关于公开征集全市“两打”生态环境问题线索的公告

政务   2024-10-13 15:00   西藏  

关于公开征集全市“两打”生态环境问题线索的公告


为深入学习贯彻习近平生态文明思想和习近平法治思想,持续开展生态环境领域群众身边不正之风和腐败问题集中整治工作,以“零容忍”态度依法严惩危险废物环境违法犯罪和污染源监测数据弄虚作假违法犯罪行为,特面向社会公开征集全市范围内“两打”生态环境问题线索,现将有关事项公告如下:


一、征集时间

本公告发布之日起至2024年12月31日,工作日10:00至12:30、15:30至18:30。


二、征集范围

在全市范围内征集打击危险废物环境违法犯罪和污染源监测数据弄虚作假违法犯罪(简称“两打”)专项行动。


1.危险废物环境违法犯罪行为包括非法排放、倾倒、利用、处置废矿物油与含矿物油废物、废包装容器、高浓度废液、废旧蓄电池、机动车和非道路移动机械尾气净化废催化剂等危险废物;在饮用水水源保护区、自然保护地核心保护区等依法确定的重点保护区域或国家确定的重要江河、湖泊水域以及通过暗管、渗井、渗坑、裂隙、溶洞、灌注等逃避监管的方式排放、倾倒、处置危险废物;向城镇污水管网排放、倾倒危险废物;废旧家电、废旧电子电器、报废汽车等拆解企业及涉及危险化学品相关企业产生的危险废物非法排放、倾倒、利用、处置等。


2.污染源监测数据弄虚作假违法犯罪行为包括重点排污单位、实行排污许可重点管理的单位篡改、伪造自动监测数据或者干扰自动监测设施、逃避监管等方式,排放污染物;损毁或者擅自移动、改变污染物排放自动监测设备或辅助设施等。


三、举报途径

1.拨打市民热线12345进行举报;

2.市生态环境保护综合行政执法队(市生态环境局监测楼3楼)进行信访或拨打举报电话0896—3829696。


四、线索要求

1.举报反映的问题发生在那曲市辖区范围内,情况须真实、客观,举报内容中应提供准确名称、详细地址及违法情况等。


2.欢迎广大群众如实反映、积极提供相关问题线索,我们将按照“一查到底,标本兼治”的原则,第一时间进行处置;同时将对举报人信息严格保密。


3.实名举报那曲市行政区域内发生的生态环境违法行为,经市生态环境局综合行政执法队查证属实并立案查处后,将按照《那曲市生态环境违法行为举报奖励实施细则》规定给予举报人奖励。


感谢您对那曲市生态环境保护工作的关心和支持!


那曲市生态环境局

2024年10月12日

གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་རྡུང་རྡེག་གཏོང་དགོས་པ་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་གྱི་ཁུངས་སྣེ་ཡོངས་བསྒྲགས་ཐོག་བསྡུ་བའི་སྐོར་གྱི་གསལ་བསྒྲགས།


ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། མང་ཚོགས་ཉེ་འཁོར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ལས་དོན་རྒྱུན་མཐུད་སྤེལ་ནས། ཉེན་ཆེའི་ཟོག་རོའི་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་དང་སྦགས་བཙོག་འབྱུང་ཁུངས་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་རྫུན་བཟོ་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཐར་པ་གཏན་ནས་མི་གཏོང་བར་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་ཡིན། དེར་བརྟེན་སྤྱི་ཚོགས་ལ་ཁ་ཕྱོགས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གི་རྡུང་རྡེག་གཏོང་དགོས་པ་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་གྱི་ཁུངས་སྣེ་ཡོངས་བསྒྲགས་ཐོག་བསྡུ་རུབ་བྱ་རྒྱུ་ཡིན་པས་ད་ལྟ་འབྲེལ་ཡོད་དོན་ཚན་གསལ་བསྒྲགས་བྱ་རྒྱུ་གཤམ་གསལ་ལྟར།


དང་པོ།  བསྡུ་རུབ་བྱེད་པའི་དུས་ཚོད།     

གསལ་བསྒྲགས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་༢༠༡༤ལོའི་ཟླ་༡༢ཚེས་༣༡ཉིན་བར་ཡིན། ལས་ཀའི་དུས་ཚོད་ཉིན་གྱི་ཆུ་ཚོད་༡༠:༠༠ནས་ཆུ་ཚོད་༡༢:༣༠བར་དང་།   ཆུ་ཚོད་ ༡༥:༣༠ནས་ཆུ་ཚོད་༡༨:༣༠བར་ཡིན།


གཉིས་པ།    བསྡུ་རུབ་ཁྱབ་ཁོངས།   

གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་ཉེན་ཆེའི་ཟོག་རོའི་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་དང་སྦགས་བཙོག་འབྱུང་ཁུངས་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་རྫུན་བཟོ་བྱེད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་(བསྡུས་མིང་ལ་རྡུང་རྡེག་གཏོང་དགོས་པ་གཉིས་ཞེས་བསྡུ་རྒྱུ་ཡིན)ཆེད་དོན་བྱ་སྤྱོད་ཀྱི་ཁུངས་སྣེ་བསྡུ་རུབ་བྱ་རྒྱུ་ཡིན།


༡ ཉེན་ཆེའི་ཟོག་རོའི་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ནང་། གཏེར་རྒྱུ་འདུས་པའི་སྣུམ་བེད་མེད་དང་གཏེར་རྒྱུ་འདུས་པའི་སྣུམ་གྱི་ཟོག་རོ།    ཐུམ་སྒྲིལ་གྱི་སྣོད་ཆས་ཟོག་རོ།    གར་ཚད་མཐོ་བའི་མཁོ་མེད་གཤེར་ཆུ།    གློག་གསོག་གམ་གློག་རྫས་རྙིང་པའི་ཟོག་རོ། འཕྲུལ་སྒུལ་འཁོར་ལོ་དང་གཞུང་ལམ་ཐོག་སྐྱོད་པའི་འཕྲུལ་འགུལ་མིན་པའི་འཕྲུལ་ཆས་ཀྱི་དུ་རླངས་གཙང་འགྱུར་འགྱུར་སྐུལ་རྫས་ཆ་སོགས་ཉེན་ཆེའི་ཟོག་རོ་ཁྲིམས་འགལ་གྱིས་ཕྱིར་འཕེན་པ་དང་།    གཤོ་བ།    བེད་སྤྱོད་པ།    ཐག་གཅོད་བྱེད་པ་བཅས་ཀྱི་རིགས་དང་། འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་ཁུལ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཙོ་གནད་སྲུང་སྐྱོབ་ཁུལ་སོགས་ཁྲིམས་ལྟར་གཏན་འཁེལ་བྱས་པའི་གཙོ་གནད་སྲུང་སྐྱོབ་ཁུལ་ནམ་ཡང་ན་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གཙང་པོ་དང་། མཚེའུ་ཡི་ཆུ་ཁོངས་གཙོ་བར་ལྐོག་ཏུ་ཆུ་སྦུག་དང་། ཁྲོན་པ། ས་དོང་།   གས་སྲུབས་།  ཆུས་དྲུས་བྲག་ཁུང་། ཆུ་འདྲེན་པ་སོགས་ཀྱི་ལྟ་སྐུལ་དོ་དམ་ལས་གཡོལ་ཐབས་བྱེད་པའི་ཉེན་ཆེའི་ཟོག་རོ་ཕྱིར་གློད་པ་དང་། གཤོ་བ།  གཙང་སེལ་བྱེད་པ་བཅས་ཀྱི་རིགས།    གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུའི་ཆུ་སྦུག་བརྒྱུད་ཉེན་ཆེའི་ཟོག་རོ་ཕྱིར་གློད་པ་དང་། གཤོ་བའི་རིགས།  བེད་མེད་ཁྱིམ་སྤྱོད་གློག་ཆས་རྙིང་པ་དང་།    བེད་མེད་གློག་རྡུལ་གློག་ཆས་རྙིང་པ། བེད་མེད་རླངས་འཁོར་སོགས་བཤིག་བསྡུ་བྱེད་པའི་ཁེ་ལས་དང་། དེ་བཞིན་ཉེན་ཆེའི་རྫས་འགྱུར་དངོས་རྫས་དང་འབྲེལ་བ་ཡོད་པའི་ཁེ་ལས་ལས་བྱུང་བའི་ཉེན་ཆེའི་ཟོག་རོ་ཁྲིམས་འགལ་ངང་ཕྱིར་འཕེན་པ་དང་།  གཤོ་བ། བེད་སྤྱོད། ཐག་གཅོད་བྱེད་པ་སོགས་ཀྱི་རིགས་ཚུད་ཡོད།  


༢ སྦགས་བཙོག་འབྱུང་ཁུངས་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་རྫུན་བཟོ་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ནང་སྦགས་བཙོག་འབུད་པའི་གཙོ་གནད་ཚན་པ་དང་། སྦགས་བཙོག་འབུད་པའི་ཆོག་འཐུས་གཙོ་གནད་དོ་དམ་ལག་བསྟར་བྱེད་མཁན་གྱི་ཚན་པས་རང་མོས་ངང་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་བཟོ་བཅོས་དང་རྫུན་བཟོ་བྱེད་པའམ་ཡང་ན་ལྟ་ཞིབ་ཚད་ལེན་གྱི་སྒྲིག་བཀོད་ལ་འགལ་རྐྱེན་བཟོ་བ།    ལྟ་སྐུལ་དོ་དམ་ལས་གཡོལ་ཐབས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྦགས་བཙོག་འབུད་པའི་རིགས་དང་།   སྦགས་བཙོག་དངོས་པོ་ཕྱིར་འབུད་བྱེད་པའི་རང་འགུལ་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སམ་ཡང་ན་རམ་འདེགས་སྒྲིག་ཆས་གཏོར་བརླག་བཏང་བའམ་ཡང་ན་རང་མཚམས་ཀྱིས་སྤོ་བ་དང་བསྒྱུར་བ་གཏོང་བའི་རིགས་སོགས་ཚུད་ཡོད།


གསུམ་པ།    ཐེར་འདོན་བྱ་ཐབས།     

༡ གྲོང་མིའི་ཐད་སྦྲེལ་ཁ་པར་༡༢༣༤༥ལ་ཁ་པར་བཏང་ནས་ཐེར་འདོན་བྱས་ཆོག

༢ གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག(གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ལྟ་ཞིབ་ཚད་ལེན་ཐོག་ཁང་གི་ཐོག་བརྩེགས་གསུམ་པ་)ལ་ཡིག་སྐུར་ངོ་གཏུག་བྱེད་པའམ་ཡང་ན་ཐེར་འདོན་ཁ་པར་༠༨༩༦-༣༨༢༩༦༩༦ལ་ཁ་པར་བཏང་ནས་ཐེར་འདོན་བྱས་ན་ཡང་ཆོག


བཞི་པ། ཁུངས་སྣེ་བསྡུ་བའི་རེ་བ།     

༡ ཐེར་འདོན་བྱས་པའི་གནད་དོན་དག་ནག་ཆུ་གྲོང་ཁྱེར་ཁྱབ་ཁོངས་སུ་ཡིན་དགོས་པ་དང་། གནས་ཚུལ་ངེས་པར་དུ་དོན་དངོས་དང་མཐུན་པ་དགོས།  ཐེར་འདོན་བྱས་པའི་ནང་དུ་ཡང་དག་པའི་མིང་དང་། གནས་ཡུལ་དང་ཁྲིམས་འགལ་གྱི་གནས་ཚུལ་སོགས་ཞིབ་ཕྲའི་ནང་དོན་མཁོ་འདོན་བྱེད་དགོས།    


༢ རྒྱ་ཆེའི་མང་ཚོགས་ཀྱིས་འབྲེལ་ཡོད་གནད་དོན་གྱི་ཁུངས་སྣེ་ཇི་མ་ཇི་བཞིན་ཐེར་འདོན་དང་མཁོ་འདོན་བྱེད་རྒྱུར་དགའ་བསུ་ཞུ་རྒྱུ་མ་ཟད། ང་ཚོས་ཞིབ་བཤེར་མཐར་ཕྱིན་བྱེད་པ་དང་།    རྩ་ལག་མཉམ་བཅོས་ཀྱི་རྩ་དོན་གཞིར་བཟུང་ལམ་སེང་ཐག་གཅོད་བྱ་རྒྱུ་ཡིན་ལ།   དུས་མཚུངས་སུ་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་གསང་སྲུང་ནན་པོ་བྱ་རྒྱུ་ཡིན།


༣ ནག་ཆུ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ནང་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་གནད་དོན་རང་མིང་ངོ་མ་བཀོད་ནས་ཐེར་འདོན་བྱས་པར་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་གནས་ཚུལ་ར་སྤྲོད་བྱེད་པ་དང་འབྲེལ་གྱོད་དོན་ཐོ་འགོད་བྱས་ཐོག་ཞིབ་བཤེར་ཐག་གཅོད་བྱས་རྗེས《ནག་ཆུ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུའི་ལག་བསྟར་ཞིབ་སྲོལ》གྱི་གཏན་འབེབས་གཞིར་བཟུང་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་ཡིན།     


ཁྱེད་རང་ནས་ནག་ཆུ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུའོ།     



ནག་ཆུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུད་ནས།

2024ལོའི་ཟླ་བ་10པའི་ཚེས་12ཉིན།

网信羌塘

 

主审:柳跟象

审编:旦珍

编辑:才白玛

来源:那曲融媒

网信羌塘
《极地羌塘 魅力那曲》那曲欢迎您网信羌塘帮助您了解更多互联网资讯
 最新文章