点击蓝字·关注我们
关于进一步补充完善婚姻登记历史数据的通告
广大农牧民群众、干部职工:
结婚证是夫妻关系的重要法律证明,然而,由于各种原因,结婚证可能出现手工填写、身份信息不全、档案缺失等情况。为了保障大家的婚姻权益,全面推进婚姻登记档案电子化,不断完善婚姻登记信息,确保婚姻登记信息的准确性和完整性,更好地服务于社会发展,为广大人民群众提供便捷的服务,按照《关于进一步补充完善婚姻登记历史数据的通知》(藏民发〔2024〕62号)有关要求,现将结婚证补办相关事宜通告如下:
一、补办、补领结婚证申请条件
凡符合以下条件的农牧民群众和干部职工,均可申请补办、补领结婚证:
(一)符合事实婚姻的人员。1950年第一部《婚姻法》实施后办理过结婚登记,但无结婚证的人员或无婚姻登记档案记录的人员,或有结婚证但未录入婚姻登记管理信息系统人员及婚姻信息不全的婚姻关系存续人员。
(二)现役军人或转业(退役、复员)军人办理结婚时使用军官证、士官证登记的,按照法定程序可在本人户口所在地的婚姻登记处补办、补领结婚证。
(三)以夫妻名义共同生活未办理结婚登记,且至今均未与第三人结婚或以夫妻名义共同生活,符合事实婚姻的双方当事人持家庭户口本、身份证原件及3张2寸近期红底合影照等相关材料经工作人员审核后补办结婚登记证。
二、补办、补领结婚证所需证件
(一)持户口簿、身份证原件、结婚档案或原婚姻登记机关出具的婚姻登记证明或户籍所在地乡镇人民政府(街道办事处)出具的婚姻状况证明以及3张2寸红底合影照即可补领结婚登记证。
(二)办理过结婚登记,但结婚登记档案遗失或难以查证的,可以由原登记机关出具档案遗失证明,持户口簿、身份证原件、3张2寸红底合影照,即可补领结婚登记证。
(三)双方当事人身份证、户口簿与原结(离)婚证信息不一致的,由当事人户籍所在地辖区派出所开具同属一人的证明,并持户口簿、身份证原件、3张2寸红底合影照,即可补领结(离)婚登记证。
(四)办理婚姻登记时使用身份证件号码为15位的,持结婚证、户口簿、二代身份证等原件和3张2寸红底合影照即可补领结婚登记证。
(五)现役军人或转业(退役、复员)军人办理结婚时使用军官证、士官证登记的,持现有结婚证、身份证原件可到户籍所在地民政部门补领新的结婚证。
三、不予补领婚姻登记证的情况
(一)当事人办理过结婚登记,现婚姻状况因离婚或丧偶发生改变的,不予补发结婚证。
(二)当事人办理过离婚登记的,现婚姻状况因复婚发生改变的,不予补发离婚证。请符合申请条件的广大农牧民群众和干部职工,务必在2024年12月底前,按照上述要求准备好相关材料,到当雄县便民服务中心(婚姻登记窗口)办理补办、补领手续。婚姻登记关乎您的切身利益,请妥善保管结婚证,避免不必要的麻烦。特此通知
当雄县婚姻登记中心咨询电话:13298901290
当雄县民政和退役军人事务局
2024年12月9日
གཉེན་སྒྲིག་ཐོ་འགོད་ཀྱི་ལོ་རྒྱུས་གཞི་གྲངས་ཁ་གསབ་དང་སྔར་ལས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཁྱབ།
རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་ལས་བྱེད་ལས་བཟོ་ཚོ།
གཉེན་སྒྲིག་ལག་ཁྱེར་ནི་ཁྱོ་ཤུག་འབྲེལ་བའི་བཅའ་ཁྲིམས་ཀྱི་བདེན་དཔང་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་གཉེན་སྒྲིག་ལག་ཁྱེར་ལག་བྲིས་དང་། ཐོབ་ཐང་ཆ་འཕྲིན་ཆ་ཚང་མིན་པ། ཡིག་ཚགས་མི་འདང་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད། ཚང་མའི་གཉེན་སྒྲིག་ཁེ་དབང་ལ་འགན་སྲུང་དང་། གཉེན་སྒྲིག་ཐོ་འགོད་ཡིག་ཚགས་གློག་རྡུལ་ཅན་དུ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མུ་མཐུད་དེ་གཉེན་སྒྲིག་ཐོ་འགོད་ཆ་འཕྲིན་འཐུས་ཚང་དུ་གཏོང་བ། གཉེན་སྒྲིག་ཐོ་འགོད་ཆ་འཕྲིན་གྱི་ཡང་དག་རང་བཞིན་དང་ཆ་ཚང་རང་བཞིན་ལ་འགན་ལེན་བཅས་བྱས་ཐོག་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྟབས་བདེའི་ཞབས་ཞུ་བསྒྲུབ་ཆེད།《གཉེན་སྒྲིག་ཐོ་འགོད་ཀྱི་ལོ་རྒྱུས་གཞི་གྲངས་སྔར་བས་གསབ་སྣོན་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(བོད་དམངས་སྤེལ[2024]ཡིག་ཨང་62པའི)འབྲེལ་ཡོད་བླང་བྱ་གཞིར་བཟུང་ད་ལྟ་གཉེན་སྒྲིག་ལག་ཁྱེར་གྱི་འབྲེལ་ཡོད་དོན་ཚན་གསབ་སྒྲུབ་བྱེད་རྒྱུ་གཤམ་གསལ།
དང་པོ། གཉེན་སྒྲིག་ལག་ཁྱེར་གསབ་སྒྲུབ་དང་གསབ་ལེན་གྱི་རེ་འདུན་ཞུ་བའི་ཆ་རྐྱེན།
གཤམ་གསལ་གྱི་ཆ་རྐྱེན་དང་མཐུན་པའི་ཞིང་འབྲོག་མང་ཚོགས་དང་ལས་བྱེད་ལས་བཟོ་ཚང་མས་གཉེན་སྒྲིག་ལག་ཁྱེར་གསབ་སྒྲུབ་དང་ཁ་གསབ་ལེན་རྒྱུའི་རེ་འདུན་ཞུས་ཆོག
(གཅིག) གཉེན་སྒྲིག་དོན་དངོས་དང་མཐུན་པའི་མི་སྣ་དང་། 1950ལོར《གཉེན་སྒྲིག་བཅའ་ཁྲིམས་》ཁག་དང་པོ་ལག་བསྟར་བྱས་རྗེས་གཉེན་སྒྲིག་ཐོ་འགོད་བྱས་མྱོང་མོད། འོན་ཀྱང་གཉེན་སྒྲིག་ལག་ཁྱེར་མེད་པའི་མི་སྣའམ་གཉེན་སྒྲིག་ཐོ་འགོད་ཀྱི་ཡིག་ཚགས་མེད་པའི་མི་སྣ། ཡང་ན་གཉེན་སྒྲིག་ལག་ཁྱེར་ཡོད་ཀྱང་གཉེན་སྒྲིག་ཐོ་འགོད་ཀྱི་དོ་དམ་ཆ་འཕྲིན་མ་ལག་ནང་བཅུག་མེད་པ་དང་གཉེན་སྒྲིག་ཆ་འཕྲིན་ཆ་ཚང་མིན་པའི་གཉེན་སྒྲིག་འབྲེལ་བ་གནས་པའི་མི་སྣ།
(གཉིས)དངོས་ཞབས་དམག་མིའམ་ཡང་ན་ལས་བསྒྱུར(དམག་ཁོངས་ནས་ཕྱིར་ལོག་པ་དང་དམག་ལོག)དམག་མིས་གཉེན་སྒྲིག་བྱེད་སྐབས་དམག་དཔོན་གྱི་ལག་ཁྱེར་དང་ཧྲེ་ཀོན་དམག་མིའི་ལག་ཁྱེར་བེད་སྤྱད་དེ་ཐོ་འགོད་བྱས་ན། ཁྲིམས་བཀོད་ཀྱི་གོ་རིམ་ལྟར་རང་གི་ཁྱིམ་ཐོ་ཡོད་སའི་གཉེན་སྒྲིག་ཐོ་འགོད་གནས་སུ་གཉེན་སྒྲིག་ལག་ཁྱེར་གསབ་སྒྲུབ་དང་གསབ་ལེན་བྱས་ཆོག
(གསུམ) ཁྱོ་ཤུག་གི་མིང་ཐོག་ནས་མཉམ་དུ་འཚོ་བ་རོལ་ཞིང་གཉེན་སྒྲིག་ཐོ་འགོད་བྱས་མེད་ལ། ད་ལྟའི་བར་དུ་མི་གསུམ་པ་དང་གཉེན་སྒྲིག་བྱས་མེད་པའམ་ཡང་ན་ཁྱོ་ཤུག་གི་མིང་ཐོག་ནས་མཉམ་དུ་འཚོ་བ་རོལ་བཞིན་ཡོད་ན། དོན་དངོས་ལ་གཞིགས་ཏེ་དོ་བདག་ཕྱོགས་གཉིས་ཀྱིས་ཁྱིམ་ཚང་གི་ཐེམ་ཐོ་དང་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དེ་བཞིན་ཉེ་དུས་ཀྱི་རྒྱབ་རས་དམར་པོའི་ཕྱེད་པར་གསུམ་སོགས་འབྲེལ་ཡོད་དཔྱད་ཡིག་འཁྱེར་ནས་ལས་བྱེད་མི་སྣས་ཞིབ་དཔྱད་བྱས་རྗེས་གཉེན་སྒྲིག་ཐོ་འགོད་ལག་ཁྱེར་གསབ་གཉེར་བྱེད་ཆོག
གཉིས་པ། གཉེན་སྒྲིག་ལག་ཁྱེར་གསབ་སྒྲུབ་དང་གསབ་ལེན་བྱེད་པར་མཁོ་བའི་ལག་ཁྱེར།
(གཅིག)ཐེམ་ཐོའི་དེབ་དང་ཐོབ་ཐང་ལག་ཁྱེར་གྱི་མ་དེབ། གཉེན་སྒྲིག་གི་ཡིག་ཚགས། ཡང་ན་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་བཏོན་པའི་གཉེན་སྒྲིག་ཐོ་འགོད་དཔང་ཡིག་གམ་ཡང་ན་ཐེམ་ཐོ་ཡོད་སའི་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང(ཁྲོམ་ལམ་དོན་གཅོད་ཁང་)གིས་བཏོན་པའི་གཉེན་སྒྲིག་གནས་ཚུལ་དཔང་ཡིག་དང་། ཚུན་གཉིས་ཀྱི་འདྲ་པར་རྒྱབ་རས་དམར་པོ་ཅན་གསུམ་འཁྱེར་ནས་གཉེན་སྒྲིག་ཐོ་འགོད་ལག་ཁྱེར་གསབ་ལེན་བྱས་ཆོག
(གཉིས) གཉེན་སྒྲིག་ཐོ་འགོད་བྱས་མྱོང་མོད། འོན་ཀྱང་གཉེན་སྒྲིག་ཐོ་འགོད་ཀྱི་ཡིག་ཚགས་བོར་བརླག་བྱུང་བའམ་ཡང་ན་བདེན་དཔང་ར་སྤྲོད་བྱེད་དཀའ་ན། སྔར་གྱི་ཐོ་འགོད་ལས་ཁུངས་ཀྱིས་ཡིག་ཚགས་བོར་བརླག་བྱུང་བའི་བདེན་དཔང་སྟོན་དགོས་པ་དང་། ཐེམ་ཐོ་དང་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དང་། ཚུན་གཉིས་ཀྱི་འདྲ་པར་དམར་པོ་ཅན་གསུམ་འཁྱེར་ཡོང་ན་གཉེན་སྒྲིག་ཐོ་འགོད་ལག་ཁྱེར་གསབ་ལེན་བྱས་ཆོག
(གསུམ) དོ་བདག་ཕྱོགས་གཉིས་ཀྱི་ཐོབ་ཐང་ལག་ཁྱེར་དང་ཐེམ་ཐོ། གཉེན་སྒྲིག་(ཁ་བྲལ)ལག་ཁྱེར་གྱི་ཆ་འཕྲིན་དང་གཅིག་མཐུན་མིན་ཚེ། དོ་བདག་གི་ཐེམ་ཐོ་ཡོད་སའི་ས་ཁུལ་གྱི་མངག་གཏོང་ཁང་གིས་མི་གཅིག་ཡིན་པའི་དཔང་ཡིག་འབྲི་དགོས་པར་མ་ཟད། ཐེམ་ཐོའི་དེབ་དང་། ཐོབ་ཐང་ལག་ཁྱེར་གྱི་མ་དེབ། ཚུན2གྱི་རྒྱབ་རས་དམར་པོའི་འདྲ་པར་གསུམ་བཅས་ཁྱེར་ནས་གཉེན་སྒྲིག་ཐོ་འགོད་ལག་ཁྱེར་གསབ་ལེན་བྱས་ཆོག
(བཞི) གཉེན་སྒྲིག་ཐོ་འགོད་བྱེད་དུས་བེད་སྤྱོད་པའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས15ཡིན་ན། གཉེན་སྒྲིག་ལག་ཁྱེར་དང་ཐེམ་ཐོ། འདོན་ཐེངས་གཉིས་པའི་ཐོབ་ཐང་ལག་ཁྱེར་བཅས་ཀྱི་མ་ཡིག་དང་། ཚུན་གཉིས་ཀྱི་རྒྱབ་རས་དམར་པོའི་འདྲ་པར་གསུམ་བཅས་འཁྱེར་ཡོང་ན་གཉེན་སྒྲིག་ཐོ་འགོད་ལག་ཁྱེར་གསབ་ལེན་བྱས་ཆོག
(ལྔ། )དངོས་ཞབས་དམག་མིའམ་ཡང་ན་ལས་བསྒྱུར(དམག་ཁོངས་ནས་ཕྱིར་འཐེན་དང་དམག་ལོག)དམག་མིས་གཉེན་སྒྲིག་བྱེད་སྐབས་དམག་དཔོན་གྱི་ལག་ཁྱེར་དང་། ཧྲེ་ཀོན་དམག་མིའི་ལག་ཁྱེར་སྤྱད་དེ་ཐོ་འགོད་བྱས་རིགས། ད་ཡོད་ཀྱི་གཉེན་སྒྲིག་ལག་ཁྱེར་དང་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་འཁྱེར་སྟེ་ཐེམ་ཐོ་གནས་སའི་དམངས་སྲིད་སྡེ་ཁག་ཏུ་གཉེན་སྒྲིག་ལག་ཁྱེར་གསར་པ་གསབ་ལེན་བྱས་ཆོག
གསུམ། གཉེན་སྒྲིག་ཐོ་འགོད་ལག་ཁྱེར་གསབ་ལེན་བྱེད་མི་ཆོག་པའི་རིགས།
(གཅིག)དོ་བདག་གིས་གཉེན་སྒྲིག་ཐོ་འགོད་བྱས་ཟིན་པ་དང་། གཉེན་སྒྲིག་གི་གནས་ཚུལ་དེ་བཟའ་ཚང་ཁ་བྲལ་བའམ་བཟའ་ཟླ་འདས་པའི་དབང་གིས་འགྱུར་ལྡོག་བྱུང་རིགས་ལ་གཉེན་སྒྲིག་ལག་ཁྱེར་གསབ་སྤྲོད་བྱས་མི་ཆོག
(གཉིས)དོ་བདག་གིས་བཟའ་ཚང་ཁ་བྲལ་རྒྱུའི་ཐོ་འགོད་བྱས་ཟིན་ཞིང་། གཉེན་སྒྲིག་སླར་གསོ་བྱས་ཏེ་འགྱུར་ལྡོག་བྱུང་རིགས་ལ་བཟའ་ཚང་ཁ་བྲལ་ བའི་ལག་ཁྱེར་གསབ་སྤྲོད་བྱ་རྒྱུ་མིན། རེ་ཞུའི་ཆ་རྐྱེན་འཛོམས་པའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་ལས་བྱེད་ལས་བཟོ་ཚོས་ངེས་པར་དུ་སྤྱི་ལོ2024ལོའི་ཟླ12པའི་ཟླ་མཇུག་གོང་དུ་གོང་གསལ་གྱི་བླང་བྱ་གཞིར་བཟུང་འབྲེལ་ཡོད་དཔྱད་ཡིག་གྲ་སྒྲིག་བྱས་ཏེ་འདམ་གཞུང་རྫོང་དམངས་ཕན་ཞབས་ཞུ་ལྟེ་གནས(གཉེན་སྒྲིག་ཐོ་འགོད་སྐར་ཁུང)སུ་གསབ་སྒྲུབ་དང་གསབ་ལེན་གྱི་འགྲོ་ལུགས་གཉེར་བར་འགྲོ་དགོས། གཉེན་སྒྲིག་ཐོ་འགོད་ནི་ཁྱེད་རང་གི་ཁེ་ཕན་དངོས་དང་འབྲེལ་བ་ཡོད་པས་གཉེན་སྒྲིག་ལག་ཁྱེར་ཉར་ཚགས་ཡག་པོ་བྱས་ཏེ་དགོས་མེད་ཀྱི་རྙོག་དྲ་མི་ཡོང་བ་བྱེད་དགོས། དེ་དོན་ཆེད་དུ་བརྡ་ཐོ་འདི་བཏང་བ་ཡིན།
འདམ་གཞུང་རྫོང་གི་གཉེན་སྒྲིག་ཐོ་འགོད་ལྟེ་གནས་ཀྱི་བློ་འདྲིའི་ཁ་པར། 13298901290
འདམ་གཞུང་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུད་ནས།
2024ལོའི་ཟླ་11ཚེས་21ཉིན་ལ།
来源:县民政和退役军人事务局、县编译局
编辑:巴珍
复审:朗色赤列
终审:唐勋
投稿邮箱:dxxcb6112245@163.com