致全县人民岁末年初安全生产的一封信
全县广大人民群众:
岁末年初是安全生产的关键时期,节日节庆活动增多,人流、物流、车流、用火用电用气剧增,历来是事故易发多发高发期,为保障大家过一个安全、祥和、团圆的元旦、春节和藏历新年,特提醒您关注以下安全事项:
一、关注生产安全
元旦、春节和藏历新年期间,继续生产、经营的企业和商户,要严格落实安全生产管理责任,加强在岗员工的安全教育,防止思想松懈麻痹,确保不出事故。停工停产的企业要科学安排节日值班值守和节前隐患排查整改工作,确保停工停产期间处于安全状态。请广大从业人员在工作期间时刻牢记安全生产,严防发生“违章指挥、违章操作、违反劳动纪律”等“三违”现象。
二、关注消防安全
定期检查并更换老旧电器、线路,睡觉、出门前要检查电源、气源、火源是否关闭,火炉旁边不要存放纸张、衣服等可燃易燃物,防止烘烤受热引发火灾,不卧床抽烟乱扔烟蒂、不随意喷洒酒精等易燃物。保持消防通道、疏散通道和安全出口畅通。电动车充电时应停放在安全地点,严禁在室内、走廊、疏散通道停放或充电,严格控制充电时间,不超负荷用电、不私拉电线。
三、关注取暖安全
在家用煤炭、电炉烤火时一定要注意开窗通风,做到人走火熄。睡觉时一定关闭煤火、炉火,时刻提防一氧化碳中毒和火灾发生。使用电器取暖时,一定检查电路开关,确保设备正常,严防触电事故。一旦发现家用电器烧焦、冒烟、着火,必须立即断开电源,用干粉灭火器灭火。加强对老年人、残疾人等人群的关照,帮助其安全度寒。
四、关注燃气安全
冬季液化气使用量大增,要定期检查燃气灶具阀门和管线,防止可燃气体泄漏,闻到气味不要慌,及时开好门和窗。要加强气源使用管理,液化气钢瓶要防止碰撞、硬物敲击,不得接近火源、热源,钢瓶不能倾倒或倒置使用。燃气热水器、燃气灶具使用过程中做到不离人,使用完毕后要关闭钢瓶角阀。使用燃气的餐饮等行业生产经营单位要安装可燃气体报警装置,并保障装置正常使用。
五、关注道路交通安全
出行前要及时了解路况信息,时刻关注天气变化,遵守交通规则,请勿超速、超载、疲劳、饮酒驾驶,不接打手机,安全文明行车。在遇到恶劣天气或道路结冰时,要降低车速,保持安全行车距离,不随意超车,轻点刹车,慢打方向。不要无证驾驶摩托车,不驾驶无牌照摩托车,驾驶摩托车、电动车出行要戴安全头盔。搭乘交通工具时,不乘坐非法运营的车辆,勿携带易燃、易爆、危险品上车。
六、关注公共场所安全
参加各类活动,务必遵守规则,服从现场工作人员指挥,避免发生拥挤踩踏。宾馆、商场、餐饮、娱乐等人员密集场所,要保证疏散通道和安全出口畅通,确保报警、灭火装置灵敏可靠。
七、关注烟花爆竹安全
要到烟花爆竹合法零售点购买烟花爆竹,不购买、不燃放假冒伪劣烟花爆竹,切勿贪图便宜购买“三无”产品。燃放烟花爆竹要小心,请保持安全距离,不在禁放区域、加油站、变电站、高压线、草场等场所附近燃放,加强儿童燃放烟花爆竹的监护,确保安全。观看烟花时要在安全距离以外,以免引起误伤等后果。
八、关注草原防灭火
冬季气候干燥,大风天气增多,火险较高。现号召广大人民群众不要在草原防火区及边缘焚烧垃圾、吸烟、煨桑和燃放烟花爆竹。同时,一定要增强防范意识,加强自身消防安全知识的学习,提高自救能力,确保生命和财产安全。
九、关注自然灾害风险
冬季天气寒冷,雨雪、冰冻、大风等极端天气频发,请您注意防范,多关注气象部门的天气预报,关注生产生活设施防冻措施,关注阳光棚、门窗等房屋安全,及时防范冰冻等恶劣天气可能诱发的次生灾害。要学习和掌握安全风险防范知识,提高自救能力。一旦发现险情隐患,及时报告,及时转移,减少损失。
安全靠大家,责任你我他!让我们共同携手,筑牢防线,践行“人人讲安全,个个会应急”理念,从小事细节做起,当好岁末年初安全生产的“第一责任人”,自觉加强事故防范,积极消除火灾等安全隐患,共同营造良好安全环境。
同时,向关心、理解、支持安全生产工作的广大人民群众表示衷心的感谢,恭祝广大人民群众身体健康、工作顺利、阖家幸福,祝愿康马江河安澜、社会安宁、人民安康、扎西德勒!
康马县安全生产委员会办公室
2024年12月27日
ལོ་རྙིང་པ་མཇུག་སྒྲིལ་མཚམས་དང་ལོ་གསར་པ་འཆར་ཉེའི་སྐབས་རྫོང་ཡོངས་མི་དམངས་ལ་སྤྲིངས་པའི་བདེ་འཇགས་ཐོན་སྐྱེད་དྲན་སྐུལ་ཡི་གེ
རྫོང་ཡོངས་ཀྱི་རྒྱ་ཆེའི་མི་དམངས་རྣམ་པ་ཚོ།
ལོ་རྙིང་པ་མཇུག་སྒྲིལ་མཚམས་དང་ལོ་གསར་པ་འཆར་ཉེའི་སྐབས་ནི་བདེ་འཇགས་ཐོན་སྐྱེད་ཀྱི་འགག་རྩའི་དུས་རིམ་ཞིག་ཡིན་པ་དང་། དུས་སྟོན་དང་རྟེན་འབྲེལ་བྱེད་སྒོ་མང་བ། མི་དང་དངོས་ཟོག འཕྲུལ་འཁོར་འཁོར་རྒྱུག་ཆེ་བ། མེ་དང་གློག སོལ་རླངས་སོགས་བེད་སྤྱོད་མང་བའི་དུས་ཚིགས་ཤིག་ཡིན། སྔར་ནས་བཟུང་སྐབས་དེའི་རིང་ལས་འཛོལ་ཐོན་སླ་བ་དང་ཐོན་མང་བའི་དུས་རིམ་ཞིག་ཡིན་པས་ཚང་མ་བདེ་འཇགས་དང་འཆམ་མཐུན། དགའ་འཛོམས་བཅས་ཀྱི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་དགའ་གཏོང་ཐུབ་ཕྱིར་ཁྱེད་རྣམས་ལ་བདེ་འཇགས་སྐོར་གྱི་ནང་དོན་ཁག་ཅིག་དྲན་སྐུལ་ཞུ་རྒྱུར།
གཅིག ཐོན་སྐྱེད་བདེ་འཇགས་སྐོར་ལ་དོ་ཁུར་བྱེད་དགོས།
གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་དེ་བཞིན་བོད་ཀྱི་ལོ་གསར་རིང་རྒྱུན་མཐུད་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་ཁེ་ལས་དང་ཚོང་དུད་ཀྱིས་ཐོན་སྐྱེད་བདེ་འཇགས་ཀྱི་དོ་དམ་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་ལས་གནས་ཐོག་ཡོད་པའི་ལས་མིར་ཐོན་སྐྱེད་བདེ་འཇགས་སློབ་གསོ་བཏང་ནས་བདེ་འཇགས་ལྷོད་གཡེང་མི་ཤོར་བ་བྱས་ཏེ་ལས་འཛོལ་མི་ཐོན་པའི་འགན་ལེན་བྱེད་དགོས། ལས་མཚམས་དང་ཐོན་སྐྱེད་བྱེད་མཚམས་བཞག་པའི་ཁེ་ལས་ཀྱིས་དུས་ཆེན་རིང་གི་ལས་རེས་དང་དུས་ཆེན་གོང་གི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ་ལས་མཚམས་དང་ཐོན་སྐྱེད་བྱེད་མཚམས་འཇོག་རིང་བདེ་འཇགས་ཀྱི་ལས་འཛོལ་མི་ཐོན་པ་འགན་ལེན་བྱེད་དགོས། རྒྱ་ཆེའི་ལས་གཉེར་མི་སྣས་ལས་ཀ་བྱེད་རིང་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་བློ་ལ་བརྟན་པོར་ངེས་ནས་སྒྲིག་འགལ་གྱི་བཀོད་སྒྲིག་དང་སྒྲིག་འགལ་གྱི་བཀོལ་སྤྱོད། སྒྲིག་འགལ་གྱི་ངལ་རྩོལ་སྒྲིག་ཁྲིམས་སོགས་“སྒྲིག་འགལ་གསུམ་”གྱི་གནས་ཚུལ་མི་ཐོན་པ་བྱེད་དགོས།
གཉིས། མེ་ཟོན་བདེ་འཇགས་སྐོར་ལ་དོ་ཁུར་བྱེད་དགོས།
གློག་ཆས་དང་སྐུད་ལམ་རྙིང་པ་དུས་བཀག་ལྟར་ཞིབ་བཤེར་དང་བརྗེ་སྒྱུར་བྱེད་དགོས་པ། ལས་མཚམས་བཞག་པ་དང་ལས་ཐོག་ནས་ཁ་མ་བྲལ་གོང་གློག། སོལ་རླུང་། མེ་སོགས་ཁ་བཀག་མིན་ལ་ཞིབ་བཤེར་བྱེད་དགོས། མེ་ཐབ་ཀྱི་འགྲམ་དུ་ཤོག་བུ་དང་གྱོན་ཆས་སོགས་འབར་སླ་བའི་དངོས་པོ་འཇོག་མི་རུང་བ་དང་མེ་སྐྱོན་འབྱུང་བར་སྔོན་འགོག་བྱ་དགོས། ཉལ་སར་ཐ་མག་གང་བྱུང་དུ་མི་འཐེན་པ་དང་ཅིའུ་ཅིང་གང་བྱུང་དུ་མི་གཏོར་བ། འབར་སླ་བའི་དངོས་པོ་སོགས་གང་བྱུང་དུ་འཇོག་མི་རུང་། མེ་གསོད་བགྲོད་ལམ་དང་། ཁ་གྲམ་ཐོན་སྒོ། བདེ་འཇགས་ཐོན་སྒོ་བཅས་ཤར་སྐྱོད་ཐུབ་པ་བྱེད་དགོས། གློག་སྒུལ་སྦག་སྦག་ལ་གློག་གསོག་སྐབས་བདེ་འཇགས་ཀྱི་གནས་སུ་འཇོག་དགོས་པ་དང་ཁང་པའི་ནང་དང་བར་ཁྱམས། ཁ་གྲམ་བགྲོད་ལམ་དུ་འཇོག་མི་རུང་། གློག་གསོག་པའི་དུས་ཚོད་ཚོད་འཛིན་ནན་པོ་བྱས་ཏེ་ཐེག་ཚད་ལས་མི་བརྒལ་བར་གློག་སྤྱོད་པ་དང་རང་གར་གློག་སྐུད་གང་བྱུང་དུ་མཐུད་མི་ཆོག
གསུམ། དྲོད་ལེན་བདེ་འཇགས་ལ་དོ་སྣང་བྱེད་དགོས།
ཁྱིམ་སྤྱོད་རྡོ་སོལ་དང་གློག་ཐབ་བེད་སྤྱོད་བྱེད་སྐབས་ངེས་པར་དུ་སྒེའུ་ཁུང་ཕྱེ་ནས་རླུང་ཤར་བགྲོད་ཐུབ་རྒྱུར་དོ་སྣང་བྱེད་དགོས། མི་ཕྱིར་འགྲོ་སྐབས་མེ་བསད་པའམ་ཁ་བཀག་དགོས། ཉལ་བའི་སྐབས་སུ་ངེས་པར་དུ་རྡོ་སོལ་དང་ཐབ་ཀའི་སྒོ་རྒྱག་དགོས་པ་མ་ཟད་དབྱང་གཅིག་ཐཱན་འགྱུར་ཀྱི་དུག་ཕོག་པ་དང་མེ་སྐྱོན་འབྱུང་བར་དོགས་ཟོན་བྱེད་དགོས། གློག་ཆས་སྤྱད་དེ་དྲོད་ལེན་སྐབས་ངེས་པར་དུ་གློག་ལམ་གྱི་གློག་སྒོ་ལ་ཞིབ་བཤེར་བྱས་ནས་སྒྲིག་ཆས་རྒྱུན་གཏན་ཡོང་བའི་འགན་ལེན་བྱས་ཏེ་གློག་འཁྱུད་པའི་ལས་འཛོལ་ནན་འགོག་བྱེད་དགོས། ཁྱིམ་སྤྱོད་གློག་ཆས་འཚིག་པ་དང་དུ་བ་འཕྱུར་བ། མེ་འབར་བ་བཅས་མཐོང་མ་ཐག་ངེས་པར་དུ་འཕྲལ་མར་གློག་ཁུངས་གཅོད་དགོས་པ་དང་སྐམ་ཐལ་མེ་གསོད་ཡོ་བྱད་ཀྱིས་མེ་གསོད་དགོས། རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་ཀྱི་མི་ཚོགས་ལ་ལྟ་རྟོག་བྱས་ནས་ཁོང་ཚོར་དྲོད་སྲུང་གི་ཁོར་ཡུག་སྐྲུན་རྒྱུར་འགན་ལེན་བྱ་དགོས།
བཞི། སོལ་རླངས་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས།
དགུན་དུས་གཤེར་གྱུར་རླངས་པ་སྤྱོད་ཚད་མང་དུ་ཕྱིན་ནས་དུས་བཀག་ལྟར་སོལ་རླངས་ཐབ་ཆས་ཀྱི་སྟེམ་སྒོ་དང་གློག་སྐུད་ལ་ཞིབ་བཤེར་བྱས་ཏེ་འབར་རུང་རླུང་གཟུགས་ཕྱིར་ཤོར་རྒྱུ་སྔོན་འགོག་བྱེད་པ་དང་དྲི་མ་སྣོམ་སྐབས་དངངས་འཚབ་མི་བྱེད་པར་དུས་ཐོག་ཏུ་སྒོ་དང་སྒེའུ་ཁུང་ཕྱེ་དགོས། རླུང་ཁུངས་བེད་སྤྱོད་དང་དོ་དམ་ལས་ཀར་ཤུགས་སྣོན་རྒྱག་དགོས། གཤེར་གྱུར་སོལ་རླངས་བླུགས་དམ་ལ་དོ་དམ་བྱས་ནས་མེ་དང་ཚ་བའི་རིགས་དང་བར་ཐག་རིང་ཙམ་འཇོག་དགོས། སོལ་རླངས་བླུགས་སྣོད་ཟུར་འགྱེལ་ལམ་ཡང་ན་མགོ་རྟིང་སློག་ནས་བེད་སྤྱོད་བྱེད་མི་རུང་། སོལ་རླངས་ཆུ་ཚ་པོ་བཟོ་ཆས་དང་སོལ་རླངས་ཐབ་ཆས་བེད་སྤྱོད་བྱེད་པའི་སྐབས་མི་དང་ཁ་མི་འབྲལ་བ་བྱེད་དགོས། བེད་སྤྱོད་བྱས་ཚར་རྗེས་སོལ་རླངས་བླུགས་སྣོད་ཀྱི་ཁ་བཀག་དགོས། འབར་རླངས་སྤྱོད་པའི་བཟའ་བཏུང་ཚོང་གཉེར་ལས་རིགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཚན་པས་འབར་རུང་རླུང་གཟུགས་ཉེན་བརྡ་གཏོང་བའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད་སྒྲིག་ཆས་རྒྱུན་གཏན་བཞིན་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།
ལྔ། འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས།
ཕྱིར་མ་ཐོན་གོང་འགྲོ་ལམ་གྱི་གནས་ཚུལ་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་བྱས་ཏེ་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་དགོས་པ། མྱུར་ཚད་ལས་བརྒལ་མི་ཆོག འཁྱེར་ཚད་ལས་མི་བརྒལ་བ། ངལ་དུབ་ཀྱིས་མནར་བ། ཆང་རག་བཏུང་ནས་རླངས་འཁོར་མི་གཏོང་བ། རླངས་འཁོར་གཏོང་སྐབས་ལག་ཐོགས་ཁ་པར་མི་འཇུ་བ། འགྲོ་ལམ་ཐོག་གངས་འཁྱགས་རླུང་བུ་སོགས་ཀྱི་ཁྲོད་རླངས་འཁོར་གྱི་མྱུར་ཚད་དལ་ཙམ་བཏང་ནས་བདེ་འཇགས་ངང་རླངས་འཁོར་བསྐྱོད་པའི་བར་ཐག་ཚོད་འཛིན་བྱེད་དགོས། གང་བྱུང་དུ་རླངས་འཁོར་མདུན་མ་ལས་མི་བརྒལ་བ་དང་མྱུར་ཚད་དལ་དུ་གཏོང་དགོས། ལག་ཁྱེར་མེད་པར་སྦག་སྦག་གཏོང་མི་རུང་བ་དང་འཁོར་བྱང་མེད་པའི་སྦག་སྦག་མི་གཏོང་བ། སྦག་སྦག་དང་གློག་སྒུལ་སྦག་སྦག་བཏང་ནས་ཕྱིར་སྐྱོད་སྐབས་བདེ་འཇགས་ཀྱི་རྨོག་ཞྭ་གྱོན་དགོས། འགྲིམ་འགྲུལ་འཕྲུལ་ཆས་ལ་སྡོད་སྐབས་ཁྲིམས་འགལ་གྱིས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ལ་མི་སྡོད་པ། འབར་སླ་བ་དང་གས་སླ་བ། ཉེན་ཆེའི་དངོས་རྫས་བཅས་ཁྱེར་ནས་འཕྲུལ་འཁོར་ལ་སྡོད་མི་རུང་།
དྲུག སྤྱི་པའི་ཁོར་ཡུག་བདེ་འཇགས་ལ་དོ་ཁུར་བྱེད་དགོས།
བྱེད་སྒོ་སྣ་ཚོགས་ནང་ཞུགས་སྐབས་ངེས་པར་དུ་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ་དང་ལས་ཡུལ་དངོས་ཀྱི་ལས་དོན་མི་སྣའི་བཀོད་འདོམས་ལ་ཉན་པ་ལས་འཚང་ཁ་རྒྱབ་ནས་རྡོག་བརྫིས་མི་ཐེབས་པ་བྱེད་དགོས། མགྲོན་ཁང་། ཚོང་ར། བཟའ་བཏུང་། རོལ་རྩེད་སོགས་མི་ཚོགས་འདུ་འཛོམས་ཆེ་སར་ཁ་གྲམ་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཏེ་ཉེན་བརྡ་གཏོང་ཆས་དང་མེ་གསོད་སྒྲིག་ཆས་སོགས་བེད་སྤྱོད་ཡོད་པའི་འགན་སྲུང་བྱ་དགོས།
བདུན། ཤོག་སྦག་གི་བདེ་འཇགས་ལ་དོ་སྣང་བྱེད་དགོས།
ཁྲིམས་མཐུན་དམིགས་བཙུགས་སིལ་ཚོང་ཁང་དུ་ཤོག་སྦག་ཉོ་བར་འགྲོ་དགོས་པ་ལས་རྫུན་ལྷད་ཞན་གསུམ་གྱི་ཤོག་སྦག་མི་ཉོ་བ་དང་མི་སྤོར་བ། གོང་ཁེ་པོར་ཞེན་ཆགས་ནས་མེད་པ་གསུམ་གྱི་ཐོན་རྫས་གཏན་ནས་ཉོ་མི་རུང་། ཤོག་སྦག་སྤོར་སྐབས་གཟབ་གཟབ་བྱེད་དགོས་པ་དང་བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱས་ཏེ་སྤར་མི་ཆོག་པའི་ས་ཁོངས་དང་སྣུམ་སྣོན་ས་ཚིགས། གློག་སྒྱུར་ས་ཚིགས། མཐོ་གནོན་གློག་སྐུད། རྩྭ་ར་སོགས་ཀྱི་ཉེ་འགྲམ་དུ་མི་སྤོར་བ། བྱིས་པས་ཤོག་སྦག་སྤར་བར་ལྟ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ཤོག་སྦག་ལ་བལྟ་བའི་སྐབས་སུ་བར་ཐག་འཇོག་དགོས་པ་ལས་མི་ཕྱུགས་སོགས་ལ་རྨས་སྐྱོན་དང་དཔལ་འབྱོར་གྱོང་གུན་གྱི་གནས་ཚུལ་མི་ལྷག་པའི་སྔོན་འགོག་བྱེད་དགོས།
བརྒྱད། རྩྭ་ཐང་གི་མེ་གསོད་སྔོན་འགོག་ལ་དོ་སྣང་བྱེད་དགོས།
དགུན་དུས་སུ་གནམ་གཤིས་སྐམ་ཤས་ཆེ་བ་དང་རླུང་ཆེན་གྱི་གནམ་གཤིས་ཇེ་མང་དུ་སོང་ནས་མེ་སྐྱོན་ཉེན་ཁ་ཆ་བས། འདིར་རྒྱ་ཆེའི་མི་དམངས་མང་ཚོགས་ལ་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ཁུལ་དང་མཐའ་ཁུལ་དུ་གད་སྙིགས་མེར་བསྲེགས་པ། ཐ་མག་འཐེན་པ། བསང་གཏོང་བ། ཤོག་སྦག་སྤར་བ་སོགས་བྱེད་མི་རུང་བའི་དྲན་སྐུལ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ངེས་པར་དུ་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་ངོས་ཀྱི་མེ་ཟོན་བདེ་འཇགས་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་སྐྱོབ་ནུས་པ་ཆེ་རུ་བཏང་སྟེ་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས།
དགུ། རང་བྱུང་གནོད་འཚེའི་ཉེན་ཁར་དོ་ཁུར་བྱེད་དགོས།
དགུན་དུས་གནམ་གཤིས་གྲང་ངར་ཆེ་བ་དང་གངས་ཆར་འཁྱགས་རླུང་སོགས་ཀྱི་གནམ་གཤིས་ཡང་ཡང་ཐོན་གྱི་ཡོད་པས་ཁྱེད་རྣམས་ཀྱིས་དོགས་ཟོན་བྱ་རྒྱུར་དོ་སྣང་བྱས་ཏེ་གནམ་གཤིས་ལས་ཁུངས་ཀྱི་གནམ་གཤིས་སྔོན་བརྡའི་གནས་ཚུལ་ལ་དོ་སྣང་མང་ཙམ་བྱེད་པ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་བཀོད་ཀྱི་འཁྱགས་འགོག་བྱ་ཐབས་ལ་དོ་ཁུར་བྱེད་པ། ཉི་འོད་དྲོད་ཁང་། སྒོ་དང་སྒེའུ་ཁུང་སོགས་ཁང་པའི་སྒྲིག་ཆས་ལ་དོ་ཁུར་བྱས་ནས་ཐོན་སྲིད་པའི་ཞོར་ཐོན་གནོད་འཚེ་དུས་ཐོག་ཏུ་སྔོན་འགོག་བྱེད་དགོས། བདེ་འཇགས་དང་ཉེན་ཁ་སྔོན་འགོག་གི་ཤེས་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ནས་རང་སྐྱོབ་ཀྱི་ནུས་པ་མཐོ་རུ་གཏོང་དགོས། ཉེན་ཁའི་གནས་ཚུལ་དང་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་ནན་པོ་བྱས་ནས་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་དུས་ཐོག་ཏུ་གནས་སྤོ་བྱས་ཏེ་གྱོང་གུན་ཉུང་དུ་གཏོང་དགོས།
བདེ་འཇགས་ནི་ཚང་མར་བརྟེན་དགོས་པ། ང་ཚོས་ཐུན་མོང་ཐོག་ལག་གདང་སྦྲེལ་ནས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་སྟེ་“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་ཚང་མས་འཕྲལ་སྡོམ་བྱེད་པའི་”འདུ་ཤེས་ལག་ལེན་བསྟར་ནས་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་ལོ་རྙིང་པ་མཇུག་སྒྲིལ་མཚམས་དང་ལོ་གསར་པ་འཆར་ཉེའི་སྐབས་བདེ་འཇགས་ཐོན་སྐྱེད་ཀྱི་“འགན་འཁུར་བ་ཨང་དང་པོ་”ཡག་པོ་བྱས་ཏེ་རང་རྟོགས་ངང་ལས་འཛོལ་སྔོན་འགོག་ལ་ཤུགས་སྣོན་རྒྱག་པ་དང་མེ་སྐྱོན་སོགས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཧུར་ཐག་སེལ་ནས་སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་ཁོར་ཡུག་བཟང་པོ་ཞིག་ཐུན་མོང་ཐོག་གཏོད་དགོས།
དུས་མཚུངས་སུ་བདེ་འཇགས་ཐོན་སྐྱེད་ལས་ཀར་ཐུགས་ཁུར་དང་བསམ་ཤེས། རྒྱབ་སྐྱོར་བཅས་བྱེད་མཁན་གྱི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྒྱ་ཆེའི་མི་དམངས་མང་ཚོགས་སྐུ་གཟུགས་གསལ་ཐང་དང་ལས་དོན་ལེགས་སྒྲུབ། ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
ཁང་དམར་རྫོང་བདེ་འཇགས་ཐོན་སྐྱེད་
ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས།
2024ལོའི་ཟླ་12ཚེས་27ཉིན།
县委进一步改进作风狠抓落实工作举报方式
举报电话:
0892-8212740
举报邮箱:
kmxdcs@sina.com
举报信箱点位:
党政办公楼大门右侧、政府楼大门左侧
邮政信箱:
康马县党政办公楼作风办212办公室