ཟླ་11པའི་ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་འགྱུར་ཁུག་དང་བསྟུན་ནས་སྐར་ལྔའི་དར་དམར་དེ་གསེར་རྟ་རྫོང་གསེར་རྟའི་ཐང་ཆེན་དུ་དལ་གྱིས་བསྒྲེངས།ཁུལ་འཛུགས་ནས་ལོ་འཁོར་74འཆར་ཉེར་ཡོད་པའི་སྐབས་སུ་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཆང་བ་དང་།“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་གཏོད”ཅེས་པའི་རྣམ་པ་བཟང་པོ་གཏོད་པའི་ཆེད་དུ་གསེར་རྟ་རྫོང་གིས་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི་ལུའོ་ལིན་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ་རེད། རྫོང་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའི་པུའུ་ཀྲང་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་སྒོར་གཙོ་སྐྱོང་གནང་བ་རེད།
རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་དཔའ་ཁོག།ལྔ་རིག་ནང་བསྟན་སློབ་གླིང་ཏང་ཨུའི་ཧྲུའུ་ཅིའམ་ཡོན་ཀྲང་བློ་བཟང་ནམ་མཁའ།བླ་རིང་དགོན་དོ་དམ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་རེན་བཀྲ་ཤིས་བཟང་པོ།དེ་བཞིན་རྫོང་གི་ལས་ཁུངས་ཆེན་མོ་བཞི་ཡི་འགོ་ཁྲིད་བཅས་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ་རེད།
སྔ་དྲོའི་ཆུ་ཚོད་9པར་རྒྱལ་དར་སྒྲེང་བའི་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད། རྫོང་ཡོངས་ཀྱི་ཚན་པ་ཁག་གི་ལས་བྱེད་འཐུས་མི་དང་།གསེར་ཁོག་གྲོང་རྡལ་གྱི་ལས་བྱེད་མང་ཚོགས།རྫོང་་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་འཐུས་མི་བཅས་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ་རེད། མཛད་སྒོར་ཞུགས་མཁན་ལས་བྱེད་མང་ཚོགས་ཚོས་སྙིང་སྟོབས་ཆེར་སྐྱེད་ཀྱིས་རུ་སྒྲིག དཔའ་ཉམས་གྲུང་འཁྱུག་གི་རྒྱལ་དར་སྲུང་སྐྱོང་རུ་ཁག་གིས་གོམ་པ་སྤོ་བཞིན་རྒྱལ་དར་སྒྲེང་སྟེགས་སུ་བསྐྱོད། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》དཀྲོལ་བ་དང་ཆབས་ཅིག་སྐར་ལྔའི་དར་དམར་དལ་བུར་བསྒྲེངས། མི་སྣ་ཡོངས་ཀྱིས་རྒྱལ་དར་ལ་ཕྱོགས་ནས་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གི་འཐུས་མིས་ལག་པ་བརྐྱངས་ནས་གུས་ལུགས་མཚོན་པར་བྱས་པ་དང་མི་སྣ་གཞན་དག་གུས་སྟབས་ཀྱིས་ལངས་ནས་གུས་ལུགས་མཚོན་པར་བྱས་པ་རེད། ཚང་མས་མགྲིན་གཅིག་ཏུ་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་ནས་རླབས་ཆེན་མེས་རྒྱལ་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས།
བརྗིད་ཉམས་ལྡན་པའི་རྒྱལ་དར་འོག་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་གྱི་འཐུས་མི་གསེར་རྟ་རྫོང་རྫོང་གྲོང་སློབ་ཆུང་གི་སློབ་གཙོ་ཀྲང་ཅིང་གིས་གཏམ་བཤད་གནང་ཞིང་།ཁོང་གིས་མི་རིགས་མཐུན་སྒྲིལ་ནི་རྒྱལ་ཁབ་དར་རྒྱས་བརྟན་ལྷིང་གི་རྨང་རྡོ་གལ་ཆེན་ཞིག་ཡིན་པ་དང་འབྱུང་འགྱུར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སའི་སློབ་གྲྭ་འདི་ཉིད་ཀྱིས་སློབ་མའི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་སྐྱེད་སྲིང་བྱེད་པའི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཡོད། སློབ་གསོ་དང་ཁྲིད་སྟོན་བྱས་པ་བརྒྱུད་སློབ་མ་ཚོས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་ཁྱད་པར་དུ་བརྩི་འཇོག་དང་སྣ་མང་ལ་བསྟུན་མཁས་བྱེད་པའི་ཁོང་ཚོའི་གཤིས་རྒྱུད་གསོ་སྐྱོང་བྱས་ནས་ཞི་མཐུན་སྤྱི་ཚོགས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཡོད།
ཉེ་བའི་ལོ་ཤས་རིང་གསེར་རྟ་རྫོང་གིས་ཤེས་ཅན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་།ལྷག་པར་དུ་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་གི་དགོངས་པ་གལ་ཆེན་མཐའ་འཁྱོངས་བྱེད་པ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། རྫོང་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་བར་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་འཆམ་མཐུན་མཉམ་གནས་དང་ཞི་མཐུན་འཕེལ་རྒྱས་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་ཐུན་མོང་ཐོག་བཏོད་ཡོད།
དེ་དང་ཆབས་ཅིག་རྫོང་ཡོངས་ཀྱི་སློབ་གྲྭ་དང་།ཡུལ་གྲོང་།དགོན་སྡེ་བཅས་ཀྱིས་ཀྱང་རང་སོ་སོའི་གནས་ཡུལ་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་མི་རིགས་མཐུན་སྒྲིལ་ལ་བཅངས་པའི་དད་སེམས་བརྟན་པོ་ཐུན་མོང་ཐོག་མཚོན་པར་བྱས་པ་རེད།
左右滑动查看更多
རྫོང་རིམ་པའི་སྡེ་ཚན་ཁག་དང་ཞིང་ཆེན་དང་ཁུལ་ཁོངས་གཏོགས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་ལས་གནས་ཐོག་གི་ལས་བྱེད་པ་དང་།གསེར་ཁོག་གྲོང་རྡལ་གྱི་ལས་བྱེད་མང་ཚོགས་ཀྱི་འཐུས་མི།རྫོང་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་འཐུས་མི།ས་གནས་ཁག་གི་ཡུལ་སྐོར་བ་བཅས་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་ཡོད་པ་རེད།
ལོ་ཙཱ་བ། བསྐལ་བཟངལྷ་མོ།
རྩོམ་སྒྲིག་པ། བསོད་ནམས་སྒྲོལ་མ།
ཞིབ་བཤེར་བ ། བསྐལ་བཟངལྷ་མོ།།
版权及免责声明
长按,识别二维码,加关注