ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ཆེད་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་འགན་ལེན་བྱ་ཆེད། ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་བཅས་རིམ་པ་བཞིའི་ནོར་སྲིད་ཀྱིས་བརྒྱུད་རིམ་ཧྲིལ་པོར་༼ རིན་མེད་བཞི་དང་ཁ་གསབ་གཅིག་ ༽ ཆེད་སྤྱོད་མ་དངུལ་ཆ་སྒྲིག་སྲིད་ཇུས་བཀོད་སྒྲིག་བྱས་ཏེ་ཐུམ་འབུའི་ནད་འགོག་བཅོས་བྱེད་པར་ལག་ལེན་གཏོང་ཡོད།
为了深化包虫病防治工作,确保农牧民群众的健康与福祉,中央、省、州、县四级财政全程配套“四免”“一补”政策专项资金,以支持包虫病防治惠民政策实施。
རིན་མེད་ B རིས། དྭངས་ཁྲག་རིག་པའི་ལེགས་འཚག
免费B超、血清学筛查
ཕྱོགས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་སུ་ཐུམ་འབུའི་ནད་ལ་ཞིབ་བཤེར་བྱེད་པའི་ཞབས་ཞུ་མཁོ་འདོན་བྱས་ནས་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་སྨན་བཅོས་ཐུབ་པའི་འགན་ལེན་བྱ་ཡོད།
为农牧民群众提供全面的包虫病筛查服务,确保及早发现、及早治疗。
རིན་མེད་ཀྱི་བརྒྱུད་རིམ་ཧྲིལ་པོར་སྨན་གྱིས་བཅོས་པ།
免费全程药物治疗
ནད་པའི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་གཏོང་ཆེད། ནད་པར་སྨན་རིན་མི་དགོས་པར་སྨན་བཅོས་བྱ་བ།
为确诊的包虫病患者提供免费的药物治疗,以减轻他们的经济负担。
རིན་མེད་ཀྱི་ལྡོག་ཕྱོགས་ཚུར་སྣང་ལན་ཆར་བཅོས་པ།
免费副反应处理
སྨན་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་ཞོར་འབྱུང་སྲིད་པའི་ལྡོག་ཕྱོགས་ཚུར་སྣང་ལ་དམིགས་ནས་ཆེད་ལས་ཀྱི་སྨན་བཅོས་རྒྱབ་སྐྱོར་དང་ཐག་གཅོད་བྱས་ཏེ་ནད་པའི་བདེ་འཇགས་དང་བདེ་ཐང་ལ་ཁག་ཐེག་བྱེད་པ།
针对药物治疗过程中可能出现的副反应,提供专业的医疗支持和处理,确保患者的安全与健康。
རིན་མེད་ཀྱི་འཚམས་འདྲི་དང་དོ་དམ་བྱ་བ།
免费随访管理
ནད་པར་དུས་བཀག་ལྟར་འཚམས་འདྲི་དང་དོ་དམ་བྱེད་པ། ནད་ཀྱི་གནས་ཚུལ་ལ་ཚད་ལེན་ལྟ་ཞིབ་དང་འགྱུར་ལྡོག་བྱུང་བར་དགོས་ངེས་ཀྱི་སྨན་བཅོས་བྱ་ཐབས་དང་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ།
患者进行定期的随访管理,监测病情变化,提供必要的医疗建议和支持。
གཤགས་བཅོས་རོགས་དངུལ་སྒོར་མོ་ཁྲི་༢ དང་སྟོང་༥ སྤྲོད་པ།
手术补助2.5万元
དམིགས་འཛུགས་སྨན་ཁང་དུ་གཤག་བཅོས་བྱས་པའི་ནད་པར་གཤགས་བཅོས་ཀྱི་འགྲོ་སོང་༼ གཤགས་བཅོས་ཀྱི་མཛུབ་སྟོན་སྒོར་༣༠༠ དང་འགྲིམ་འགྲུལ་གྲོན་དངུལ་སྒོར ༡༢༠༠ གཤགས་བཅོས་ཀྱི་རོགས་རམ་་སྒོར་མོ་ཁྲི ༢ དང་སྟོང་༢ དང་༥ བརྒྱ་ཐམ་པ། གཤགས་བཅོས་བྱས་རྗེས་སྨན་རིན་སྒོར ༡༠༠༠ ༽ ཁ་གསབ་བྱས་ནས་ཁོ་ཚོར་གཤགས་བཅོས་བདེ་བླག་དང་སླར་གསོ་ཆེད་དུ་རོགས་རམ་བྱེད་པ།
对在定点医院进行手术治疗的患者实施手术费用补助(手术指征甄别300元、交通费1200元、手术补助2.25万元、术后换药随访管理1000元),帮助他们顺利接受手术并恢复健康。
往/期/回/顾