ལྷ་རི་རྫོང་གིས་གྲོང་ཚོའི་རྗེས་གྲབས་ལས་བྱེད་པས་ཏང་གི་ཚོགས་ཆེན་...

政务   2025-02-01 11:35   西藏  

ལྷ་རི་རྫོང་གིས་གྲོང་ཚོའི་རྗེས་གྲབས་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་གསོ་སྦྱོང་གཉེར་བ།


ཉེ་ཆར་ལྷ་རི་རྫོང་གིས་གྲོང་ཚོའི་རྗེས་གྲབས་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གསོ་སྦྱོང་གཉེར་བ་དང་། ཤང་གྲོང་རྡལ་10ཡི་ཁྱོན་སློབ་མ་59ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།    


གསོ་སྦྱོང་སློབ་ཚན་ནང་ཁ་སྐད་ཤོད་པའི་ཐབས་རྩལ་དང་། ཚད་ལྡན་རྒྱ་ཡིག་འབྲི་སྟངས། བརྡ་སྤྲོད་དང་ཐ་སྙད་བཀོལ་སྤྱོད་སོགས་ཁག་མང་པོ་ཚུད་ཡོད་པས་གྲོང་ཚོའི་རྗེས་གྲབས་ལས་བྱེད་པས་སླད་ཕྱིན་གྲོང་ཚོའི་ལས་དོན་ཁག་དེ་བས་ལེགས་པའི་སྒོ་ནས་སྤེལ་རྒྱུར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད། གསོ་སྦྱོང་བྱེད་རིང་ད་དུང《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གསལ་འགྲེལ་》《མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ལྔ》《ཞི་ཅིན་ཕིང་ཀྱི་ཁྲིམས་སྐྱོང་བསམ་བློ》སོགས་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་བཀོད་སྒྲིག་བྱས་པ་མ་ཟད། བོད་སྨན་བདེ་སྲུང་ལུས་སྦྱོང་གི་ཉིན་རེའི་སློབ་མཚམས་ལུས་སྦྱོང་ནང་ཞུགས་ནས་སློབ་མའི་ཏང་གཤིས་བློ་སྦྱོང་ཆེ་རུ་གཏོང་བ་དང་ལུས་སེམས་བདེ་ཐང་ཆེ་རུ་གཏོང་རྒྱུར་ཕྱོགས་ཡོངས་ནས་ཁྲིད་སྟོན་བྱས་པ་རེད། 

记 者:拉巴索朗
编 辑(一审):索朗曲珍

责 编(二审):秦     瑶

审 核(三审):戴 青 霞


扫码关注


那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章