金蛇送瑞,万象更新!值此辞旧迎新、万家团圆的美好时刻,阿坝县委、县人大常委会、县人民政府、县政协向全县人民致以新春的祝福,向所有关心支持阿坝县发展的各界人士致以诚挚的问候,向坚守奋战在每条战线、每个岗位的各族干部群众致以衷心的感谢!祝大家新春快乐、蛇年大吉!
星光不负赶路人,江河眷顾奋辑者。回望2024年,我们携手跨过春夏秋冬、一道经历风雨彩虹,走过的每一步都不容易、奋斗的每一天都很精彩,既有赶路的艰辛,更有收获的喜悦。我们扛牢守土安民之责。全面推进党建引领“微网实格”基层治理,深入开展“联心同行”“爱心爸妈”,架起党群“连心桥”,干部群众越走越近、越走越亲。持续深化民族团结进步创建,依法规范管理宗教事务,扎实做好安全生产、防灾减灾、森林草原防灭火,乡村更加和谐和美,群众生活更加安心放心,长治久安的基础不断夯实筑牢。我们厚植追赶跨越之力。以托底性帮扶加快发展,阿坝青稞入选全国绿色食品原料标准化生产基地名录,成功创建五星青稞、三星牦牛两大省级现代农业园区,查理光伏、海派医药等产业项目纷纷落地,莲宝叶则景区接待游客创历史新高,旅游收入节节攀升,地区生产总值超33.8亿元,全县经济实现稳健增长,财政收入大幅提高,摆脱欠发达基础更牢、底气更足。我们践行为民利民之心。举全县之力抓教育、强医疗、促就业、提保障,财政支出优先用于保障民生,逐项提高困难群体基本生活补助标准,设立教育、就业、医疗3个“千万基金”,升级改造25所中小学校,建成急诊急救“五大中心”,城乡居民收入持续增长,脱贫成果不断巩固,和美乡村展现新貌,乡村振兴迸发新活力,群众幸福生活更加可感可及。
艰难方显勇毅,砥砺始得玉成。过去一年,我们获评全国县域节水型社会建设达标县、全省全域旅游示范区和全州旅游发展进步显著县、医疗卫生事业发展先进县、促进大中专毕业生就业创业先进县等殊荣。这些成绩的取得,根本在于习近平总书记的领航掌舵和党中央、省委、州委的坚强领导,关键在于全县各族干部群众的团结奋斗和社会各界的鼎力支持,是每个发光发热的“您”铸就了全县的欣欣向荣,每一个人都是主角、每一份付出都弥足珍贵、每一束光芒都熠熠生辉,这里向大家真心致敬、为大家点赞喝彩!大家辛苦了!
往昔已展千重锦,明朝更进百尺竿。2025年是“十四五”规划收官之年,是“十五五”谋篇布局之年,更是基本摆脱欠发达县域的突破之年。推动稳定发展并非坦途,前行道路上还有很多关隘要闯、难题要破。梦虽遥,追则能达;愿虽艰,持则可圆。我们要更加紧密地团结在以习近平同志为核心的党中央周围,全面贯彻落实党中央、省委决策部署,对标州委“1610”发展战略,以县委“1812”系统安排为牵引,统筹推进群众工作、依法治县和产业发展三件大事,同心同德、敢拼敢争、真干实干,在建设阿坝典范作出阿坝县贡献的新征程上干成一番大事业、干出一片新天地!
最后,衷心祝愿:
伟大祖国时和岁丰、繁荣昌盛、国泰民安!
阿坝未来蓬勃发展、蒸蒸日上、更加美好!
全县人民生活幸福、四季安康、扎西德勒!
中共阿坝县委 阿坝县人大常委会
阿坝县人民政府 阿坝县政协
2025年1月28日
རྔ་བ་རྫོང་གི་དམངས་ཡོངས་ལ་ཕུལ་བའི་ལོ་སར་སྨོན་ཚིག
ཤིང་མོ་སྤྲུལ་ལོ་དགའ་བས་བསུས་ཏེ། ལོ་རྙིང་པ་ལ་སྐྱེལ་མ་དང་ལོ་གསར་པ་ལ་བསུ་མ་བྱེད། ཁྱིམ་མི་ལྷན་འཛོམས་བྱས་ནས་དགའ་བདེའི་དཔལ་ལ་རོལ་བར་བྱེད། རྔ་བ་རྫོང་ཨུ་དང་རྫོང་དམངས་ཆེན་རྒྱུན་ཨུ། རྫོང་མི་དམངས་སྲིད་གཞུང་། རྫོང་མི་དམངས་སྲིད་གྲོས་བཅས་ཀྱིས་རྫོང་ཡོངས་ཀྱི་མི་དམངས་ལ་གནམ་ལོ་གསར་ཚེས་སུ་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིག རྔ་བ་རྫོང་གི་འཕེལ་རྒྱས་ལ་ཐུགས་ཁུར་གནང་བཞིན་པའི་རིམ་པ་ཁག་གི་མི་སྣ་ཡོངས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་བ་དང་། ལས་གནས་ཁག་གི་མདུན་སར་གནས་པའི་རིགས་སོ་སོའི་ལས་བྱེད་མང་ཚོགས་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ཚང་མ་ལ་གནམ་ལོ་གསར་ཚེས་སུ་བདེ་ཞིང་སྐྱིད་པ་དང་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ། །
2024ལོར་ཕྱིར་ལྟ་བྱས་ཚེ། ང་ཚོས་མཐུན་སྒྲིལ་ངང་དགའ་སྐྱོ་མཉམ་འདྲེས་ཀྱི་ལོ་གཅིག་གི་དབྱར་དགུན་སྟོན་དཔྱིད་བརྒལ་ཞིང་། བཞུད་ཟིན་པའི་ལམ་ཁ་དེ་ནི་ལས་སླ་མོ་ཞིག་མ་ཡིན་ཡང་། འབད་འཐབ་བྱས་པའི་ཉིན་མ་རེ་རེ་ལ་མཚར་སྡུག་ལྡན་ཡོད་དེ། དཀའ་སྡུག་གི་རྔུལ་ཆུ་ཡོད་ལ། གྲུབ་འབྲས་ཀྱི་སྤྲོ་བ་ཡང་ཡོད། འདས་པའི་ལོ་དེར། རྔ་བ་རྫོང་གིས་ཕྱོགས་ཡོངས་ནས་ཏང་འཛུགས་ལ་སྐུལ་འདེད་བྱས་ཤིང་། དྲ་མིག་དོ་དམ་པའི་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དེ། སེམས་སྦྲེལ་མཉམ་སྐྱོད་དང་ཕ་མའི་བྱམས་བརྩེ་ཞེས་པ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ཏང་དམངས་དབར་གྱི་འབྲེལ་ཟམ་བཙུགས་ཤིང་། ལས་བྱེད་མང་ཚོགས་དབར་ཀྱི་འབྲེལ་འདྲིས་བྱེད་ཚད་སྔར་བས་ཇེ་ཟབ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་འཛུགས་སྐྲུན་བྱེད་ཚད་ཇེ་ཆེར་བཏང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་ཚད་ལྡན་དོ་དམ་བྱས་ཤིང་། བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་ཟོན་བཅས་ཀྱི་ལས་དོན་ནན་སྒྲུབ་བྱས། ཡུལ་སྡེ་སྔར་བས་འཆམ་མཐུན་མཛེས་སྡུག་ལྡན་པར་གྱུར་ཞིང་། མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་ཞིང་སྐྱིད་པར་བཀོད་དེ། ཡུན་རིང་བརྟན་གནས་ཀྱི་རྨང་གཞི་རྒྱུན་མཐུད་ཇེ་བརྟན་དུ་བཏང་ཡོད། དམའ་འཇོག་རང་བཞིན་གྱི་རོགས་སྐྱོར་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གོམ་འགྲོས་ཇེ་མགྱོགས་སུ་བཏང་ཞིང་། རྔ་བ་རྫོང་གི་འབྲུ་ནས་རྒྱལ་ཡོངས་ལྗང་མདོག་ཟས་རིགས་ཀྱི་གདོད་མའི་རྒྱུ་ཆའི་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞིའི་མཚན་བྱང་དུ་བདམས་བཀོད་བྱུང་སྟེ། སྐར་ལྔའི་འབྲུ་ནས་དང་སྐར་གསུམ་ནོར་ནག་ཅེས་པའི་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་གླིང་འཛུགས་སྐྲུན་བྱས་ཡོད། མཚན་ཉིད་ཉི་ནུས་གློག་འདོན་ཤེལ་ལེབ་དང་ཧེ་ཕའེ་སྨན་བཅོས་སོགས་ཀྱི་ཐོན་ལས་རྣམ་གྲངས་ལག་བསྟར་བྱུང་བ་དང་། གཉན་པོ་གཡུ་རྩེའི་ལྗོངས་ཁུལ་གྱི་ཡུལ་སྐོར་བ་ལོ་རྒྱུས་ལས་ཆེས་མང་བར་ཕྱིན་པ་བཅས། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་བསྡོམས་འབོར་དམངས་སྒོར་དུང་ཕྱུར་33.8ལས་བརྒལ་ཞིང་། རྫོང་ཡོངས་ཀྱི་དཔལ་འབྱོར་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་རྒྱུ་མངོན་གྱུར་བྱུང་སྟེ། ནོར་སྲིད་ཡོང་འབབ་ལྡབ་འགྱུར་གྱིས་མཐོ་རུ་ཕྱིན་པ་དང་། འཕེལ་རྒྱས་འབྱུང་དཀོན་པའི་གནས་ཚུལ་ལས་གྲོལ་བར་རྨང་གཞི་བརྟན་པོ་བཏིང་ཡོད། དེ་དང་དུས་མཚུངས་སུ། ནུས་ཤུགས་ཡོད་རྒུས་སློབ་གསོ་དང་སྨན་བཅོས། ལས་ཞུགས། འགན་སྲུང་ལས་དོན་བཅས་དམ་འཛིན་བྱས་ཏེ། ནོར་སྲིད་འགྲོ་སོང་མང་ཆེ་བ་དམངས་འཚོའི་འགན་སྲུང་ཐོག་ཏུ་བཏང་ནས། རིམ་བཞིན་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་རྨང་གཞིའི་འཚོ་བའི་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་ཞིང་། སློབ་གསོ་དང་ལས་ཞུགས། སྨན་བཅོས་བཅས་ལ་ཁྲི་སྟོང་ཐེབས་རྩ་ཞེས་པ་བཙུགས་ཏེ། སློབ་གྲྭ་ཆུང་འབྲིང་25ལ་རིམ་འཕར་བསྒྱུར་བཀོད་བྱས་ཤིང་། འཕྲལ་བཅོས་མྱུར་སྐྱོབ་ཐད་དུ་ལྟེ་གནས་ཆེན་པོ་ལྔ་ཞེས་པ་འཛུགས་སྐྲུན་བྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་སྒོ་རྒྱུན་མཐུད་འཕེལ་རྒྱས་སུ་ཕྱིན་ཞིང་། དབུལ་གྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་། འཆམ་མཐུན་མཛེས་སྡུག་གི་ཡུལ་སྡེའི་རྣམ་པ་གསར་བ་མངོན་ཞིང་། གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་བ་བསྣན་ཏེ། མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་ཞིང་སྐྱིད་པར་གྱུར་ཡོད།
ན་ནིང་། ང་ཚོས་རྒྱལ་ཡོངས་རྫོང་ཁོངས་ཀྱི་ཆུ་གྲོན་རང་བཞིན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཚད་ལོན་རྫོང་དང་། ཞིང་ཆེན་ཡོངས་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་དང་ཁུལ་ཡོངས་ཡུལ་སྐོར་འཕེལ་རྒྱས་མངོན་གསལ་རྫོང་། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་འཕེལ་རྒྱས་སྔོན་ཐོན་རྫོང་། སློབ་གྲྭ་ཆེ་འབྲིང་གི་སློབ་ཐོན་སློབ་མའི་ལས་ཞུགས་དང་ལས་རིགས་གསར་གཏོད་ཀྱི་སྔོན་ཐོན་རྫོང་སོགས་ཀྱི་མཚན་སྙན་ཐོབ་ཡོད། གྲུབ་འབྲས་འདི་དག་ཐོབ་པའི་རྩ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་འགོ་ཁྲིད་དང་། ཏང་ཀྲུང་དབྱང་དང་ཞིང་ཨུད། ཁུལ་ཨུད་བཅས་ཀྱི་ཡང་དག་པའི་སྣེ་ཁྲིད་ལ་ཐུག་ཡོད་ཅིང་། རྫོང་ཡོངས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་དང་སྤྱི་ཚོགས་རིམ་པ་ཁག་གི་རྒྱབ་སྐྱོར་དང་འབྲེལ་བ་དམ་པོ་ཡོད་ལ། འབད་འཐབ་བྱས་ནས་མདུན་སྐྱོད་བྱེད་བཞིན་པའི་ང་ཚོ་ཚང་མས་མཉམ་དུ་རྫོང་ཡོངས་ཀྱི་ཡར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་བོ་དེ་བསྐྲུན་ཡོད་པས། ཚང་མས་དཀའ་ལས་མྱངས་སོང་། འདི་ནས་ཚང་མ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། །
2025ལོ་ནི། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་ལོ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་བཀོད་སྒྲིག་བྱེད་ལོ་ཡིན་པ་མ་ཟད། སྤྱིའི་ཆ་ནས་དར་རྒྱས་འབྱུང་དཀོན་པའི་རྫོང་གྲལ་ལས་གྲོལ་དགོས་པའི་ལོ་དེ་ཡང་ཡིན་ལ། བརྟན་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན་པར། མདུན་སྐྱོད་ཀྱི་ལམ་བུའི་ཁྲོད་ནས་ད་དུང་དཀའ་ངལ་མང་བོ་ཞིག་ལ་གདོང་གཏད་དགོས་པས། ང་ཚོས་སྔར་བས་ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལྟེ་བ་བྱས་པའི་ཏང་ཀྲུང་དབྱང་གི་ཉེ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་དང་ཞིང་ཨུད། ཁུལ་ཨུད་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱ་དགོས། ཁུལ་ཨུའི་“1610” འཕེལ་རྒྱས་འཐབ་ཇུས་ལ་གཞིགས་ནས། རྫོང་ཨུའི་“1812”མ་ལག་གི་བཀོད་སྒྲིག་ལྟར། མང་ཚོགས་ལས་དོན་དང་། ཁྲིམས་ལྟར་རྫོང་སྐྱོང་བ་དང་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ལས་དོན་ཆེན་པོ་གསུམ་གཅིག་གྱུར་འཆར་འགོད་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་འབད་པ་ལྷུར་ལེན་བྱས་ཏེ། རྔ་བའི་མིག་དཔེ་སྟོན་རྒྱུར་རྔ་བ་རྫོང་གིས་ཕུལ་བའི་བགྲོད་ལམ་གསར་བའི་ཐོག་གི་གྲུབ་འབྲས་ལེན་པར་བྱ་དགོས།།
མཇུག་མཐར། གནམ་ལོ་གསར་བའི་ནང་དུ་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་ཤིང་། དམངས་རྣམས་བདེ་ཞིང་སྐྱིད་པ་དང་། རྔ་བའི་མ་འོངས་པ་ཡར་ངོས་ཟླ་ལྟར་ཡར་རྒྱས་གོང་འཕེལ་དང་། རྫོང་ཡོངས་མི་དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པའི་བཀྲ་ཤིས་སྨོན་འདུན་ཞུ། །
ཀྲུང་གུང་རྔ་བ་རྫོང་ཨུད།
རྔ་བ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས།
རྔ་བ་རྫོང་མི་དམངས་སྲིད་གཞུང་། རྔ་བ་རྫོང་སྲིད་གྲོས།
2025ལོའི་ཟླ་1པོའི་ཚེས་28ཉིན།
主管:中共阿坝县委宣传部
主办:阿坝县融媒体中心
总编:尕让泽登
监制:查晓红 杜晓鹏
责编:赵小雪
编辑:卓嘎吉
翻译:贡确泽郎 卓嘎吉
新闻热线:0837-2482275
长按识别二维码关注我们
投稿邮箱:1974037592@qq.com