ད་ལྟའི་དུས་སུ་ས་རྒྱ་ཆེ་བའི་བྱང་ཐང་དུ་མི་རིགས་རིག་གནས་ཀྱི་སྟོན་མོ་ཆེན་པོ་ཞིག་བཤམས་པའི་དུས་ཚིགས་རེད། དེ་ཡང་༢༠༢༤ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང་ཤང་གྲོང་དར་རྒྱས། ནག་ཆུ་མདུན་སྐྱོད་བྱེད་སྒོ་སྐབས་གསུམ་པ་སྤེལ་རན་ཡོད། ད་ལྟ་ནག་ཆུའི་རྟ་རྒྱུག་ཐང་གི་གྲུ་ཟུར་གང་སར་རྟ་རྒྱུག་ལས་དོན་གྱི་གྲ་སྒྲིག་བྱེད་པའི་རྣམ་པས་ཁེངས་ནས་ཡོད།
རྟ་རྒྱུག་ཐང་དུ་སླེབས་སྐབས་ཐོག་མར་མིག་མདུན་དུ་མཐོང་བ་ནི་གར་སྟེགས་འཛུགས་སྐྲུན་གྱི་ལས་དོན་པ་རྣམས་ཀྱི་ལས་བྲེལ་ཆེ་བའི་གཟུགས་བརྙན་དག་རེད་འདུག གར་སྟེགས་འཛུགས་སྐྲུན་པ་སྐར་མས་ད་ལོ་ང་ཚོས་རྟ་རྒྱུག་ཐང་དུ་ཁྱད་ལྡན་ཐོན་རྫས་ཀྱི་ཁྲོམ་ལམ་དང་མི་རིགས་ལག་ཤེས་ཁྲོམ་ལམ། ཞིམ་ཟས་ཁྲོམ་ལམ། གསེར་རྙེད་ཆུས་ཀྱི་དེང་རབས་འགྲེམ་སྟོན་ཁང་། དབྱར་རྩྭ་དགུན་འབུ་འགྲེམ་ཚོང་ཁང་སོགས་བཟོས་ཡོད། ད་དུང་སི་ཁྲོན་ཙི་ཀོན་གློག་སྒྲོན་ནང་འདྲེན་བྱས་ཡོད། ང་ཚོས་ཤང་གྲོང་དར་རྒྱས། ནག་ཆུ་མདུན་སྐྱོད་ཀྱིས་བརྗོད་དོན་གཙོ་བོར་བྱས་པའི་གླུ་ཚོགས་ཀྱི་སྟེགས་བུ་གསར་པ་ཞིག་གྲ་སྒྲིག་བྱས་ཡོད་པས་ནག་ཆུའི་རྟ་རྒྱུག་སྔར་བས་འཁྲུག་ཆ་དོད་པོ་ཡོང་རྒྱུར་སེམས་ཤུགས་ཆེན་པོ་ཡོད་ཅེས་བཤད། རྟ་རྒྱུག་ཐང་དུ་ཚོང་པ་མང་ཆེ་བ་ཚོང་ཟོག་སྒྲིགས་ཚར་ཡོད་པ་དང་ཚོང་ཟོག་ལ་ནག་ཆུའི་ཁྱད་ལྡན་ཐོན་རྫས་དང་ལག་ཤེས་ཐོན་རྫས། ད་དུང་ནག་ཆུའི་ཞིམ་ཟས་སོགས་ཡོད་པས་གང་སར་དུས་ཆེན་གྱི་རྣམ་པས་ཁེངས་ཡོད།
ལས་གཏོད་ན་གཞོན་བྱམས་དབྱངས་ཀྱིས་དགའ་སྤྲོ་ཆེན་པོའི་ངང་ད་ཐེངས་འཆར་ཅན་རྟ་རྒྱུག་དུས་ཆེན་གཙོ་གཉེར་འགན་ཁུར་པས་ང་ཚོར་ཚོང་གཉེར་གྱི་གོ་སྐབས་བཟང་པོ་ཞིག་སྐྲུན་བྱུང་བས་ང་ཚོས་ཀྱང་འབད་བརྩོན་ཧུར་ཐག་བྱེད་རྒྱུ་དང་འབྲས་བཟང་ཐོབ་པའི་རེ་བ་ཡོད་ཅེས་བརྗོད།
རྟ་རྒྱུག་དུས་ཆེན་གྱི་རིག་གནས་རིག་རྩལ་གྱི་ལེ་ཚན་ཁག་གྲ་སྒྲིག་ཨང་གསར་བྱ་བཞིན་ཡོད་པ་དང་། རྫོང་ཁག་གི་ས་ཁོངས་ཁག་ཏུའང་གུར་ཕུབ་པ་དང་ཚོང་ཟོག་སྒྲིགས་པ་སོགས་ཀྱི་རྣམ་པས་ཁེངས་ནས་ཡོད།
རྟ་རྒྱུག་དུས་ཆེན་ནི་ནག་ཆུའི་མི་རིགས་རིག་གནས་གཅིག་སྡུས་འགྲེམས་སྟོན་བྱེད་པའི་དུས་ཆེན་ཙམ་མ་ཟད་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཐུབ་པའི་གོ་སྐབས་བཟང་པོ་ཞིག་ཀྱང་རེད། ང་ཚོས་ཁྱེད་དང་མཉམ་དུ་༢༠༢༤ལོའི་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་བསུ།
主 编:杜 林 春
副主编:戴 青 霞
责 编:索朗 杰布
翻 译:索朗曲珍
编 辑:索朗曲珍
扫码关注我们