以旧换新补贴实施细则>的通知》(藏商发〔2024〕187号)标准和要求,按照满500元减100元、满1000元减200元、满1500元减300元、满2000元减400元、满3000元减600元、满5000元减1000元、满7500元减1500元的标准对消费者进行补贴,交售旧家电和购买新家电的品种无需一一对应,每位消费者每类产品补贴只能享受一次。
(二)支持家装厨卫以旧换新
对个人消费者在2024年10月1日(含当日)至12月31日(含当日)期间,购买床架、床垫、沙发、衣柜、书柜、橱柜、电视柜、餐桌、椅子、茶几等10类家具,酥油茶打茶机、蒸烤箱、微波炉、洗碗机、消毒柜、电饭煲、咖啡机、面包机、净水器、空气净化器、扫地机器人、吸尘器、投影仪、智能门锁、智能马桶(含智能马桶盖)、智能晾衣架、智能淋浴、浴霸、集成水槽、挂烫机(含电熨斗)、吹风机、电动剃须刀等22类厨卫产品,地板(含地砖)、家用安全门、灯具等3类建材,按照满500元减100元、满1500元减300元、满2000元减400元、满3000元减600元、满5000元减1000元的标准对消费者进行补贴。每位消费者每类产品补贴只能享受一次。

六、参加活动商户名单


七、消费者申领补贴方式
拟申请家电以旧换新、家装厨卫以旧换新补贴资金的个人消费者,于购买相应消费品后在10月、11月的20日-25日和12月9日-14日携带以下资料到县发改委(商务局)进行初审,最后由县发改委、财政局负责兑现资金。
需要提供的材料如下:①消费者本人身份证正反面复印件;②旧家电或旧家装厨卫产品清晰且无涂改痕迹的拍照照片;③旧家电回收凭证;④新家电或新家装厨卫产品销售发票;⑤《洛扎县消费品以旧换新活动家电/家装厨卫以旧换新补贴申领表》,消费者本人签字捺印;⑥银行卡复印件(农行)。
具体消费流程:消费者到参与商户处,旧商品价格与商户达成一致后,并在同一商户处购买新家电或家装家具(具体商品种类参照活动内容规定),消费者按照新商品价格付款(旧商品回收价格可直接抵扣),在购买新商品一个月内,按照申请流程向洛扎县发改委(商务局)提交材料,材料审核通过后于每月25日前集中兑现(12月份需申请补贴的消费者于12月14日前提交材料,于12月14日前兑现)。例如:扎西在手机店里买一部手机3000元,旧手机回收100元,扎西现场付款2900元,回来后准备好相关材料交到发改委(商务局),审核通过后发改委(商务局)给扎西兑现补贴600元(按商品原价享受满3000元减600元优惠)。

注意:因县财政于2024年12月15日前扎账,资金不再支出,请广大消费者2024年12月14日之前完成补贴材料上报工作,逾期一律不再受理。

八、其他事项说明
(一)活动遵循公平、诚信原则,遵守社会公德,维护市场竞争秩序和社会公共秩序,维护消费者合法权益。
(二)请广大消费者积极参与,并保证申请材料内容和所附资料真实、合法,严禁拆单、虚假交易、骗取补贴资金等行为。如有违规之处,一经查实,将取消其申领资格,追回补贴款。触犯法律,将依法追究相应法律责任。因消费者本人原因不配合补贴资格审核的,消费者自行承担责任。   
(三)请广大消费者积极参与活动监督,如在活动中发现商家或消费者有任何违规违法行为,请积极向洛扎县公安局(0893-7372114)、洛扎县市监局(0893-7372315)举报,我们将秉着公平公正公开的原则,严格核实,对于属实的,将对违反规则的商家和消费者在全市范围内进行通报,并取消活动资格,追缴违规所得,情节严重的,将追究法律责任。



洛扎县发改委(商务局)
2024年10月20日


ལྷོ་བྲག་རྫོང་གི“བདེ་སྐྱིད་ལྡན་པའི་ལྷོ་བྲག་དགའ་སྐྱིད་འཚོ་བར་ལོངས་སྤྱོད་”ཅེས་པའི་འཛད་སྤྱོད་དངོས་རྫས“རྙིང་ཚབ་
གསར་བརྗེའི”བྱེད་སྒོའི་སྤྱི་བསྒྲགས།


ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དངགསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ནན་ཏན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ལྷོ་ཁ་གྲོང་ཨུད་དང་སྲིད་གཞུང་། ལྷོ་བྲག་རྫོང་ཨུད་དང་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་ལས་ཀའི་བླང་བྱ་དོན་འཁྱོལ་མཐར་ཕྱིན་བཅས་བྱ་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའི《གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》དང་དེ་བཞིན་རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་ཡིག་ཆའི་བླང་བྱ་གཞིར་བཟུང་།“བདེ་སྐྱིད་ལྡན་པའི་ལྷོ་བྲག དགའ་སྐྱིད་འཚོ་བར་ལོངས་སྤྱོད”ཅེས་པའི་འཛད་སྤྱོད་དངོས་རྫས“རྙིང་ཚབ་གསར་བརྗེའི”བྱེད་སྒོ་སྤེལ་རྒྱུ་གཤམ་གསལ


གཅིག བྱེད་སྒོའི་དུས་ཚོད།

2024ལོའི་ཟླ་10ཚེས་1ཉིན་ནས་འགོ་ཚུགས་པ་དང་2024ལོའི་ཟླ་12ཚེས་31ཉིན་མཇུག་འགྲིལ་རྒྱུ།


གཉིས། བྱེད་སྒོའི་ཁ་གཏད།

བྱེད་སྒོ་སྤེལ་རིང་ལྷོ་བྲག་རྫོང་དུ་ཡོད་པའི་མི་སྣ།


གསུམ། བྱེད་སྒོའི་ནང་དོན།

ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེ། ཁྱིམ་ཆས་རྙིང་ཚབ་གསར་བརྗེ།


བཞི། མ་དངུལ་བཀོད་སྒྲིག

“ཁྱིམ་སྤྱོད་གློག་ཆས་ཐོན་རྫས་རྙིང་ཚབ་གསར་བརྗེ”ཡི་བྱེད་སྒོའི་མ་དངུལ་སྒོར་ཁྲི་38དང་། “ཁྱིམ་ཆས་རྙིང་ཚབ་གསར་བརྗེ”ཡི་བྱེད་སྒོའི་མ་དངུལ་སྒོར་ཁྲི་25 རིགས་ཁག་གི་བྱེད་སྒོའི་མ་དངུལ་འགུལ་རྣམ་ལེགས་སྒྲིག་མི་བྱེད་པ་དང་། གལ་ཏེ་མ་དངུལ་སྔ་སྣུར་དུ་སྤྲད་ཚར་ན་བྱེད་སྒོ་སྔ་སྣུར་དུ་མཇུག་འགྲིལ་རྒྱུ། དེ་དང་ཆབས་ཅིག་ཁེ་ལས་ཀྱིས་རང་འགུལ་ངང་རིན་གོང་བཅག་ནས་ཁེ་ཕན་སྤྲོད་པའི་བྱ་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་མ་དངུལ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་། སྤྱི་ཚོགས་ཀྱི་མ་དངུལ་དེ་བྱེད་སྒོའི་སྤྱིའི་མ་དངུལ་ནང་བརྩི་རྒྱུ་མིན།


ལྔ། བྱེད་སྒོའི་ཁ་གསབ་ཞིབ་སྲོལ།

(གཅིག)ཁྱིམ་སྤྱོད་གློག་ཆས་ཐོན་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་རྒྱབ་སྐྱོར་བྱེད་པ།

མི་སྒེར་གྱི་འཛད་སྤྱོད་པས་ནུས་ཕྱོད་དམ་ཆུ་ནུས་ཚད་གཞི་རིམ་པ་གཉིས་པ་དང་དེ་ཡན་གྱི་འཁྱགས་སྒམ་དང་གོས་འཁྲུད་འཕྲུལ་ཆས། བརྙན་འཕྲིན། དྲོད་སྙོམས་འཕྲུལ་ཆས། གློག་ཀླད། ཆུ་ཚ་པོ་བཟོ་ཆས། ཁྱིམ་སྤྱོད་ཐབ་ཆས། སྣུམ་དུ་རྔུབ་བྱེད་འཕྲུལ་འཁོར་བཅས་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་རིགས་8ལ་རྙིང་ཚབ་གསར་བརྗེའི་ཁ་གསབ་སྤྲོད་རྒྱུ། ཁ་གསབ་ཚད་གཞི་ནི་ཐོན་རྫས་ཀྱི་མཐའ་མའི་ཕྱིར་འཚོང་རིན་གོང་གི་15%ཡིན་པ་དང་ནུས་ཕྱོད་དམ་ཆུ་ནུས་ཚད་གཞི་རིམ་པ་དང་པོ་དང་དེ་ཡན་གྱི་ཐོན་རྫས་ཉོ་སྒྲུབ་བྱས་པར་སླར་ཡང་ཐོན་རྫས་ཀྱི་མཐའ་མའི་ཕྱིར་འཚོང་རིན་གོང་གི་5%ཡི་ཁ་གསབ་སྤྲོད་རྒྱུ། འཛད་སྤྱོད་པ་རེས་ཐོན་རྫས་རིགས་རེ་ནས་དངོས་པོ་གཅིག་ལ་ཁ་གསབ་ལེན་ཆོག་པ་དང་དངོས་པོ་རེར་ཁ་གསབ་སྒོར་2000ལས་བརྒལ་མི་ཆོག

མི་སྒེར་གྱི་འཛད་སྤྱོད་པས་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་རིགས་8ཕུད་པའི་ཁྱིམ་སྤྱོད་གློག་ཆས་ཐོན་རྫས(ལག་ཐོགས་ཁ་པར་དང་ངོས་ལེབ་གློག་ཀླད་སོགས)ཉོས་པར། 《〈བོད་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་ལག་བསྟར་ཇུས་གཞི 〉 པར་འགྲེམས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་སོགས་སྡེ་ཚན་4ཡི་བརྡ་ཐོ》(བོད་ཚོང་སྤེལ[2024]ཡིག་ཨང་166)དང་《〈བོད་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་ཁ་གསབ་ལག་བསྟར་ཞིབ་སྲོལ〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་བརྡ་ཐོ》

(བོད་ཚོང་སྤེལ[2024]ཡིག་ཨང་187)ཡི་ཚད་གཞི་དང་བླང་བྱ་གཞིར་བཟུང་། སྒོར་500ལོན་ན་སྒོར་100གཅོག་རྒྱུ་དང་། སྒོར་1000ལོན་ན་སྒོར་200གཅོག་རྒྱུ། ་སྒོར་1500ལོན་ན་སྒོར་300གཅོག་རྒྱུ། སྒོར་2000ལོན་ན་སྒོར་400གཅོག་རྒྱུ། སྒོར་3000ལོན་ན་སྒོར་600གཅོག་རྒྱུ། སྒོར་5000ལོན་ན་སྒོར་1000གཅོག་རྒྱུ། སྒོར་7500ལོན་ན་སྒོར་1500གཅོག་རྒྱུ་བཅས་ཀྱི་ཚད་གཞི་ལྟར་འཛད་སྤྱོད་པར་ཁ་གསབ་སྤྲོད་རྒྱུ། འཚོང་བྱེད་ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་པ་དེ་ཉོ་བྱེད་ཀྱི་དང་ཁྱིམ་སྤྱོད་གློག་ཆས་གསར་པའི་རིགས་དང་ཡིན་གཅིག་གཅིག་པ་ཡིན་པའི་དགོས་པ་མེད་ཅིང་འཛད་སྤྱོད་པ་མི་རེས་ཐོན་རྫས་རིགས་རེ་རེའི་ཁ་གསབ་ལོངས་སྤྱོད་ཐེངས་གཅིག་ལས་བྱེད་མི་ཆོག


(གཉིས)ཁྱིམ་ཆས་ཆས་རྙིང་ཚབ་གསར་བརྗེ་བྱེད་པར་རྒྱབ་སྐྱོར་བྱེད་པ།

མི་སྒེར་གྱི་འཛད་སྤྱོད་པར་2024ལོའི་ཟླ་10ཚེས་1ཉིན(ཉིན་དེ་ཚུད)ནས་ཟླ་12ཚེས་31ཉིན(ཉིན་དེ་ཚུད)བར་ཉལ་ཁྲི་དང་། གདན། འབོལ་ཁྲི། གོས་སྒམ། དཔེ་སྒམ། དཀར་སྒམ། བརྙན་འཕྲིན་འཇོག་སྒམ། ཟས་ཅོག རྐུབ་སྟེགས། ཅོག་ཙེ་སོགས་ཁྱིམ་ཆས་རིགས་10དང་། ཇ་བསྲུབས་འཕྲུལ་འཁོར་དང་རླངས་སྲེག་སྒམ། རླབས་ཐབ། དཀར་ཡོལ་འཁྲུ་ཆས། དུག་སེལ་སྒམ། གློག་རྡིག ཁ་ཧྥེ་འཕྲུལ་འཁོར། མེན་པའོ་འཕྲུལ་འཁོར། ཆུ་གཙང་བཟོ་འཕྲུལ་འཁོར། མཁའ་རླུང་གཙང་བཟོ་འཕྲུལ་འཁོར། གད་བདར་འཕྲུལ་མི། རྡུལ་རྔུབས། བརྙན་སྟོན་འཕྲུལ་ཆས། རིག་ནུས་སྒོ་ལྕགས། རིག་ནུས་ཆབ་ཟོམ། རིག་ནུས་གོས་གདང་། རིག་ནུས་འཁྲུས་ཁང་གི་ཡོ་བྱད། འདུས་གྲུབ་ཆུ་ཝ། གློག་གི་དབུར་ཏི། རླུང་འཁོར། གློག་སྒུལ་ཁ་སྤུ་བཞར་ཆས་སོགས་ཐབ་ཆས་དང་གཙང་སྦྲའི་ཡོ་བྱད་ཐོན་རྫས་རིགས་22དང་། པང་གཅལ་དང་ཁྱིམ་སྤྱོད་བདེ་འཇགས་སྒོ། གློག་སྒྲོན་སོགས་ཨར་ལས་རྒྱུ་ཆའི་རིགས་3བཅས་ཉོས་ཚེ། སྒོར་500ལོན་ན་སྒོར་100གཅོག་རྒྱུ་དང་། སྒོར་1500ལོན་ན་སྒོར་300གཅོག་རྒྱུ། སྒོར་2000ལོན་ན་སྒོར་400གཅོག་རྒྱུ། སྒོར་3000ལོན་ན་སྒོར་600གཅོག་རྒྱུ། སྒོར་5000ལོན་ན་སྒོར་1000གཅོག་རྒྱུ་བཅས་ཀྱི་ཚད་གཞི་ལྟར་འཛད་སྤྱོད་པར་ཁ་གསབ་སྤྲོད་རྒྱུ། འཛད་སྤྱོད་པ་རེ་རེས་ཐོན་རྫས་རེ་རེའི་ཁ་གསབ་ཐེངས་གཅིག་མ་གཏོགས་ལོངས་སྤྱོད་བྱེད་མི་ཆོག


དྲུག བྱེད་སྒོར་ཞུགས་པའི་ཚོང་དུད་ཀྱི་མིང་ཐོ།


བདུན། འཛད་སྤྱོད་པས་ཁ་གསབ་རེ་ཞུ་བྱེད་སྟངས།

ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེ་དང་ཁྱིམ་ཆས་རྙིང་ཚབ་གསར་བརྗེའི་ཁ་གསབ་མ་དངུལ་རེ་ཞུ་བྱེད་རྩིས་ཡོད་པའི་མི་སྒེར་གྱི་འཛད་སྤྱོད་པས། དེ་མཚུངས་ཀྱི་འཛད་སྤྱོད་དངོས་རྫས་ཉོས་རྗེས་ཟླ་10པ་དང་ཟླ་11པའི་ཚེས་20ཉིན་ནས་ཚེས་25ཉིན་བར་དང་ཟླ་12ཚེས་9ཉིན་ནས་ཚེས་14ཉིན་བར་གཤམ་གསལ་གྱི་དཔྱད་གཞིའི་ཡིག་རིགས་འཁྱེར་ནས་རྫོང་འཕེལ་སྒྱུར་ཨུ་ལྷན(ཚོང་དོན་ཅུད)དུ་ཐོག་མའི་ཞིབ་བཤེར་བྱེད་པར་ཡོང་དགོས་པ་དང་མཇུག་མཐར་རྫོང་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་ཅུད་ཀྱིས་མ་དངུལ་དོན་འཁྱོལ་བྱ་རྒྱུ།

མཁོ་འདོན་བྱེད་དགོས་པའི་དཔྱད་གཞིའི་ཡིག་རིགས་གཤམ་གསལ་ལྟར། ①འཛད་སྤྱོད་པ་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་རྒྱབ་མདུན་གཉིས་ཀའི་བསྐྱར་དཔར། ②ཁྱིམ་སྤྱོད་གློག་ཆས་རྙིང་པའམ་ཡང་ན་ཁྱིམ་ཆས་རྙིང་པའི་ཐོན་རྫས་ཀྱི་པར་གསལ་ཞིང་སུབ་བཅོས་བྱས་པའི་རྗེས་ཤུལ་མེད་པ། ③ཁྱིམ་སྤྱོད་གློག་ཆས་རྙིང་པ་ཚུར་སྡུད་བྱས་པའི་དཔང་འཛིན། ④ཁྱིམ་སྤྱོད་གློག་ཆས་གསར་པའམ་ཡང་ན་ཁྱིམ་ཆས་ཐོན་རྫས་གསར་པ་ཕྱིར་འཚོང་འཛིན་ཤོག ⑤《ལྷོ་བྲག་རྫོང་གི་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་བྱེད་སྒོའི་ཁྱིམ་སྤྱོད་གློག་ཆས/ཁྱིམ་ཆས་རྙིང་ཚབ་གསར་བརྗེའི་ཁ་གསབ་རེ་ཞུའི་རེའུ་མིག》 ⑥འཛད་སྤྱོད་པ་རང་ཉིད་ཀྱི་མིང་རྟགས་དང་མཛུབ་ཐེལ། ⑦དངུལ་ཁང་བྱང་བུའི་བསྐྱར་དཔར(ཞིང་ལས་དངུལ་ཁང་)

འཛད་སྤྱོད་ཀྱི་བརྒྱུད་རིམ་ཞིབ་ཕྲ་ནི། འཛད་སྤྱོད་པས་བྱེད་སྒོར་ཞུགས་པའི་ཚོང་དུད་ཀྱི་སར་ཕྱིན་ནས་ཚོང་ཟོག་རྙིང་པའི་རིན་གོང་ཐད་ཚོང་དུད་དང་གཅིག་མཐུན་བྱུང་བ་མ་ཟད། ཚོང་དུད་དེ་རང་ས་ནས་ཁྱིམ་སྤྱོད་གློག་ཆས་གསར་པའམ་ཡང་ན་ཁྱིམ་ཆས(ཞིབ་ཕྲའི་ཚོང་ཟོག་གི་སྣ་ཁ་དེ་བྱེད་སྒོའི་ནང་དོན་ནང་གི་གཏན་འབེབས་གཞིར་བཟུང་)ཉོས་ན། འཛད་སྤྱོད་པས་ཚོང་ཟོག་གསར་པའི་རིན་གོང་གཞིར་བཟུང་དངུལ་སྤྲད(ཚོང་ཟོག་རྙིང་པ་ཚུར་བསྡུའི་རིན་གོང་ཐད་ཀར་ཁ་འཐབ་བཏང་ཆོག)རྗེས། ཚོང་ཟོག་གསར་པ་ཉོས་ནས་ཟླ་བ་གཅིག་ནང་། རེ་ཞུའི་བརྒྱུད་རིམ་གཞིར་བཟུང་ལྷོ་བྲག་རྫོང་འཕེལ་སྒྱུར་ཨུ་ལྷན(ཚོང་དོན་ཅུད)ལ་དཔྱད་གཞིའི་ཡིག་ཆ་སྤྲོད་དགོས་པ་དང་། དཔྱད་གཞིའི་ཡིག་ཆར་ཞིབ་བཤེར་ལེགས་གྲུབ་བྱུང་རྗེས་ཟླ་རེའི་ཚེས་25ཉིན་གྱི་གོང་དུ་གཅིག་སྡུད་ཐོག་མ་དངུལ་དོན་འཁྱོལ་བྱ་རྒྱུ(ཟླ་12པར་ཁ་གསབ་རེ་ཞུ་བྱེད་དགོས་པའི་འཛད་སྤྱོད་པས་ཟླ་12ཚེས་14ཉིན་གྱི་གོང་དུ་དཔྱད་གཞིའི་ཡིག་ཆ་སྤྲོད་དགོས་པ་དང་ཟླ་12ཚེས་14ཉིན་གྱི་གོང་དུ་མ་དངུལ་དོན་འཁྱོལ་བྱ་རྒྱུ) དཔེར་ན་བཀྲ་ཤིས་ཀྱིས་ལག་ཐོགས་ཁ་པར་ཚོང་ཁང་ནས་ལག་ཐོགས་ཁ་པར་གཅིག་ལ་སྒོར་3000བྱས་ནས་ཉོས་པ་དང་ལག་ཐོགས་ཁ་པར་རྙིང་པར་སྒོར་100བརྩིས་ས་ཚུར་བསྡུ་བྱས་ན། བཀྲ་ཤིས་ཀྱིས་སྐབས་དེར་དངུལ་སྒོར་2900སྤྲད་རྗེས། ཕྱིར་ལོག་རྗེས་འབྲེལ་ཡོད་དཔྱད་ཡིག་གྲ་སྒྲིག་ཡག་པོ་བྱས་ནས་འཕེལ་སྒྱུར་ཨུ་ལྷན(ཚོང་དོན་ཅུད)ལ་སྤྲད་པ་དང་ཞིབ་བཤེར་ལེགས་གྲུབ་བྱུང་རྗེས་འཕེལ་སྒྱུར་ཨུ་ལྷན(ཚོང་དོན་ཅུད)གྱིས་བཀྲ་ཤིས་ལ་ཁ་གསབ་སྒོར་600སྤྲོད་ཀྱི་ཡོད(ཚོང་ཟོག་གི་ཐོག་མའི་རིན་གོང་སྒོར་3000ཟིན་ནས་སྒོར་600གཅོག་པའི་གཟིགས་སྐྱོང་ལོངས་སུ་སྤྱད་ཡོད)


ཡིད་གཟབ་བྱ་རྒྱུར། རྫོང་ནོར་སྲིད་ཀྱིས་2024ལོའི་ཟླ་12ཚེས་15ཉིན་ནས་མ་དངུལ་གཏོང་སྤྲོད་མི་བྱེད་པའི་རྐྱེན་གྱིས་རྒྱ་ཆེའི་འཛད་སྤྱོད་པས་2024ལོའི་ཟླ་12ཚེས་14ཉིན་གྱི་གོང་དུ་ཁ་གསབ་རེ་ཞུའི་དཔྱད་ཡིག་གོང་ཞུའི་ལས་དོན་ལེགས་སྒྲུབ་བྱེད་དགོས་པ་དང་། དུས་བཀག་ལས་ཡོལ་ཚེ་བདག་སྤྲོད་བྱེད་ཀྱི་མེད།


བརྒྱད། གསལ་བཤད་བྱེད་དགོས་པའི་དོན་ཚན་གཞན།
(གཅིག)བྱེད་སྒོའི་དྲང་གཞག་དང་ཁ་དན་ཚིག་གནས་ཀྱི་རྩ་དོན་ལ་བརྩི་སྲུང་དང་། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལ་བརྩི་སྲུང་། ཚོང་རའི་འགྲན་རྩོད་ཀྱི་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱ་དགོས།
(གཉིས)རྒྱ་ཆེའི་འཛད་སྤྱོད་པས་ཧུར་ཐག་ཞུགས་པ་མ་ཟད། རེ་ཞུའི་དཔྱད་ཡིག་གི་ནང་དོན་དང་ཟུར་བཀོད་དཔྱད་ཡིག་བདེན་པ་བདེན་ཐུབ་དང་ཁྲིམས་མཐུན་ཡིན་པར་འགན་ལེན་ཡང་བྱ་དགོས་པ་དང་། ཉོ་ཚོང་རྫུན་མ་དངཁ་གསབ་རོགས་དངུལ་གཡོ་ལེན་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱ་དགོས། གལ་ཏེ་སྒྲིག་སྲོལ་ལས་འགལ་ཚེ་རྩད་ཆོད་མཐའ་གསལ་བྱུང་མ་ཐག་དེའི་རེ་ཞུའི་ཐོབ་ཐང་མེད་པར་བཟོ་རྒྱུ་དང་། ཁ་གསབ་རོགས་དངུལ་ཕྱིར་ལེན་རྒྱུ་མ་ཟད། བཅའ་ཁྲིམས་དང་འགལ་རིགས་ལ་ཁྲིམས་ལྟར་བབ་མཚུངས་ཀྱི་ཁྲིམས་འབྲེལ་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན། འཛད་སྤྱོད་པ་རང་ཉིད་ཀྱི་རྐྱེན་པས་ཁ་གསབ་ཐོབ་ཐང་ལ་ཞིབ་བཤེར་བྱ་རྒྱུར་གཞོགས་འདེགས་མ་བྱས་ཚེ་འགན་འཁྲི་འཛད་སྤྱོད་པ་རང་ཉིད་ཀྱིས་འཁུར་དགོས།
(གསུམ)རྒྱ་ཆེའི་འཛད་སྤྱོད་པས་བྱེད་སྒོའི་ལྟ་སྐུལ་ནང་ཧུར་ཐག་ཞུགས་ནས། གལ་ཏེ་བྱེད་སྒོའི་ནང་ཚོང་པའམ་འཛད་སྤྱོད་པར་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་གང་རུང་ཡོད་པ་ཤེས་ཚེ་ལྷོ་བྲག་རྫོང་སྤྱི་བདེ་ཅུད(0893-7372114)དང་ལྷོ་བྲག་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད(0893-7372315)ལ་ཐེར་འདོན་གནང་རོགས། ང་ཚོས་འདྲ་སྙོམས་དང་། དྲང་གཞག ཡོངས་བསྒྲགས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཞིབ་དཔྱད་ནན་པོ་བྱས་ཏེ་བདེན་པ་ཡིན་ཚེ། སྒྲིག་སྲོལ་ལས་འགལ་བའི་ཚོང་པ་དང་འཛད་སྤྱོད་པར་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་བརྡ་ཁྱབ་གཏོང་རྒྱུ་དང་འབྲེལ་བྱེད་སྒོའི་ཐོབ་ཐང་མེད་པ་བཟོས་ནས་སྒྲིག་འགལ་ཐོབ་ཆ་བདའ་འདེད་གཏོང་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཁྲིམས་ལུགས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།


ལྷོ་བྲག་རྫོང་འཕེལ་སྒྱུར་ཨུ་ལྷན(ཚོང་དོན་ཅུད)
2024ལོའི་ཟླ་10ཚེས་20ཉིན།


审   核:索朗达吉
校   对:黄      丹
编   辑:单增卓玛
来   源:县发改委




秘境洛扎
发布信息
 最新文章