未成年人保护和预防未成年人违法犯罪倡议书

政务   2025-01-10 21:15   西藏  

关于寒假期间未成年人保护和预防未成

年人违法犯罪的倡议书


全县广大家长及社会各界朋友:

      为进一步加强未成年人保护和预防未成年人违法犯罪,维护未成年人合法权益,营造未成年人健康成长的良好社会环境,根据《中华人民共和国未成年人保护法》《中华人民共和国预防未成年人犯罪法》《中华人民共和国家庭教育促进法》《中华人民共和国反家庭暴力法》及相关法律规定,双湖县群团工作部发出以下倡议:

      一、未成年人的健康成长,需要父母的言传身教。父母是孩子的第一任教师,家庭是保护孩子的第一道防线。希望家长朋友们认真学习《中华人民共和国未成年人保护法》《中华人民共和国预防未成年人犯罪法》《中华人民共和国家庭教育促进法》《中华人民共和国反家庭暴力法》,用正确的思想、高尚的人格、良好的言行为孩子做出表率。发现未成年人身心健康受到侵害、疑似受到侵害或者其他合法权益受到侵犯的,应当及时了解情况并采取保护措施,情况严重的,应当立即向派出所、各相关部门报告,为孩子创造一个和睦、文明的家庭环境。

      二、未成年人的健康成长,需要全县各级各部门、社会团体、企事业单位、社会组织以及其他组织和个人的共同保护,并开展有利于未成年人健康成长的社会活动和服务。积极履行《中华人民共和国未成年人保护法》中的各项责任,一旦发现未成年人的监护人没有履行照护职责,或者自身遭受伤害等情况,应当及时向公安、群团、民政等有关部门报告。

      三、未成年人的健康成长,需要对于潜在因素的预防。随着网络时代的迅速发展,各类网络信息良莠不齐,未成年人深受不良网络信息的影响。各部门应当加强未成年人网络素养宣传教育,培养和提高未成年人的网络素养,增强未成年人科学、文明、安全、合理使用网络的意识和能力,保障未成年人在网络空间的合法权益。

      四、未成年人健康成长,需要未成年人的自我保护。未成年人要增强自我保护意识,认真学习法律知识,依法规范自己的行为,努力学习科学文化知识,培养有益的兴趣和爱好,增强辨别是非的能力,自觉抵制不良诱惑,并学会运用法律武器来保护自身的合法权益。

未成年人的健康成长,事关家庭的幸福,关乎国家和民族的未来。为保障未成年人合法权益,有效预防遏制未成年人违法犯罪,积极鼓励广大人民群众检举、揭发侵害未成年人合法权益及未成年人违法犯罪的行为,全力为未成年人健康成长营造良好的社会环境。


双湖县群团工作部

2025年1月10日 


དགུན་སེང་རིང་ནར་མ་སོན་པའི་མིར་སྲུང་སྐྱོབ་དང་ནར་མ་སོན་པའི་མིས་ཁྲིམས་འགལ་ཉེས་གསོག་སྤེལ་རྒྱུར་

སྔོན་འགོག་བྱ་རྒྱུའི་འབོད་སྐུལ་ཡིག་གེ།


རྫོང་ཡོངས་ཀྱི་རྒྱ་ཆེའི་ཁྱིམ་བདག་རྣམ་དང་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་རྣམ་པ།


      ནར་མ་སོན་པའི་བྱིས་པར་སྲུང་སྐྱོང་དང་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྤེལ་རྒྱུར་སྔོན་འགོག་སྔར་ལས་ལྷག་པ་བྱ་རྒྱུ་དང་། ནར་མ་སོན་པའི་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གིས། སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་སྤྱི་ཚོགས་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད། 《ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས་》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་སློབ་གསོར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་》《ཁྱིམ་ཚང་གི་དྲག་ཤུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་》དེ་བཞིན་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་བཞིར་བཟུང་། མཚེའུ་གཉིས་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས་འབོད་སྐུལ་བྱ་རྒྱུ་གཤམ་གསལ།

      དང་པོ། ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་ཕ་མའི་བཟང་ཕྱོགས་ཀྱི་ཁྲིད་སྟོན་དང་ཁ་བྲལ་ཐབས་མེད། ཕ་མ་ནི་བུ་ཕྲུག་གི་ཤེས་གཉེན་དང་པོ་དང་ཁྱིམ་ཚང་ནི་བུ་ཕྲུག་སྲུང་སྐྱོབ་བྱེད་པའི་སྲུང་ཐིག་དང་པོ་དེ་ཡིན།  རྒྱ་ཆེན་ཁྱིམ་བདག་རྣམས་པས་གོང་གི་བཅའ་ཁྲིམས་དག་ལ་སློབ་སྦྱོང་ནན་ཏན་བྱས་ནས། ཡང་དག་པའི་བསམ་བློ་དང་། བླ་ན་མེད་པའི་གཤིས་བརྒྱུད། གཏམ་སྤྱོད་བཟང་པོས་ནར་མ་སོན་པའི་མིར་མིག་དཔེ་སྟོན་དགོས་ལ། ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཕོག་པ་ཤེས་རྟོག་བྱུང་བའམ་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པའི་དོགས་པ་བྱུང་ཚེ། དུས་ཐོག་དུ་སྲུང་སྐྱོང་བྱ་ཐབས་སྤྱད་དགོས། དེ་ཡང་གནས་ཚུལ་ཚབས་ཆེན་ཡིན་རིགས། འཕྲལ་མར་མངགས་གཏོང་ཁང་དང་འབྲེལ་ཡོད་ཚན་པར་སྙན་སེང་ཞུས་ནས་བྱིས་པར་འཆམ་མཐུན་དང་ཤེས་དཔལ་ལྡན་པའི་ཁྱིམ་ཚང་ཁོར་ཡུག་ཅིག་བསྐྲུན་དགོས།

      གཉིས་པ། ནར་མ་སོན་པའི་མི་རྣམ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་རྫོང་ཡོངས་ཀྱི་རིམ་ཁག་སྡེ་ཚན་དང་། སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས། དེ་བཞིན་རྩ་འཛུགས་གཞན་དག་དང་མི་སྒེར་བཅས་ཀྱི་ཐུན་མོང་སྲུང་སྐྱོང་བྱེད་དགོས་ལ། སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕན་པའི་སྤྱི་ཚོགས་བྱེད་སྒོ་དང་ཞབས་ཞུ་ཡང་དག་སྤེལ་དགོས་པ་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་》ཀྱི་འགན་འཁྲི་ཁག་ལག་བསྟར་ཧུར་ཐག་བྱས་ནས། ནར་མ་སོན་པའི་མིའི་ལྟ་སྐྱོང་པའི་ལྟ་སྐྱོང་གི་འགན་འཁྲི་མ་བསྒྲུབས་པའམ་ལྟ་སྐྱོང་པ་རང་ཉིད་ལ་གནོད་འཚེ་ཕོག་པ་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་སྤྱི་བདེ་དང་། མང་ཚོགས་ཚོགས་པ། དམངས་སྲིད་སོགས་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་དགོས།

      གསུམ་པ། ནར་མི་སོན་པའི་མི་རྣམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་མི་མངོན་པའི་རྒྱུ་རྐྱེན་སྔོན་འགོག་བྱེད་དགོས། དྲ་རྒྱའི་དུས་རབས་ཀྱི་འཕེལ་རྒྱས་མྱུར་པོ་དང་བསྟུན་ནས། དྲ་རྒྱའི་ཆ་འཕྲིན་བཟང་ངན་མཉམ་འདུས་ཀྱིས་ནར་མ་སོན་པའི་མིར་ཤུགས་རྐྱེན་ངན་པ་བཟོས་སྲིད། དེར་བརྟེན་ཚན་པ་ཁག་གིས་ནར་མ་སོན་པའི་མིའི་དྲ་རྒྱའི་བྱང་ཚད་མཐོ་རུ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་དང་། ཚན་རིག ཡ་རབས། བདེ་འཇགས། ལུགས་མཐུན་སྒོ་ནས་དྲ་རྒྱ་བེད་སྤྱད་པའི་འདུ་ཤེས་དང་ནུས་པ་ཆེ་རུ་བཏང་སྟེ་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་དྲ་རྒྱའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།

      བཞི་པ། བདེ་ཐང་ངང་འཚར་ལོངས་ཡོང་བའི་བརྒྱུད་རིམ་ཁྲོད་ནར་མ་སོན་པའི་མིས་རང་ཉིད་སྲུང་སྐྱོང་ཡག་པོ་བྱེད་དགོས། དེ་ཡང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཆེ་རུ་གཏོང་དགོས་པ་སྟེ། འབྲེལ་ཡོད་ཁྲིམས་ལུགས་ཀྱི་ཤེས་བྱར་སློབ་སྦྱོང་ནན་ཏན་དང་། ཁྲིམས་བཞིན་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན། ཚན་རིག་ཤེས་བྱར་སློབ་སྦྱོང་། བཟང་ཕྱོགས་ཀྱི་གོམས་སྲོལ་གསོ་སྐྱོང་། བདེན་རྫུན་དབྱེ་འབྱེད་ནུས་པ་ཆེར་གཏོང་། བསླུ་བྲིད་ལ་མགོ་མི་རྨོངས་པར་ཁྲིམས་ལ་བརྟེན་ནས་རང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱ་རྒྱུ་ཤེས་དགོས།

      ནར་མི་སོན་པའི་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུ་དེ་ཁྱིམ་ཚང་གི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་དང་དེ་བས་འབྲེལ་བ་ཡོད། བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཡག་པོ་ཐུབ་རྒྱུ་དང་། ཁྲིམས་འགལ་ཉེས་གསོག་སྔོན་འགོག་ནུས་ལྡན་ཡོང་ཆེད། རྒྱ་ཆེའི་མང་ཚོགས་རྣམ་པར་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཐེར་འདོན་བྱ་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ། ནར་མ་སོན་པའི་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུར་མཉམ་ཤུགས་ཉམས་འདོན་བྱེད་རྒྱུའི་རེ་བ་ཡང་ཞུ་རྒྱུ་ཡིན།


མཚེའུ་གཉིས་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ།

༢༠༢༥ལོའི་ཟླ་༡ཚེས་༡༠ཉིན།


编辑(一审):桑旦旺姆

责编(二审):边欧

审核(三审):李小文

来源:双湖县群团工作部

网信双湖
大力宣传双湖,全方位多角度报道双湖。
 最新文章