公告|| 申扎县司法局关于开通涉企行政复议“绿色通道”的公告

民生   2024-10-23 10:08   西藏  


申扎县司法局

关于向社会开通涉企行政复议“绿色通道”的公告



为全面贯彻落实党的二十大、二十届三中全会精神,深入践行习近平法治思想,正确有效实施新修订行政复议法,以各类经营主体需求为导向,优化法治化营商环境和畅通行政复议渠道,充分发挥司法行政机关在依法服务和保障促进各类经营主体高质量发展中的职能作用,按照区司法厅、市司法局部署要求,申扎县司法局结合工作实际,决定开通涉企行政复议绿色通道,现予以公告。

一、绿色通道服务对象

个体工商户、企业等各类市场主体。

二、绿色通道服务原则
为企业申请行政复议提供便利,建立涉企行政争议容缺受理”机制,坚持优先受理、优先审理、优先调解、优先送达”的原则,及时受理、审理、调解、执行涉企市场主体的行政复议申请,让企业申请行政复议少跑腿、快受理。
三、绿色通道服务机制
(一)行政复议咨询
 个体工商户、企业等各类市场主体可通过以下方式免费进行行政复议咨询:
 1.热线电话:拨打申扎县行政复议电话。0896-3682377;
 2.绿色窗口:申扎县公共法律服务中心行政复议窗口现场咨询;
 3.各乡镇服务点:全县各乡镇司法所设立行政复议咨询服务点咨询;
(二)行政复议申请
 1.当面申请
前往申扎县司法局一楼公共法律服务大厅行政复议窗口,当面提交行政复议申请材料或口头申请行政复议,行政复议机构工作人员会根据实际情况,当场记录申请人基本情况、行政复议请求、申请行政复议的主要事实、理由和时间,并向申请人宣读核对和签字确认。
2.邮寄申请
收件人:行政复议与应诉办公室
地    址:西藏那曲市申扎县司法局(申扎县申扎镇左窝库)
    话:0896-3682377
邮    编:853100
3.线上申请
电子邮箱:15889069703@163.com
(注:申请人以电子邮件形式提起行政复议的,在通过电子邮件申请后,还需要向复议机构提供申请材料原件)。
(三)实行当日受理、容缺受理
个体工商户、企业等各类市场主体申请行政复议实行当日受理,申请材料缺少申请人身份证明材料、证据材料等,但不影响审查是否受理的,实行容缺受理,并一次性告知申请人后续应补充的申请材料,实行优先受理、快审快结,同时运用听证、面对面调解等方式,搭建双方沟通交流协商平台,推进行政争议实质性化解,减少企业行政复议成本,促进高质量发展。
(四)注意事项
申请行政复议应当留有联系方式,保持通讯畅通,以便高效办理。
特此公告。

                                                                            申扎县司法局

2024年10月23日

ཤན་རྩ་རྫོང་ཁྲིམས་འཛིན་ཅུས་ནས་ཁེ་ལས་དང་འབྲེལ་ཡོད་ཀྱི་སྲིད་འཛིན་བསྐྱར་གྲོས་“ཤར་གཏོང་བགྲོད་ལམ་”གཏོད་རྒྱུའི་སྐོར་གྱི་སྤྱི་བསྒྲགས།


ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པ། གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཡང་དག་དང་ནུས་ལྡན་ངང་ལག་བསྟར་བྱེད་པ། རིགས་ཁག་གི་གཉེར་སྐྱོང་གཙོ་གཟུགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱེད་པ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་སྲིད་འཛིན་བསྐྱར་གྲོས་ཀྱི་ཐབས་ལམ་ཤར་གཏོང་བྱེད་པ། རིགས་ཁག་གི་གཉེར་སྐྱོང་གཙོ་གཟུགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁྲིམས་ལྟར་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པ་བཅས་ཀྱི་ཁྲོད་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བཅས་བྱ་ཆེད། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དང་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཤན་རྩ་རྫོང་ཁྲིམས་འཛིན་ཅུས་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བསྐྱར་གྲོས་ཀྱི་ཤར་གཏོང་བགྲོད་ལམ་གཏོད་རྒྱུའི་གཏན་འབེབས་བྱས་ནས་ད་ལྟ་སྤྱི་བསྒྲགས་བྱ་རྒྱུ་ཡིན།

དང་པོ།   ཤར་གཏོང་བགྲོད་ལམ་ཞབས་ཞུ་བྱ་ཡུལ།

སྒེར་གཉེར་བཟོ་ཚོང་དུད་ཁྱིམ། ཁེ་ལས་སོགས་ཚོང་རའི་གྲུབ་ཆ་གཙོ་བོ་སྣ་ཚོགས།

གཉིས་པ།  ཤར་གཏོང་བགྲོད་ལམ་གྱི་ཞབས་ཞུའི་རྩ་དོན།

ཁེ་ལས་ཀྱིས་སྲིད་འཛིན་བསྐྱར་གྲོས་ཡོང་རེ་ཞུ་བར་སྟབས་བདེ་བསྐྲུན་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་རྩོད་གཞིའི་“ཆད་རུང་བདག་སྤྲོད་”ཀྱི་ལམ་སྲོལ་བཙུགས་ཏེ་“སྔོན་ལ་བདག་སྤྲོད་དང་།  སྔོན་ལ་འདྲི་གཅོད།  སྔོན་ལ་འདུམ་འགྲིག   སྔོན་ལ་སྐྱེལ་སྤྲོད་”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲོམ་རའི་བྱེད་པོས་སྲིད་འཛིན་བསྐྱར་གྲོས་ཡོང་རེ་ཞུས་པ་དུས་ཐོག་ཏུ་བདག་སྤྲོད་དང་འདྲི་གཅོད།  འདུམ་འགྲིག ལག་བསྟར་བཅས་བྱས་ནས་ཁེ་ལས་ཀྱིས་སྲིད་འཛིན་བསྐྱར་གྲོས་ཡོང་རེ་ཞུ་སྐབས་སྟབས་བདེ་དང་མགྱོགས་མྱུར་བདག་སྤྲོད་བྱེད་དུ་འཇུག་རྒྱུ་ཡིན

གསུམ་པ།  ཤར་གཏོང་བགྲོད་ལམ་གྱི་ཞབས་ཞུ་སྒྲུབ་ཐབས།

གཅིག་སྲིད་འཛིན་བསྐྱར་གྲོས་ཀྱི་བློ་འདྲི།

སྒེར་གཉེར་བཟོ་ཚོང་དུད་ཁྱིམ་དང་ཁེ་ལས་སོགས་ཚོང་རའི་གྲུབ་ཆ་ཁག་གིས་གཤམ་གྱི་རྣམ་པ་བརྒྱུད་ནས་རིན་པ་མི་དགོས་པར་སྲིད་འཛིན་བསྐྱར་གྲོས་ཀྱི་བློ་འདྲི་བྱེད་ཆོག 

1.ཐད་སྦྲེལ་ཁ་པར། ཤན་རྩ་རྫོང་གི་སྲིད་འཛིན་བསྐྱར་གྲོས་ཁ་པར་རྒྱག་པ། 0896-3682377

2.ཤར་གཏོང་སྐར་ཁུང་།  ཤན་རྩ་རྫོང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱི་སྲིད་འཛིན་བསྐྱར་གྲོས་བྱེད་པའི་སྐར་ཁུང་དུ་ས་གནས་ས་ཐོག་ཏུ་བློ་འདྲི་བྱེད་རྒྱུ།

3.ཤང་དང་གྲོང་རྡལ་སོ་སོའི་ཞབས་ཞུའི་ས་གནས།  རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་སོ་སོའི་ཁྲིམས་འཛིན་སོའོ་ཡིས་སྲིད་འཛིན་བསྐྱར་གྲོས་ཀྱི་འདྲི་རྩད་ཞབས་ཞུ་བྱེད་གནས་བཙུགས་ཏེ་འདྲི་རྩད་བྱེད་པ།

གཉིས་སྲིད་འཛིན་བསྐྱར་གྲོས་ཡོང་རེ་ཞུ་བ།

1.ངོ་ཐུག་ནས་རེ་ཞུ་བྱེད་པ།

ཤན་རྩ་རྫོང་ཁྲིམས་འཛིན་ཅུས་ཀྱི་གཅིག་ཐོག་གི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཚོམས་ཆེན་གྱི་སྲིད་འཛིན་བསྐྱར་གྲོས་ཀྱི་སྐར་ཁུང་དུ་བསྐྱོད་དེ་སྲིད་འཛིན་བསྐྱར་གྲོས་རེ་ཞུའི་དཔྱད་ཡིག་ཐད་ཀར་འབུལ་བའམ་ཡང་ན་ངག་ཐོག་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་ཞུ་བྱེད་སྐབས། སྲིད་འཛིན་བསྐྱར་གྲོས་སྒྲིག་གཞིའི་ལས་དོན་མི་སྣས་དོན་དངོས་གནས་ཚུལ་དང་། སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན།  སྲིད་འཛིན་བསྐྱར་གྲོས་ཀྱི་རེ་ཞུ་བྱེད་པའི་དོན་དངོས་གཙོ་བོ་དང་།  རྒྱུ་མཚན། དུས་ཚོད་བཅས་ཐོ་འགོད་བྱེད་པ་དང་འབྲེལ་རེ་ཞུ་བར་ཞིབ་བསྡུར་དང་མིང་རྟགས་བཀོད་ནས་ཁས་ལེན་བྱ་རྒྱུ་སྒྲོག་སྦྱངས་བྱེད་ཀྱི་ཡོད།

2.སྦྲག་ཐོག་ནས་རེ་ཞུ་བྱེད་པ།

སྲིད་འཛིན་བསྐྱར་གྲོས་དང་ཞུ་ལན་འབུལ་སའི་གཞུང་ལས་ཁང་།

ས་གནས།  བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ཁྲིམས་འཛིན་ཅུས།  (ཤན་རྩ་རྫོང་ཤན་རྩ་གྲོང་རྡལ་མཛོ་བོའི་ཁུག་ལམ།

ཁ་པར། 0896-3682377

སྦྲག་ཨང་། 853100

3.དྲ་ཐོག་ནས་རེ་ཞུ་བྱེད་པ།

གློག་རྡུལ་ཡིག་སྒམ།   15889069703@163.com

མཆན།  རེ་ཞུ་བྱེད་མཁན་གྱིས་གློག་རྡུལ་སྦྲག་ཡིག་གི་རྣམ་པའི་ཐོག་ནས་སྲིད་འཛིན་བསྐྱར་གྲོས་ཡོང་རེ་ཞུ་བར་གློག་རྡུལ་སྦྲག་ཡིག་བརྒྱུད་རེ་ཞུ་བྱས་རྗེས་བསྐྱར་གྲོས་ལས་ཁུངས་ལ་རེ་ཞུའི་མ་ཡིག་མཁོ་འདོན་བྱེད་དགོས།)

གསུམ་ཉིན་དེར་བདག་སྤྲོད་དང་ཆད་པར་བདག་སྤྲོད་བྱས་ཆོག

ཁེར་རྐྱང་བཟོ་ཚོང་དུད་ཚང་དང་ཁེ་ལས་སོགས་ཁྲོམ་རའི་བྱེད་པོས་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་ཞུ་བྱེད་པའི་ཉིན་དེ་རང་དུ་བདག་སྤྲོད་བྱེད་ཀྱི་ཡོད་པ་དང་རེ་ཞུའི་དཔྱད་གཞིའི་ཡིག་རིགས་ལ་རེ་ཞུ་བྱེད་མཁན་གྱི་ཐོབ་ཐང་ར་སྤྲོད་དཔྱད་གཞི་དང་དཔང་རྟགས་དཔྱད་གཞི་སོགས་དཀོན་པོ་ཡོད་མོད། འོན་ཀྱང་ཞིབ་བཤེར་བདག་སྤྲོད་བྱེད་མིན་ལ་ཤུགས་རྐྱེན་མི་ཐེབས་ཚེ་བདག་སྤྲོད་བྱེད་ཁག་པོ་ཡོད་པ་མ་ཟད།  རེ་ཞུ་བྱེད་མཁན་ལ་རྗེས་མཐུད་དུ་ཁ་གསབ་བྱེད་དགོས་པའི་རེ་ཞུའི་དཔྱད་གཞིའི་ཡིག་རིགས་ཐེངས་གཅིག་ལ་ཤོད་དགོས་པ་དང་།  སྔོན་ལ་བདག་སྤྲོད་དང་མགྱོགས་མྱུར་ཞིབ་བཤེར་དང་མགྱོགས་མྱུར་ཐག་གཅོད་བྱེད་པ་དང་དུས་མཚུངས་དཔང་ཉན་དང་ངོ་ཐུག་གདོང་འཕྲད་ཀྱིས་འདུམ་འགྲིག་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་ཕྱོགས་གཉིས་པོའི་འབྲེལ་གཏུག་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་ནས་སྲིད་འཛིན་རྩོད་གཞི་ངོ་བོའི་རང་བཞིན་གྱི་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཁེ་ལས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི་མ་གནས་ཆུང་དུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

 (བཞི་) དོ་སྣང་བྱ་ཡུལ།

 སྲིད་འཛིན་བསྐྱར་གྲོས་ཡོང་རེ་ཞུ་བར་འབྲེལ་གཏུག་བྱེད་སྟངས་ཡོད་དགོས་པ་དང་། འཕྲིན་གཏོང་ཤར་བགྲོད་རྒྱུན་འཁྱོངས་བྱས་ནས་ལས་ཆོད་ཆེན་པོས་བསྒྲུབ་པར་སྟབས་བདེ་ཡོང་བ་བྱ་དགོས།

དམིགས་སུ་སྤྱི་བསྒྲགས་འདི་སྤེལ།


              ཤན་རྩ་རྫོང་ཁྲིམས་འཛིན་ཅུས།

     2024ལོའི་ཟླ་10ཚེས་23ཉིན།

                                          


终审:德吉

复审:欧坚

初审:赵中强

编辑:琼吾

申扎司法
科学立法 严格执法 公正司法 全民守法
 最新文章