སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡོམ་འགོག་གེགས་སེལ་ལས་དོན་གྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུ་དང་།
རང་སྐྱོང་ལྗོངས་འཕྲལ་རྐྱེན་མྱུར་སེལ་བཀོད་འདོམས་པུའུ་དང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གཞིར་བཟུང་། ནུས་ཤུགས་ཡོད་རྒུས་གནོད་འཚེའི་རྗེས་ཀྱི་ཁང་པའི་བདེ་འཇགས་ཚོད་སྐོར་བྱ་རྒྱུའི་ལས་དོན་ཡག་པོ་སྒྲུབ་རྒྱུར་ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
རི་མོའི་མཚོན་རྟགས་ཞིབ་ཕྲ་གཤམ་གསལ།
ལྗང་མདོག་སྒོར་ཐིག་ནི་སྤྱོད་ཆོག་པའི་མཚོན་རྟགས་དང་།
སེར་མདོག་ཟུར་གསུམ་ནི་གནས་སྐབས་སྤྱོད་མི་ཆོག་པའི་མཚོན་རྟགས། དམར་མདོག་Xནི་སྤྱོད་མི་ཆོག་པའི་མཚོན་རྟགས་ཡིན།
终 审:旺 庆
复 审:吴奇洵
初 审:加 措
编 辑:旦增美吉