札达县关于启用交通信号灯及电子抓拍系统的通告
为切实加强和规范城区道路交通秩序,有效提高城区道路畅通能力和管控水平,进一步预防和减少道路交通事故,确保辖区群众的生命财产安全。根据《中华人民共和国道路交通安全法》等相关法律规定,决定从即日起,对城区4处交通信号灯及电子抓拍系统进行试运行,并于2024年12月13日零时正式启用,对闯红灯、驾车接拨手持电话、违反禁止标线、不按导向车道行驶、压线、不系安全带等交通违法行为进行抓拍并处罚,对于交通信号灯设置及交通规则有任何疑问或建议,欢迎致电札达县公安局(0897-2622323)进行咨询或反馈。为确保广大群众及驾驶员朋友能够充分了解并适应这一变化,特将相关事宜通告如下:
一、交通信号灯具体位置
象雄路与河北路丁字路口:
河北路与团结路丁字路口:
帕拉路与团结路十字路口:
宣舞路与团结路十字路口:
二、抓拍的交通违法行为
(一)驾驶机动车违反交通信号灯通行的;
(二)驾驶机动车违反禁止标线指示的;
(三)驾驶机动车在高速公路以外的道路上行驶时,驾驶人未按规定使用安全带的;
(四)驾驶机动车时拨打、接听手持电话的;
(五)驾驶机动车在高速公路、城市快速路以外的道路上逆向行驶的;
(六)机动车通过有灯控路口时,不按所需行进方向驶入导向车道的;
以上路段交通信号灯及电子抓拍系统将实施24小时全天候工作模式,请广大驾驶人自觉遵守道路交通安全法律法规,共同维护良好的交通秩序,确保出行安全。
特此通告!
札达县公安局交警大队
2024年11月13日
རྩྭ་མདའ་རྫོང་གིས་འགྲིམ་འགྲུལ་བརྡ་རྟགས་གློག་དང་གློག་རྡུལ་པར་ལེན་གྱི་མ་ལག་བཀོལ་སྤྱོད་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
གྲོང་ཁྱེར་གྱི་འགྲིམ་འགྲུལ་ཚད་ལྡན་དང་གོ་རིམ་ལྡན་ཆེད། གྲོང་ཁུལ་གྱི་གཞུང་ལམ་ཤར་གཏོང་ནུས་པ་དང་དོ་དམ་ཚོད་འཛིན་གྱི་ཆུ་ཚད་གོང་མཐོར་གཏོང་ཆེད། གཞུང་ལམ་གྱི་འགྲིམ་འགྲུལ་དོན་རྐྱེན་སྔར་བས་ཉུང་གཏོང་དང་སྔོན་འགོག་བཅས་ཡོང་བ་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཡོང་ཆེད། ╒ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས╓སོགས་འབྲེལ་ཡོད་ཁྲིམས་ལུགས་ཀྱི་གཏན་འབེབས་གཞིར་བཟུང་། དེ་རིང་ནས་བཟུང་། གྲོང་ཁུལ་གྱི་འགྲིམ་འགྲུལ་བརྡ་རྟགས་གློག་དང་གློག་རྡུལ་པར་ལེན་བྱེད་ཡུལ་4ཚོད་ལྟར་སྤྱོད་རྒྱུ་ཡིན་པ་མ་ཟད། 2024ལོའི་ཟླ་12ཚེས་13ཡི་ཐོ་རེངས་ནས་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་ཡིན། གློག་དམར་འགལ་བ་དང་མོ་ཊ་གཏོང་དུས་ཁ་པར་ཉན་པ། བཀག་སྡོམ་ཐིག་རྟགས་ལས་འགལ་བ། འཁོར་ལམ་གྱི་ཁ་ཕྱོགས་ལྟར་མི་བསྐྱོད་པ། ཐིག་ཟས་པ། ཉེན་འགོག་ཐག་པ་མི་བརྒྱབ་པ་སོགས་སྒྲིག་འགལ་གྱི་བྱ་སྤྱོད་ཡོངས་པར་ལེན་བྱས་ནས་ཆད་པ་གཅོད་རྒྱུ་ཡིན།
འགྲིམ་འགྲུལ་བརྡ་རྟགས་གློག་གི་བཀོད་སྒྲིག་དང་འགྲིམ་འགྲུལ་སྒྲིག་ལམ་སོགས་ལ་གནད་དོན་གང་འདྲ་ཞིག་ཡོད་ཀྱང་རྩྭ་མདའ་རྫོང་སྤྱི་བདེ་ཅུད་ལ་འདྲི་རྩད་ཡོད་པ་ཞུ།(0897-2622323)
གཅིག འགྲིམ་འགྲུལ་བརྡ་རྟགས་གློག་གི་གནས་ས།
ཞང་ཞུང་ལམ་དང་ཧོ་པེ་ལམ་གྱི་གསུམ་མདོ།
ཧོ་པེ་ལམ་དང་མཐུན་སྒྲིལ་ལམ་གྱི་གསུམ་མདོ།
ཕག་ལྷ་ལམ་དང་མཐུན་སྒྲིལ་ལམ་གྱི་བཞི་མདོ།
ཤོན་ལམ་དང་མཐུན་སྒྲིལ་ལམ་བཞི་མདོ།
གཉིས། འགྲིམ་འགྲུལ་སྒྲིག་འགལ་གྱི་པར་ལེན།
༡.འགྲིམ་འགྲུལ་གྱི་བརྡ་རྟགས་ལས་འགལ་བ།
༢.ཐིག་རྟགས་ཀྱི་མཚོན་རྟགས་ལས་འགལ་བ།
༣.མྱུར་བགྲོད་གཞུང་ལམ་མིན་པའི་གཞུང་ལམ་ཐོག་བསྐྱོད་སྐབས་ཁ་ལོ་བས་གཏན་འབེབས་ལྟར་ཉེན་ཐག་མི་བརྒྱབ་པ།
༤.མོ་ཊ་གཏོང་སྐབས་ཁ་པར་ཉན་པ་དང་བརྒྱབ་པ།
༥.མྱུར་བགྲོད་གཞུང་ལམ་དང་གྲོང་ཁྱེར་མགྱོགས་བགྲོད་གཞུང་ལམ་མིན་པའི་ལམ་སྟེང་དུ་ལྡོག་ཕྱོགས་སུ་བསྐྱོད་པ།
༦.གཞུང་ལམ་ཐོག་གློག་བརྡའི་ཚོད་འཛིན་ཡོད་སྐབས། གློག་བརྡའི་ཁ་ཕྱོགས་ལྟར་མི་བསྐྱོད་པའི་རིགས།
གོང་གི་ལམ་དུམ་དེ་དག་ལ་ཆུ་ཚོད་24ཡི་པར་ལེན་བྱ་རྒྱུ་ཡིན་པས་རྒྱ་ཆེའི་ཁ་ལོ་བ་རྣམས་ཀྱིས་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ནས་བདེ་འཇགས་ངང་བསྐྱོད་རོགས།
རྩྭ་མདའ་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན།
2024ལོའི་ཟླ་11ཚེས་13ཉིན།