改则县公安局交通警察大队关于违法停车整治公告
广大驾乘朋友们:
为有效维护辖区道路交通秩序,进一步规范停车秩序,提高通行效率,保障道路畅通,根据《中华人民共和国道路交通安全法》、《中华人民共和国道路交通安全法实施条例》等相关法律、法规的规定,经公示后,于2024年11月1日起在改则县文化路与电信路道路两侧违法停车等违法行为进行抓拍,并录入系统予以处罚。现将有关情况公告如下:
一、抓拍违法行为:机动车违法规定停放、临时停车且驾驶人不在现场的,妨碍其他车辆、行人通行的等道路交通违法行为。
二、抓拍时间:2024年11月1日起(全天24小时)。
三、抓拍路段:改则县文化路与电信路东西两侧。
敬请广大机动车驾驶人严格遵守道路交通安全法律法规,自觉维护道路交通秩序,共同营造安全、文明、畅通有序的道路交通环境。
特此公告
改则县公安局交警大队
2024年10月29日
སྒེར་རྩེ་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཁྲིམས་འགལ་ངང་རླངས་འཁོར་
འཇོག་པར་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
རྒྱ་ཆེའི་ཁ་ལོ་བ་དང་གྲོགས་པོ་རྣམ་པ་ཚོ།
སྒེར་རྩེ་རྫོང་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ལ་སྲུང་སྐྱོང་ནུས་ལྡན་བྱས་ཏེ། རླངས་འཁོར་འཇོག་པའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་ནས་འགྲོ་ལམ་ཤར་གཏོང་ཐུབ་པར་འགན་སྲུང་བྱ་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》
སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་སྤྱི་བསྒྲགས་བྱས་རྗེས།༢༠༢༤ལོའི་ཟླ་བ་༡༡པའི་ཚེས་༡ཉིན་ནས་བཟུང་སྒེར་རྩེ་རྫོང་གི་རིག་གནས་ལམ་དང་གློག་འཕྲིན་ལམ་གྱི་གཞུང་ལམ་གཞོགས་གཉིས་སུ་ཁྲིམས་འགལ་གྱིས་རླངས་འཁོར་འཇོག་པ་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་པར་བརྒྱབ་པ་དང་དངུལ་ཆད་གཅོད་རྒྱུ་ཡིན། ད་ལྟ་འབྲེལ་ཡོད་གནས་ཚུལ་སྤྱི་བསྒྲགས་བྱེད་རྒྱུ་གཤམ་གསལ།
གཅིག ཁྲིམས་འགལ་བྱ་སྤྱོད་ཀྱི་པར་ལེན། འཕྲུལ་འཁོར་རིགས་ཁྲིམས་འགལ་གྱིས་འཇོག་པ་དང་། གནས་སྐབས་རླངས་འཁོར་འཇོག་ནས་ཁ་ལོ་བ་བསྡད་མེད་པ། རླངས་འཁོར་གཞན་དང་རྐང་ཐང་བ་འགྲོ་སྐྱོད་ལ་འགོག་རྐྱེན་བཟོ་བ་སོགས་གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད།
གཉིས། པར་ལེན་དུས་ཚོད། ༢༠༢༤ལོའི་ཟླ་བ་༡༡པའི་ཚེས་༡ཉིན་ནས་བཟུང༼ཉིན་གང་ཆུ་ཚོད་༢༤༽
གསུམ། པར་ལེན་ལམ་དུམ་བུ། སྒེར་རྩེ་རྫོང་གི་རིག་གནས་ལམ་དང་གློག་འཕྲིན་ལམ་གྱི་ཤར་ནུབ་གཞོགས་གཉིས།
རྒྱ་ཆེའི་འཕྲུལ་འཁོར་རིགས་ཀྱི་ཁ་ལོ་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་རང་འགུལ་ངང་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་ཐུན་མོང་ཐོག་བདེ་འཇགས་དང་། ཡ་རབས་ཚུལ་ལྡན། ཤར་བགྲོད་རིམ་ལྡན་བཅས་ཀྱི་གཞུང་ལམ་འགྲིམ་འགྲུལ་ཁོར་ཡུག་ཅིག་བསྐྲུན་དགོས།
སྒེར་རྩེ་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ནས།
༢༠༢༤ལོའི་ཟླ་བ་༡༠པའི་ཚེས་༢༩ཉིན།
心系监测户 关怀暖人心---改则县组织系统党支部看望慰问监测户
更多消息,请关注视频号
来源:羌塘之音微信公众号
编辑:李俊萍
初审:平措卓玛
终审:格桑扎西