འདི་ནས་རང་སར་མི་བཞག མི་སར་རང་སྡོད་པའི་གནས་ལུཊ་རྟོཊ་ངེས།

民生   2024-11-21 10:28   西藏  


    1. རྣམ་ཀུན་འཚོ་བའི་ཁྲོད་རང་སར་མི་བཞག་པ་དང་། མི་སར་རང་བསྡད་ནས་བསམ་བློ་བཏང་ན། གཞི་ནས་རང་ལ་དབང་བའི་ནོར་བུའི་ནོར་ཉམས་ཆོད་སྲིད། 
    དཔྱིད་ཉི་རིང་པོ་གྲང་གསུམ་དྲོ་གསུམ། མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ་ཡིན་པས། མི་ཚེའི་ཤུལ་ལམ་དུ་བདེ་བ་ཡོད་ལ་སྡུག་བསྔལ་ཡང་ཡོད་ཅིང་། གལ་ཏེ་ཉིད་ལ་དཀའ་ངལ་འཕྲད་དུས། ངལ་བ་ངལ་བར་མི་མངོན་པ་དང་དཀའ་མོ་དཀའ་མོར་མི་མཐོང་ཚེ། ཁྱེད་ལ་སྐྱོར་རོགས་དང་དཔུང་རོགས་བྱེད་མཁན་ཞིག་ཡོད་པ་སྨོས་མེད་རེད། དེས་ན། རྣམ་ཀུན་འཚོ་བའི་ཁྲོད་རང་སར་མི་བཞག་པ་དང་། མི་སར་རང་བསྡད་ནས་བསམ་བློ་གཏོང་དགོས། དེ་ལྟར་བྱས་ན། ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་མི་ལ་ཤོར་དུས་སྙིང་རླུང་སྟོད་ལ་འཚང་བའི་ཕངས་སེམས་དང་། བློ་འགྱོད། སྐྱོ་སྡུག་སོགས་ཡོང་མི་སྲིད།  


    2.རྣམ་ཀུན་འཚོ་བའི་ཁྲོད་རང་སར་མི་བཞག་པ་དང་། མི་སར་རང་བསྡད་ནས་བསམ་བློ་བཏང་ན། གཞི་ནས་བཀའ་དྲིན་སྙིང་དབུས་ནས་ཚོར་སྲིད།
    མི་ཞིག་གིས་རང་གི་གྲོགས་པོ་ལོང་བ་ཞིག་ཡོད་པ་ཁྱིམ་དུ་ཁ་ལག་ཟ་བར་བོས། ཁ་ལག་ཟས་ཚར་དུས་ས་རྦད་དེ་རུབ། ལོང་བ་དེས“ད་ཕྱི་པོ་ཆགས་འདུག ང་ལོག་འགྲོ་གི་ཡིན”ཞེས་བཤད་པས། མིག་ཐང་མ་དེས་དེ་མུར་བཞུ་མར་ཞིག་སྤར་ནས་ལོང་བ་ལ་སྤྲད། དེས་ན། ལོང་བས་ཁོང་ཁྲོ་ཆེན་པོས“རང་གིས་ངས་མཐོང་གི་མེད་པ་ཤེས་ནའང་། ད་དུང་བཞུ་མར་སྐུར་བ་དེ་འཕྱ་དམོད་བྱས་པ་མ་རེད་དམ”ཞེས་བཤད། 
    “ངས་བཞུ་མར་གྱིས་རང་ལ་ཕན་ན་བསམས་ནས་སྐུར་བ་ཡིན། རེད། རང་གིས་མཐོང་གི་མེད། ཡིན་ནའང་། ནག་ཁུང་ནང་རང་གིས་བཞུ་མར་ཁྱེར་ན། གཞན་གྱིས་མཐོང་ནས་རང་དང་རྡུང་ཁ་ཤོར་མི་སྲིད”ཅེས་གྲོགས་པོས་བཤད། གཏམ་འདི་ཐོས་འཕྲལ། ལོང་བར་སེམས་འགུལ་ཚད་མེད་ཐེབས། 
    གོ་བ་ལེན་སྟངས་མི་འདྲ་བས་བསམ་ཚུལ་ཡང་མི་འདྲ་བ་ཡོང་གི་ཡོད། དེས་ན། ང་ཚོས་རང་སར་མི་བཞག མི་སར་རང་བསྡད་ནས་བསམ་བློ་བཏང་ན། གཞི་ནས་བཀའ་དྲིན་སྙིང་དབུས་ནས་ཚོར་སྲིད། 


    3.རྣམ་ཀུན་འཚོ་བའི་ཁྲོད་རང་སར་མི་བཞག་པ་དང་། མི་སར་རང་བསྡད་ནས་བསམ་བློ་བཏང་ན། གཞི་ནས་མི་གཞན་ལ་བསམ་ཤེས་དང་སེམས་ཁུར་བྱེད་ཤེས་སྲིད། 
    ཁྱེད་རང་མོ་ཊ་གཏོང་སྐབས། རྒྱ་ལམ་འགྲུལ་པར་སུན་སྣང་ཡོང་མོད། ཡིན་ནའང་། རྒྱ་ལམ་དུ་རྐང་ཐང་མར་སྐྱོད་སྐབས། ཡང་མོ་ཊར་སུན་སྣང་སྐྱེས་སྲིད། 
    ཁྱེད་རང་ལས་མི་ཡིན་དུས། སྦྱིན་བདག་གཏུམ་དྲག་ཆེན་པོ་དང་སེར་སྣ་ཚ་པོ་ཞིག་ཏུ་སྣང་མོད། འོན་ཀྱང་། སྦྱིན་བདག་ཆགས་སྐབས། རང་གི་ལས་མིར་འགན་འཁྲིའི་སེམས་པ་དང་ལས་ཀ་བྱེད་སེམས་མེད་པར་མཐོང་། 
    ཁྱེད་རང་སྐུ་མགྲོན་ཡིན་དུས། ཚོང་པའི་མིག་ནང་ཁེ་བཟང་ཟ་རྒྱུ་མ་གཏོགས་མེད་པ་ལྟར་སྣང་མོད། འོན་ཀྱང་། ཚོང་པར་གྱུར་སྐབས། སྐུ་མགྲོན་དག་སྐྱོན་འཚོལ་རྒྱུར་དགའ་བར་མཐོང་། 
    རྒྱ་ལམ་འགྲུལ་པས་བལྟས་ན། ཆོ་ལོ་ཉི་མ་དྲོ་བ། ཆོ་ལོ་རང་གིས་བལྟས་ན། བྲག་ལ་རླུང་བུ་སྡང་བས། ང་ཚོས་རང་སར་མི་བཞག མི་སར་རང་བསྡད་ནས་བསམ་བློ་བཏང་ན། གཞན་ལ་སེམས་ཁུར་བྱེད་དགོས་པ་ཤེས་ལ། བསམ་ཤེས་བྱེད་དགོས་པ་ཡང་རྟོགས་ཐུབ་བོ།   

BQTV

监   审:阿      旺

责   编:格桑扎拉

编   辑:次仁尼吉

来   源:西藏日报藏文媒体


邮箱:nqbqgdj@163.com

关注:新闻


巴青融媒
记录巴青发展的点点滴滴、传播大众生活的方方面面;及时准确的宣传党的方针政策和县委县政府的决策部署,聚焦社会热点,反应百姓心声,弘扬主旋律,传递正能量;充分发挥舆论监督作用,搭建政府与百姓沟通的纽带和桥梁打造百姓生活的精神食粮。
 最新文章