འབྲི་ཆུའི་རླབས་དང་འདྲ་བའི་དབྱངས་ཀྱི་གླེང་སྟེགས་ཤིག རུ་སྡེའི་སེམས་པ་དབྱངས་ལ་འགུག་པའི་གཞས་རྭའི་འཕྲིན་པ་ཞིག །
བཀྲ་ཤིས་ཡང་དུ་དར་བའི་སྒྱུ་རྩལ་ཕོ་མོའི་ཉམས། ། ཤིས་ཚིག་མ་བྲིས་རང་བྱུང་སྣང་བ་དེ་ཡིས་སྟོན། གླུ་དབྱངས་ཤིག་གིས་ང་ཚོའི་འདས་ཟིན་པའི་ལོ་ཟླ་གསལ་ལེར་འཆར་ཞིང་། གླུ་དབྱངས་ཤིག་གིས་ང་ཚོའི་ངལ་བ་ཆེ་བའི་སེམས་པ་ཞིག་ཀྱང་གསོ་ཐུབ་མོད། དེས་ན། གླུ་གཞས་གསར་རྙིང་ཡོངས་རྫོགས་འདུས་པའི་ངེད་ཀྱི་འབྲི་བཀྲ་ཤིས་སྒྲ་དབྱངས་གླིང་ཞེས་པ་དར་ནས་མི་ལོ་མང་བོ་སོང་ཞིང་། ལོ་ངོ་དེ་དག་རིང་། རྒྱལ་ཁམས་གླུ་བ་གླུ་མ་མང་པོས་རྒྱབ་སྐྱོར་དང་གསན་མཁན་གྲོགས་མཆོག་ཡོངས་ཀྱི་དགའ་བསུ་ཐུབ་ཡོད། འདི་ནས་གླུ་གཞས་གཅིག་པུ་སྤེལ་བ་ཕུད། བརྡ་ཁྱབ་ཇུས་འགོད་སོགས་ཀྱི་ཞབས་ཞུ་ཀུན་འདུས་ཤིག་གོ།། མཇུག་ཏུ་ཁྱེད་ཅག་གིས་བརྒྱུད་སྐུར་གང་མང་གནང་རོགས་ཅེས་འཕྲིན་བདག་གུས་འབྲི་བཀྲ་ཤིས་ནས་ཕུལ་ལོ།།
ཨ་འགྲིག་ཆ་འགྲིག
ཚིག ལྷ་རུས་པ།
དབྱངས་། བཀྲ་ཤིས་དོན་འགྲུབ།
ལེན་མཁན། གྲགས་པ་རྒྱལ་མཚན། ཚེ་དབང་དཔལ་མཚོ།
ཨ་འགྲིག་ཆ་འགྲིག་གཉེན་སྟོན་རང་འགྲིག་རེད།།
མག་སར་དགུང་གི་གཡུ་འབྲུག་འཁྱུགས་འདྲ་རེད།།
བག་སར་རྨ་བྱའི་སྒྲོ་གུར་ཕུབ་འདྲ་རེད།།
ཕ་ཞང་མ་ཞང་མཐུན་པ་སྤུན་བཞི་རེད།།
ཕ་ལོས་ལྷ་ཁང་མདུན་ནས་སྐྱབས་ཞིག་བཅོལ།།
མ་ལོས་མཆོད་ཁང་མདུན་ནས་ཕྱག་གསུམ་འཚལ།།
ཁྱེད་གཉིས་སྐྱིད་སྡུག་ཡོད་ཚད་ལྷ་ལ་བཅོལ།།
ཁྱེད་བཟའ་ཟླ་གཉིས་ཀྱི་བྱ་བ་ལམ་འགྲོ་ཤོག།
ཨ་འགྲིག་ཆ་འགྲིག་གཉེན་སྟོན་རང་འགྲིག་རེད།།
མག་སར་དགུང་གི་ཐོ་རེང་སྐར་ཆེན་རེད།།
བག་སར་དགུང་གི་སྨིན་དྲུག་ཁྲ་མོ་རེད།།
ཕུ་ནུ་མིང་སྲིང་ཚེ་རིང་རྣམ་དྲུག་རེད།།
ཕ་ལོའི་ད་ནང་ལྷ་ལ་བསང་ཞིག་བཏང་།།
མ་ལོས་ད་ནང་འོ་ཕུད་ལན་གསུམ་མཆོད།།
ཁྱེད་གཉིས་སྐྱིད་སྡུག་ཡོད་ཚད་ལྷ་ལ་བཅོལ།།
ཁྱེད་བཟའ་ཟླ་གཉིས་ལ་ཅི་བསམ་དོན་འགྲུབ་ཤོག།
ཨ་འགྲིག་ཆ་འགྲིག་གཉེན་སྟོན་རང་འགྲིག་རེད།
མག་སར་ཕ་བཟང་ཚང་གི་བུ་རྒོད་རེད།།
བག་སར་ཞང་བཟང་ཚང་གི་ཚ་མོ་རེད།།
ཁ་ཡ་ན་ཟླ་བཀྲ་ཤིས་རྟགས་བརྒྱད་རེད།།
ཕ་ལོས་དེ་རིང་རྟ་ཕོ་སྒ་ཆ་བསྟད།།
མ་ལོས་ལུག་ཆུང་ཨ་འཇམ་ཚར་ལྭ་བསྐོན།།
བཀྲ་ཤིས་གཉེན་སྟོན་བཟང་པོ་དེ་རིང་བསུ།།
ཁྱེད་བཟའ་ཟླ་གཉིས་ཀྱི་བསམ་པའི་དོན་ཀུན་འགྲུབ།།
这是比如扎西音乐圈, 音乐是一种诉诸听觉的时间艺术,音乐是一种善于表现和激发感情的艺术,音乐是民族精神的精华和载体,是立国之本,那么音乐欣赏的过程也就是感情体验的过程。音乐使人们的生活充满欢乐和幸福,成为文化生活中必不可缺的精神食粮。然而真正懂得音乐,善于欣赏音乐,却并不是件容易的事。 因而本平台为了打通人们的观念,激发人们的思想,增加人们对音乐的认知度。当然,也是为了歌手们儿的需求而设计具有创造性的各种广告设计。而现如今,自媒平台在发展音乐中必不可少的一种工具,且能展示该有的风采。所以,我们宣传自媒平台的文化知识,弘扬渊远流长博大精深的本民族音乐文化。大家需要此类图片及多样化的设计,本平台热烈欢迎!